མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མི་མང་གིས་བསམ་ཚུལ་ཙམ་བཤད་པར་ཡང་ཞེད་སྣང་སྐྱེ་དགོས་ན། དེ་ནི་དམངས་གཙོའི་ལམ་སྲོལ་ཉམས་ཆག་ཕྱིན་པའི་རྟགས་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དཔལ་འབྱོར་དུས་བབ་ཀྱི་གསར་འགོད་པ་ལྕམ་ཨ་མར་ཊ་ཡ་སིན་ (Charmy Harikrishnan)ལགས་ཀྱིས། རྒྱ་གར་གྱི་དཔལ་འབྱོར་རིག་པའི་མཁས་པ་སྐུ་ཞབས་ཨ་མར་ཊ་ཡ་སིན་ལགས་སུ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིའི་སྲིད་བྱུས་དང་། ད་ལྟའི་རྒྱ་གར་གྱི་དངུལ་ལོ་གསར་བརྗེའི་སྲིད་བྱུས་སོགས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཞིག་འདིར་བོད་སྒྱུར་བྱས་ཡོད།

དཔལ་འབྱོར་རིག་པ་བ་སྐུ་ཞབས་ཁིན་ནི་ཐཱ་ཨེ་རའོ་ (Kenneth Arrow) ལགས་སྐུ་གཤེགས་རྗེས། ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་སྐུ་ཞབས་ཨ་མར་ཊ་ཡ་སིན་ (Amartya Sen) ལགས་ཀྱིས་ཆུ་ཚོད་ཁ་ཤས་རིང་གསར་འགོད་པར་ཁ་བརྡ་བྱས་སོང་ལ། སྐུ་ཞབས་ཨེ་རའོ་ལགས་ཀྱི་གསར་གཏོད་རང་བཞིན་གྱི་མཛད་རྗེས་དག་གིས་སྐུ་ཞབས་སིན་ལགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་འདུག

༡༩༧༠ ལོར་སྐུ་ཞབས་སིན་ལགས་ཀྱིས་<<སྤྱི་ཚོགས་བདེ་དོན་དང་ཐུན་མོང་གི་འདམ་ག>><<Collective Choice and Social Welfare>>ཞེས་པའི་དཔེ་དེབ་ཅིག་འགྲེལ་སྤེལ་བྱས་ཡོད་པ་ལྟར། ཁོང་གིས་ཆེས་ཐོག་མའི་བརྩམས་ཆོས་དེའི་སྐོར་ལ་སྐབས་དེར་ཕྱིར་དྲན་བྱས་དོན། “བརྩམས་ཆོས་དེའི་ནང་ང་རང་གི་བསམ་གཞིག་གཙོས་པའི་ཞིབ་འཇུག་གི་རྒྱུ་ཆ་མང་པོ་ཞིག་བསྡུ་ལེན་བྱས་ཡོད།” ཟེར།

རྒྱ་གར་དཔལ་འབྱོར་དུས་བབ་གསར་ཁང་ (The Economic Times) གི་གསར་འགོད་པ་ལྕམ་ཆར་མེ་ཧ་རེ་ཀ་རེ་ཤཱ་ནན་ (Charmy Harikrishnan) ལགས་ཀྱི་བཅར་འདྲིའི་སྐབས། དགུང་ལོ་ ༨༣ ཡིན་པའི་སྐུ་ཞབས་སིན་ལགས་ཀྱིས། དེང་སྐབས་རྒྱ་གར་ནང་འབྱུང་བཞིན་པའི་འཇིགས་སྣང་རང་བཞིན་ཅན་གྱི་གླེང་ཕྱོགས་གསར་བ་ཞིག་སྟེ། རྒྱ་གར་གཞུང་གིས་ཇི་ཧིན་རྡི་ཊི་ཝ་སློབ་གྲྭ་ (Hindutva school)དང་འབྲེལ་འདྲེས་ཆེ་བའི་མི་ཞིག་ཇི་ལྟར་ན་ལེནྡྲ་གཙུག་ལག་སློབ་གཙོར་བསྐོ་བཞག་བྱས་པའི་སྐོར་དང་། གཙུག་ལག་སློབ་ཆེན་ཁག་རྒྱུ་མཚན་ཅིའི་ཕྱིར་ཉེན་ཁ་ཆེན་པོ་ཞིག་གི་འོག་གནས་ཡོད་པ། དེ་བཞིན། ང་ཚོས་ཅིའི་ཕྱིར་དབུགས་འགག་བཞིན་པའི་སྨྲ་བརྗོད་རང་དབང་བརྩོན་ལེན་བྱེད་དགོས་པའི་སྐོར་སོགས་བརྗོད་ཡོད།

༡༩༧༠ ལོར་ཁྱེད་རང་གི་དཔེ་དེབ་<<སྤྱི་ཚོགས་བདེ་དོན་དང་ཐུན་མོང་གི་འདམ་ག་>><<Collective Choice and Social Welfare>>ཞེས་པ་འགྲེམ་སྤེལ་བྱས་རྗེས། འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་པ་རེད། ཁྱེད་རང་ལ་ཨ་རིའི་སྲིད་འཛིན་ཊོ་ནལ་ཌི་ཊི་རུམ་ཕིའི་དུས་རབས་འདི་ལ་ལྟ་ཚུལ་གང་འདྲ་ཡོད།

སྐབས་དེའི་བདག་གི་དཔེ་དེབ་དེ་སྤྱི་ཚོགས་ཀྱི་གཞི་རྩའི་སྲིད་ཇུས་དང་སྤྱི་ཚོགས་དཔྱད་ཞིབ། མི་མང་གི་ལྟ་ཚུལ་དང་སེམས་འཚུབ་ཐད་ཀྱི་རྩོད་གླེང་དང་འབྲེལ་བ་དམ་པོ་ཡོད། འོན་ཀྱང་གཅིག་བྱས་ན། སྐབས་དེའི་ང་རང་གི་ཞིབ་འཇུག་གྲུབ་འབྲས་དང་། མི་མང་གིས་བཏོན་པའི་རྒྱུ་མཚན་མང་པོ་ཞིག་དུས་ཀྱི་འགྱུར་འགྲོས་ཀྱི་དབང་གིས་ད་ལྟ་རང་བཞིན་གྱིས་དགོས་མེད་ཆགས་ཡོད་ཀྱང་སྲིད། སྤྱི་ཚོགས་ཀྱིས་བཏོན་པའི་རྒྱུ་མཚན་མང་པོ་ཞིག སྐབས་དེའི་མི་མང་གི་སེམས་ཁྲལ་དང་འབྲེལ་བའི་དངོས་ཡོད་གནས་ཡིན་སྲིད། གང་ལྟར། ཕྱོགས་ཡོངས་ནས་མི་མང་གི་བསམ་ཚུལ་མ་འདྲ་བ་མང་པོར་ཞིབ་འཇུག་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སྐུ་ཞབས་ཊི་རུམ་ཕིའི་གཏམ་བརྗོད་མང་པོ་ཞིག་དོན་དངོས་མ་རེད། དངོས་ཡོད་གནས་ཚུལ་མང་པོ་ཞིག་ལ་འཁྱོག་བཤད་བྱས་ཡོད་ཀྱང་། གནད་དོན་དེའི་ཐད་ཕྱི་གསལ་ནང་གསལ་གྱི་གྲོས་མོལ་ཞིག་ཡོང་ཐུབ་ཡོད་པ་མ་རེད། དེའི་ནང་ཨ་རིའི་དཔལ་འབྱོར་གནས་སྟངས་དང་ལས་མེད་ཀྱི་དཀའ་རྙོག་སོགས་ཚུད་ཡོད། མི་མང་པོ་ཞིག་གིས་སྒྲིག་སྲོལ་དང་འབྲེལ་བའི་འཁྱོག་བཤད་མང་པོ་ཞིག་ལ་ཡིད་ཆེས་བྱས་འདུག དབྱིན་ཇི་ཡུ་ཡོབ་སྒྲིག་ཁོངས་ནས་ཕྱིར་འབུད་དུས་ཀྱང་གནད་དོན་དེ་དང་གཅིག་མཚུངས་བྱུང་ཡོད།

ད་ལྟ་རྒྱ་གར་ནང་དུའང་དོན་དངོས་མ་ཡིན་པའི་གནས་ཚུལ་མང་པོ་འབྱུང་བཞིན་འདུག་སྟབས། གནད་དོན་དེའི་ཐད་ང་ལ་སེམས་ཁྲལ་ཡོང་གི་འདུག ལྷག་པར་དུ་མི་མང་གིས་སོ་སོའི་བསམ་ཚུལ་འདོན་པའི་བློ་སྤོབས་དང་རང་དབང་དེ་ཙམ་མེད་པའི་ཐད་ང་ལ་སེམས་འཚུབ་ཆེན་པོ་ཡོང་གི་འདུག རྒྱ་གར་ནང་སྨྲ་བརྗོད་རང་དབང་ཉམས་རྒུད་དུ་འགྲོ་བཞིན་པ་ཧ་ཅང་མངོན་གསལ་རེད།

ཁྱེད་རང་རྒྱ་གར་གྱི་དངུལ་ལོ་གསར་བརྗེའི་ལས་འགུལ་ཐད་བསམ་ཚུལ་ག་རེ་ཡོད།

དངུལ་ལོ་གསར་བརྗེའི་ཐད་ང་ལ་དམིགས་གསལ་བསམ་ཚུལ་གང་ཡང་མེད་མོད། རྒྱ་གར་གཞུང་གིས་དངུལ་རྙིང་བརྒྱ་ཆ་ ༨༦ ལྷག་བཀག་སྡོམ་བྱས་ཏེ། དངུལ་མང་པོ་ཞིག་འཐོབ་པར་རེ་འདུན་བཅངས་པ་དེ་ནི་བསམ་བློ་གཏོང་སྟངས་ཡ་མ་བརླ་ཞིག་རེད།

ཐོག་མར་རྒྱ་གར་གཞུང་ཕྱོགས་ནས་དངུལ་ལོ་གསར་བརྗེའི་དགོས་དམིགས་གཙོ་བོ་ནི། ལྐོག་ཟ་རུལ་སུངས་འགོག་ཐབས་ཤིག་ཡིན་སྐོར་བཤད་ཀྱང་། རྒྱ་གར་ནང་དངུལ་རྐྱང་གིས་ནག་ཚོང་གཉེར་མཁན་བརྒྱ་ཆ་ ༦ ནས་ ༧ ཙམ་མ་གཏོགས་མེད་སྟབས། ལྟོས་ཚོད་ཀྱིས་ལས་འགུལ་དེར་གྲུབ་འབྲས་གང་ཡང་འབྱུང་མི་སྲིད་པ་ལྟ་བུ་ཡིན་ཡང་། དཔལ་འབྱོར་ཁེ་ལས་པ་ཚོར་མཚོན་ན། དེ་ནི་ཁོ་ཚོས་དངུལ་ལོ་གསར་བརྗེ་དང་གསོག་འཇོག་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཆགས་ཡོད།

དངུལ་ལོ་གསར་བརྗེའི་ལས་འགུལ་དེས་མི་མང་དཀྱུས་མའི་འཚོ་བར་བརྡབ་གསིག་ཆེན་པོ་བཏང་ཡོད། དཔེར་ན། ཚོང་པ་ཚོས་སྔོ་ཚལ་དང་ཉ་རིགས། བཟའ་འབྲུ་སོགས་ཉོ་འཚོང་བྱེད་པ་ལྟ་བུ་རེད། དངུལ་ལོ་གསར་བརྗེའི་ལས་འགུལ་དེས་ལྐོག་ཟ་རུལ་སུངས་འགོག་པར་གྲུབ་འབྲས་འཐོན་མི་སྲིད་པ་མངོན་གསལ་ཆགས་རྗེས། དངུལ་ལོ་གསར་བརྗེ་ཡི་དགོས་དམིགས་གཙོ་བོ་ལག་དངུལ་གཏོང་ལེན་གྱི་དཔལ་འབྱོར་འཚོལ་སྒྲུབ་ཐོག་ཁ་བསྒྱུར་བ་ལྟ་བུ་རེད།

ལག་དངུལ་གཏོང་ལེན་མི་ཆོག་པའི་དཔལ་འབྱོར་འདུ་འགོད་འགྲོ་སྟངས་དེ་ལས་དོན་གལ་ཆེན་ཞིག་ཁྱོན་ནས་མ་རེད། གལ་སྲིད་ལག་དངུལ་གཏོང་ལེན་མི་ཆོག་པའི་དཔལ་འབྱོར་འདུ་འགོད་འགྲོ་སྟངས་ཡག་པོ་ཞིག་བྱུང་བ་ཡིན་ནའང་། དེས་གློ་བུར་དུ་རྒྱལ་ཁབ་དང་མི་མང་གི་དཔལ་འབྱོར་འཕོ་འགྱུར་ལ་ཕན་ཐོགས་པ་ཁག་པོ་རེད།

རྒྱ་གར་གྱི་གྲོང་དང་གྲོང་རྡལ་མང་པོའི་ནང་ད་དུང་དངུལ་ཁང་མེད་པ་མ་ཟད། དངུལ་ལོ་བརྒྱུད་གཏོང་གི་འཕྲུལ་ཆས་ཀྱང་ཡར་རྒྱས་ཕྱིན་མེད། མི་འབོར་གྱི་བཞི་ཆ་གཅིག་ལྷག་ཡིག་རྨོངས་བ་ཡིན་པའི་རྒྱལ་ཁབ་ཅིག་ལ་མཚོན་ན། དེ་ནི་དཔལ་འབྱོར་འདུ་འགོད་ཀྱི་དཀའ་རྙོག་ཆེན་པོ་ཞིག་རེད། ལྐོག་ཟ་རུལ་སུངས་བཀག་སྡོམ་བྱེད་ཐབས་ཡིན་ན་འདྲ་ལ། ལག་དངུལ་གཏོང་ལེན་མེད་པའི་དཔལ་འབྱོར་འཚོལ་སྒྲུབ་ཡིན་ནའང་འདྲ། དེ་ནི་ཡར་རྒྱས་ཀྱི་མདུན་སྐྱོད་ཅིག་རེད་ཅེས་ཁུངས་སྐྱེལ་ཐུབ་པ་ཁག་པོ་རེད།

མི་མང་གིས་ནམ་རྒྱུན་དངུལ་ལོ་གསར་བརྗེ་ལ་བརྟེན་ཏེ། རྒྱལ་ནང་གི་ཐོན་སྐྱེད་སྤྱི་འབོར་ལ་གྱོང་གུད་ཐེབས་ཀྱི་ཡོད་སྐོར་བཤད་ཀྱིན་ཡོད་ལ། དེ་ནི་སེམས་ཁྲལ་ཆེན་པོ་ཞིག་ཀྱང་ཆགས་ཡོད། དོན་དངོས་སུ་དབུལ་ཕོངས་མི་མང་གི་ཡོང་སྒོ་འགག་པར་བརྟེན་ཏེ། རྒྱལ་ནང་གི་ཐོན་སྐྱེད་སྤྱི་འབོར་ཡང་ཉམས་ཆག་འགྲོ་བཞིན་ཡོད། མི་མང་དབུལ་བོ་དག་ནི་ཚོང་ལས་ཆུང་ཚགས་གཉེར་མཁན་དང་ཡོང་འབབ་ཉུང་བའི་ཁྱིམ་བདག་ཚོ་རེད། ཁོ་ཚོ་ནི་ཐེངས་འདིའི་ལས་འགུལ་ཁྲོད་གྱོང་གུད་ཐེབས་ས་གཙོ་བོ་ཆགས་ཡོད། རྒྱལ་ནང་གི་ཐོན་སྐྱེད་སྤྱི་འབོར་ཉམས་ཆག་ཕྱིན་པར་བརྟེན་ཏེ། མི་མང་ལ་དཔལ་འབྱོར་དཀའ་ངལ་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད།

གུ་ཡངས་རང་དབང་གི་འབོད་སྒྲར་བཀག་སྡོམ་བྱེད་ཀྱིན་འདུག་གམ།

གུ་ཡངས་ཞེས་པའི་ཐ་སྙད་དེ་ལ་འགྲེལ་བཤད་གསལ་བོ་ཞིག་མེད་སྟབས། ངས་ཐ་སྙད་དེ་བཀོད་སྤྱོད་བྱེད་རྩིས་མེད། ཡིན་ནའང་གུ་ཡངས་དང་རྙིང་ཞེན་གང་ཡིན་ཡང་། གཞུང་གི་བཀའ་ཁྱབ་འོག་མི་མང་གི་འབོད་སྒྲ་བཀག་སྡོམ་བྱེད་སྲིད་ལ། སྤྱི་མང་གི་མངོན་འདོད་དང་མི་སྒེར་གྱི་བསམ་ཚུལ་བཀག་སྡོམ་བྱེད་པ་ནི། ཆབ་སྲིད་ལས་དོན་ཁྲོད་ཀྱི་དཀའ་རྙོག་ཆེ་ཤོས་ཤིག་ཡིན་པ་མ་ཟད། དེས་དམིགས་བསལ་དམངས་གཙོའི་ལམ་ལུགས་ལའང་བཀག་རྒྱ་བཟོ་བཞིན་ཡོད།

བརྗོད་གཞི་ཁ་ཤས་ཐོག་རང་དབང་གིས་སྐད་ཆ་བཤད་མི་ཆོག་པ་དེ་ནི། རྒྱ་གར་ནང་འབྱུང་བཞིན་པའི་འཇིགས་སྣང་གི་གླེང་ཕྱོགས་གསར་བ་ཞིག་ཆགས་ཡོད། གཙུག་ལག་སློབ་ཆེན་ཁག་ཏུ་དགེ་སློབ་ཚོའི་སྨྲ་བརྗོད་འགོག་པའི་སྒྲིག་ཁྲིམས་བཟོ་བཞིན་ཡོད་སྟབས། དགེ་སློབ་ཚོས་བརྗོད་གཞི་ཁ་ཤས་ཐོག་རང་གི་བསམ་ཚུལ་འདོན་མི་ཐུབ་པ་ཆགས་ཡོད། གལ་སྲིད་དགེ་སློབ་ཚོས་གནད་དོན་ཁ་ཤས་ཐོག་སོ་སོའི་བསམ་ཚུལ་འདོན་པ་དང་། ཡང་ན། གནད་དོན་དེའི་ཐོག་གཏམ་བཤད་སྤེལ་མཁན་གདན་འདྲེན་ཞུས་ན། ཁོ་ཚོའི་ལས་གནས་ཤོར་སྲིད་པའི་ཉེན་ཁ་ཡོད།

ང་སྔོན་ཆད་རང་རྗོ་ཌི་པུར་རྗེ་ན་རེན་ཝེ་ཡ་ས་ (Jai Narain Vyas) གཙུག་ལག་སློབ་ཆེན་དུ་ཡོད་སྐབས། ངའི་ལས་གྲོགས་དགེ་རྒན་ཆེན་མོ་ཞིག་གིས་ནེ་རུ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཱི་ནོན་ (Nivedita Menon) ལགས་སློབ་གཉེར་ཚོགས་འདུ་ཞིག་ལ་གདན་འདྲེན་ཞུས་པར་བརྟེན་ཏེ། རྗེས་སུ་ཁོ་རང་ལས་གནས་གནས་དབྱུང་བཏང་བ་རེད། ཕྱོགས་གཅིག་ནས་སྤྱི་ཚོགས་ནང་སྨྲ་བརྗོད་རང་དབང་གི་གནད་དོན་དེ་འདྲ་འབྱུང་བཞིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་གཞུང་ཕྱོགས་ནས་ད་དུང་འཛམ་གླིང་རང་བཞིན་གྱི་གཙུག་ལག་ཆེན་མང་པོ་གསར་འཛུགས་བྱེད་འདོད་ཡོད་ལུགས་བཤད་ཀྱིན་ཡོད། དེ་ཁ་ནས་བཤད་པ་དང་ལག་ལེན་དངོས་ཆ་མི་མཚུངས་པ་ཞིག་མ་རེད་དམ།

རྟོགས་དཀའ་བ་ཞིག་ནི། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ནང་ཡོད་པའི་འཛམ་གླིང་རང་བཞིན་གྱི་གཙུག་ལག་སློབ་ཆེན་ཚང་མ་རང་དབང་དང་རང་སྐྱོང་གི་གནས་བབ་འོག་ཚུགས་ཡོད་པ་དེ་རེད། སྤྱིར་སྲིད་གཞུང་ཁག་གིས་ཤེས་ཡོན་སློབ་གསོའི་ཐེབས་རྩ་འཛུགས་དགོས་པ་ནི་བསྙོན་མེད་ཡིན་ནའང་། ཁོ་ཚོས་གཙུག་ལག་སློབ་ཆེན་དང་མཐོ་སློབ་ཁག་གི་འཛིན་སྐྱོང་བྱེད་ཕྱོགས་ལ་བཀའ་བཀོད་གཏོང་མི་ཆོག གཙུག་ལག་རང་སྐྱོང་ནི་རྒྱལ་ཁབ་ཅིག་གི་ཤེས་ཡོན་སློབ་གསོའི་འཕེལ་རྒྱས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན།

སྲིད་གཞུང་གིས་འཛམ་གླིང་རང་བཞིན་གྱི་གཙུག་ལག་སློབ་ཆེན་མང་པོ་གསར་འཛུགས་བྱ་རྒྱུ་གསལ་བསྒྲགས་མ་བྱས་སྔོན་ལ། ཁོ་ཚོས་རང་རྒྱལ་དུ་ད་བར་འཛམ་གླིང་རང་བཞིན་གྱི་གཙུག་ལག་སློབ་གཉེར་ཁང་དེ་འདྲ་འཛུགས་མ་ཐུབ་པའི་རྒྱུ་རྐྱེན་ལ་བསམ་གཞིག་བྱེད་དགོས་པ་རེད་སྙམ། དེ་སྔའི་རྒྱ་གར་གཞུང་འཛིན་དག་གིས་ཀྱང་གཙུག་ལག་སློབ་ཆེན་གྱི་རང་སྐྱོང་ལ་རྡོག་རོལ་བཏང་ཡོད་ཀྱང་། ད་ལྟའི་གཞུང་གིས་གཙུག་ལག་སློབ་ཆེན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག

ངས་ན་ལེནྡྲ་གཙུག་ལག་སློབ་ཆེན་ནང་བྱང་བའི་རང་གི་མྱོང་བ་ཙམ་བཤད་ན། གཞུང་ཕྱོགས་ནས་ ‘ང་ཚོས་འགྲོ་གྲོན་གཏོང་གི་ཡོད་སྟབས། ང་ཚོས་བཀའ་བཀོད་ཀྱང་གཏོང་གི་ཡོད་’ ཅེས་བསམ་ཚུལ་འདོན་གྱི་འདུག

སིང་གྷ་པོར་གྱི་ཕྱི་སྲིད་བློན་ཆེན་ཟུར་བ་དང་བདག་གི་ལས་ཚབ་སློབ་གཙོ་ཆེན་མོ་སྐུ་སྐབས་རྗོར་རྗི་ཡའོ་ (George Yeo) ལགས་ཀྱིས་སྔོན་ཆད་ན་ལེནྡྲ་གཙུག་ལག་རང་སྐྱོང་ཡར་རྒྱས་ཡོང་ཐབས་སུ་ལས་ཀར་ཧུར་བརྩོན་བྱས་ཀྱང་། མཐར་རྒྱ་གར་གཞུང་གིས་རྡོག་རོལ་བཏང་བ་རེད། སྔོན་ཆད་དང་བསྡུར་ན། ད་ཆར་རྒྱ་གར་གཞུང་གིས་གཙུག་ལག་སློབ་ཆེན་ཁག་གི་ལས་དོན་ལ་རྟོག་ཞིབ་བྱས་པ་བརྒྱུད་དེ། ཐེ་ཇུས་བྱེད་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག

མི་མང་གིས་ན་ལེནྡྲ་གཙུག་ལག་སློབ་ཆེན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་མང་པོ་གནས་དབྱུང་གཏོང་བཞིན་པར་སེམས་ཚབ་ལང་གི་ཡོད་ལ། ང་རང་ཡང་ན་ལེནྡྲ་གཙུག་ལག་སློབ་ཆེན་གྱི་ཤེས་ཡོན་ལྷན་ཚོགས་ནས་ཕྱིར་འཕུད་བཏང་བ་རེད། ཡིན་ཡང་དེ་གནད་འགག་ཆེན་པོ་མ་རེད། ངས་སྔོན་ཆད་ན་ལེནྡྲ་གཙུག་ལག་སློབ་ཆེན་གྱི་ཤེས་ཡོན་ལྷན་ཚོགས་ལ་ལས་དོན་དེ་མུ་མཐུད་བསྒྲུབ་ཐུབ་ཀྱི་མི་འདུག་ཅེས་བཤད་ཡོད། རྒྱུ་མཚན་ནི། ངས་སྔོན་ཆད་སློབ་གསོའི་ལས་དོན་མང་པོ་ཞིག་བསྒྲུབས་ཡོད་པ་དང་། ད་དུང་མུ་མཐུད་དུ་བསྒྲུབ་དགོས་པའི་ལས་འཕྲོ་མང་པོ་ཞིག་ལྷག་ཡོད།

གང་ལྟར། ལྷན་ཚོགས་དེའི་ནང་ད་དུང་སློབ་གསོའི་ལས་དོན་ལ་འབད་བརྩོན་གནང་མཁན་སྐུ་ཞབས་ཝང་གྷུན་ཝུ་ (Wang Gungwu) དང་སུ་གྷ་ཊ་བྷོ་སི་ (Sugata Bose)། སྐུ་ཞབས་མག་ཧ་ན་ཌ་ཌི་སེ་ (Meghnad Desai) དང་ཊན་སིན་སིན་ (Tansen Sen) སོགས་སློབ་སྟོན་པ་མང་པོ་ཡོད་པ་དང་། ཁོ་ཚོ་ཚང་མ་ན་ལེནྡྲ་གཙུག་ལག་སློབ་ཆེན་གྱི་བྱུང་རབས་ལོ་རྒྱུས་ཁྲོད་ཁྱད་དུ་འཕགས་པའི་ཆེད་མཁས་པ་རྐྱང་རྐྱང་རེད།

ཁྱེད་རང་ན་ལེནྡྲ་གཙུག་ལག་སློབ་ཆེན་ནས་ཕྱིར་འཕུད་དོན་ཅི་རེད།

ཁྱེད་ཀྱིས་ང་རང་སློབ་སྤྱི་ནས་ཕྱིར་བུད་པའི་ཐག་ཆོད་དེ་ཟེར་བ་ཡིན་ནམ། ན་ལེནྡྲར་གཞུང་གི་རྒྱབ་སྐྱོར་འཐོབ་རྒྱུ་ཁག་པོ་ཆགས་ཡོད་སྟབས། ངས་ལས་ཀ་ནས་དགོངས་པ་མི་ཞུ་ཐབས་མེད་རེད། གལ་ཏེ་ངས་དགོངས་པ་མ་ཞུས་ན། གཞུང་ཕྱོགས་ནས་ང་རང་མུ་མཐུད་དགྲ་ཟླར་འཛིན་གྱི་རེད། ངས་དགོངས་པ་ཞུས་པའི་རྒྱུ་མཚན་གཞན་ཞིག་ནི། གལ་སྲིད་དགོངས་པ་མ་ཞུས་ན། སྐུ་ཞབས་རྗོར་རྗི་ཡའོ་ལགས་སློབ་སྤྱིར་འདུག་ཐུབ་ཀྱི་ཡོད་པ་མ་རེད། གནད་དོན་དེའི་ཐད་ལ་ངས་ཉིན་མཚན་མང་པོར་བསམ་བློ་བཏང་བ་ཡིན། ངས་སྐུ་ཞབས་ཡའོ་ལགས་སློབ་སྤྱིར་འོས་པའི་གྲོས་གཞི་བཏོན་པ་དེར་གཞུང་ཕྱོགས་ནས་མོས་མཐུན་བྱུང་ཡང་། དོན་དངོས་སུ་གཞུང་ཕྱོགས་ནས་ཁོ་རང་ཚོའི་སྣང་བར་འགྲོ་བ་དང་། ཧིན་ཌི་ཊ་ཝ་སློབ་གྲྭར་འབྲེལ་འདྲེས་ཆེ་བའི་མི་ཞིག་སློབ་སྤྱིར་བསྐོ་འདོད་ཡོད་པ་ལྟར། ད་ཆར་ཁོ་ཚོས་འདོད་པའི་མི་དེ་འདྲ་ཞིག་ན་ལེནྡྲ་གཙུག་ལག་སློབ་སྤྱིར་བསྐོ་བཞག་བྱས་ཡོད་པ་རེད།

རྒྱ་གར་གྱི་དཔལ་འབྱོར་བརྟན་འཇགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་རེད། གཞུང་འཛིན་དཔོན་རིགས་ཚོས་དཔལ་འབྱོར་བརྟན་འཇགས་ལ་དོ་སྣང་བྱས་མྱོང་མེད་སྟབས། དཔལ་འབྱོར་སྲིད་ཇུས་བཟོ་མཁན་ཚོར་ཡང་མཐོང་དང་ཆ་འཇོག་གང་ཡང་ཡོད་པ་མ་རེད། ད་ཆར་དེ་ལས་ཀྱང་ཐལ་དྲགས་པའི་སྣང་ཚུལ་ཞིག་ནི། གཞུང་ཕྱོགས་ནས་དམིགས་བསལ་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་ལྟ་སྐྱོང་ཐད་ཀྱི་འདྲ་མཉམ་མིན་པའི་གནས་སྟངས་སྣང་མེད་དུ་བཏང་ཡོད་པ་དེ་རེད།

མི་མང་གིས་ཁྱེད་རང་ད་ལྟའི་དཔལ་འབྱོར་འདུ་འགོད་ལ་ཁ་གཏད་གཅོག་མཁན་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་ཀྱིན་པར་བསམ་ཚུལ་ཅི་ཡོད།

མི་གཉིས་གསུམ་ཞིག་གིས་ང་ལ་ཁྱེད་རང་དཔལ་འབྱོར་འདུ་འགོད་ལ་ཁ་གཏད་གཅོག་མཁན་རེད་ཟེར་གྱི་འདུག དེ་ནི་ཁོ་ཚོས་ང་ལ་ཁྱེད་རང་ཨ་མར་ཊ་ཡ་སིན་མ་རེད་ཅེས་བཤད་པ་དང་གཅིག་མཚུངས་རེད། མི་མང་གིས་ཤེས་གསལ་ལྟར་ངས་དཔལ་འབྱོར་གོང་སྤེལ་གཏོང་ཕྱོགས་དང་དེའི་གལ་ཆེའི་རང་བཞིན་སྐོར་ལ་རྩོམ་ཡིག་མང་པོ་བྲིས་ཡོད། ངའི་དཔེ་དེབ་གཉིས་པའི་མིང་ལའང་ <<དཔལ་འབྱོར་འཕེལ་རྒྱས་>><<Growth Ecomnomics>>ཞེས་བཏགས་ཡོད། དཔལ་འབྱོར་འཕེལ་རྒྱས་ནི་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་དཔལ་འབྱོར་འདུ་འགོད་ཡག་པོ་མ་བྱས་ན། དཔལ་འབྱོར་འཕེལ་རྒྱས་ཡོང་གི་མ་རེད།

མཐར་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་ལ། ཐོག་མར་ང་ཚོས་དཔལ་འབྱོར་འཕེལ་རྒྱས་དེས་མི་མང་གི་འཚོ་བ་གོང་སྤེལ་གཏོང་ཐུབ་མིན་ལ་ལྟ་དགོས།

སྤྱིར་རྒྱལ་ཁབ་ལ་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་ལྟ་སྐྱོང་། དཔལ་འབྱོར་གོང་སྤེལ་བཅས་ཀྱི་ཐད་མི་མང་ལ་ཞབས་ཞུ་སྒྲུབ་མཁན་ཡོད་པ་རེད། དཔེར་ན། རྒྱ་ནག་ལ་ཆ་མཚོན་ན། རྒྱ་ནག་གཞུང་གིས་མི་མང་ཞབས་ཞུ་དང་དཔལ་འབྱོར་གོང་སྤེལ་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱིན་ཡོད་པ་རེད། དེ་བཞིན། ཉི་ཧོང་དང་སིང་གྷ་པོར་སོགས་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མང་པོས་དེ་ལྟར་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་དེ་དག་གིས་ཕན་ཚུན་གྱི་འཕེལ་རྒྱས་ལ་བལྟས་ཏེ་དཔལ་འབྱོར་འདུ་འགོད་ཀྱི་འཐུས་སྒོ་ཇེ་ཚང་དུ་གཏོང་གི་ཡོད་པ་རེད།

༢༠༠༨ ལོར་གྲོས་ཚོགས་ནང་སྐུ་ཞབས་ཧེ་རིན་མུ་ཁིར་རྗེ་ (Hiren Mukherjee) ལ་རྗེས་དྲན་མཛད་སྒོ་བསྡུས་པའི་གཏམ་བཤད་སྐབས། ཁྱེད་རང་གིས་ང་ཚོ་མཚན་མོར་གཉིད་མི་ཡོང་བའི་གནད་དོན་གྱི་འགག་རྩའི་སྐོར་བཤད་ཡོད་པ་རེད། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་རྗེས་ཀྱི་ད་ལྟ་ཁྱེད་རང་གིས་བསམ་ན། ང་ཚོ་མཚན་མོ་གཉིད་མི་ཡོང་བའི་འགག་རྩ་ག་རེ་རེད།

སྐབས་དེར་མི་མང་དབུལ་བོ་ཚོར་གཞུང་ངོས་ནས་སྤྱི་ཚོགས་བདེ་སྲུང་གི་འགན་ལེན་འཐོབ་ཀྱི་ཡོད་པ་མ་རེད་ལ། དམིགས་བསལ་གྱིས་རྒྱ་གར་ནང་གི་མི་མང་དབུལ་བོ་ཚོར་གཞི་རྩའི་ཤེས་ཡོན་སློབ་གསོ་དང་གཞི་རྩའི་འཕྲོད་བསྟེན་ལྟ་སྐྱོང་རག་གི་མེད་པའི་གནས་སྟངས་ལ་སེམས་ཁྲལ་བྱུང་སོང་། ད་ཆར་དེ་ལས་ལྷག་པའི་མི་མང་གི་བསམ་ཚུལ་ལ་འཇིགས་སྣང་གི་གླེང་ཕྱོགས་གསར་བ་ཞིག་བསླེབས་ཡོད། དེ་ནི་ཉེ་ལམ་ནས་བཟུང་ཆབ་སྲིད་ལས་འགུལ་བ་ཚོས་རྒྱལ་ཁབ་ཀྱི་ངོ་ལོག་པའི་ཉེས་མིང་བཏགས་ཏེ། གཅར་རྡུང་གཏང་སྲིད་པའི་འཇིགས་སྣང་ཞིག་བསླེབས་ཡོད། གནས་སྟངས་དེ་དག་གི་འོག་ནས་ད་ཆར་རྒྱ་གར་གྱིས་དམངས་གཙོའི་འཕེལ་རིམ་ལ་ཚོད་འཛིན་བྱེད་ཀྱིན་འདུག

དམངས་གཙོའི་ལམ་སྲོལ་ནང་གནད་དོན་ག་རེ་ཡིན་ཡང་མི་མང་གིས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་གླེང་སློང་བྱེད་ཆོག་གི་རེད། འོན་ཀྱང་མི་མང་གིས་སོ་སོའི་བསམ་ཚུལ་ཙམ་བརྗོད་པར་ཡང་ཞེད་སྣང་སྐྱེ་དགོས་ཚེ། དེ་ནི་དམངས་གཙོའི་ལམ་སྲོལ་ཉམས་ཆག་ཏུ་ཕྱིན་པའི་རྟགས་ཤིག་རེད། སྤྱིར་མི་མང་གིས་སོ་སོའི་བསམ་ཚུལ་བཤད་པར་ཞེད་སྣང་བྱེད་པར་རྒྱུ་མཚན་གཞན་མང་པོ་ཡོད་སྲིད་ནའང་། གནད་དོན་དེས་དམིགས་བསལ་དམངས་གཙོའི་ལམ་ལུགས་ལག་བསྟར་ལ་དོ་ཕོག་བཟོ་བཞིན་ཡོད་པ་རེད།

རྒྱ་གར་མི་མང་གིས་ད་དུང་རྩོད་གླེང་བྱེད་ཀྱིན་འདུག་གམ།

ལོས་ཡོད་དེ། ང་ཚོས་མུ་མཐུད་རྩོད་གླེང་བྱེད་ཀྱིན་ཡོད། ཡིན་ཡང་ཞེད་སྣང་མེད་པའི་སྒོ་ནས་ང་ཚོས་རྩོད་གླེང་བྱེད་ཐུབ་པར་ངས་རེ་བ་བྱེད་ཀྱིན་ཡོད། གལ་ཏེ་དབྱུག་པ་ཐོགས་པའི་མི་མང་གིས་ཁྱེད་ཀྱི་གཏམ་བཤད་འགོག་པའམ། ཁྱེད་ལ་གྱེན་ལོག་གི་ཉེས་འཛུགས་ཐེབས་པ། ཡང་ན། བརྙན་ཐུང་ནང་ཁྱེད་རང་གི་སྐད་ཆ་རྫུན་བཟོ་བྱེད་པའམ། ཁྱེད་ཀྱིས་རང་ཉིད་རྒྱལ་ཁབ་ཀྱི་ངོ་ལོག་པ་རེད་ཅེས་བཤད་ཀྱི་ཡོད་མེད་ལ་གཟབ་དགོས་པ་བཅས་ཀྱི་གནས་སྟངས་འོག ཕན་ཚུན་བར་རང་དབང་གི་རྩོད་གླེང་ཡོང་རྒྱུ་ནི་ཧ་ཅང་ཁག་ཚོད་རེད།

སྤྱིར་མི་མང་གིས་ཕན་ཚུན་བར་རྩོད་གླེང་འབྱུང་བར་སེམས་ཁྲལ་བྱེད་པར་རྒྱུ་མཚན་གཞན་མང་པོ་ཡོད་སྲིད་ནའང་། ངས་ནི་ང་ཚོ་ཕན་ཚུན་བར་རང་དབང་གི་ཐོག་ནས་བསམ་ཚུལ་བརྗེ་ལེན་ཡོང་བར་རེ་བ་བྱེད་ཀྱིན་ཡོད། ང་ཚོ་ཚང་མ་མཉམ་རུབ་ཀྱི་བསམ་བློའི་སྟོབས་ཤུགས་ནི། ང་ཚོར་བཀག་འགོག་དང་མནར་གཅོད་གཏོང་མཁན་གྱི་བསམ་གཞིག་ལས་ལྷག་གི་ནུས་པ་ཡོད་པར་ངས་ཡིད་ཆེས་བྱེད་བཞིན་ཡོད།

མ་ཡིག་གི་འབྲེལ་ཐག http://economictimes.indiatimes.com/opinion/interviews/democracy-is-damaged-when-people-are-afraid-to-speak-out-amartya-sen/articleshow/57348767.cms?from=mdr

པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

ཆུ་ཚོད་ ༡༤ སྔོན་ལ།
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

ཆུ་ཚོད་ ༡༥ སྔོན་ལ།
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

ཆུ་ཚོད་ ༡༧ སྔོན་ལ།
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist