མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མའི་ཡང་སྲིད་རྒྱ་ནག་གི་ཕྱི་རོལ་དུ་འཁྲུངས་སྲིད་པའི་སེམས་ཚབ།

བོད་ཀྱི་དུས་བབ།
༢༠༡༧/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་དུས་བབ་ཐོག་སྤེལ་བའི་གནས་ཚུལ།

༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཕྱི་སྐྱོད་མཛད་རིམ་ཁག་ལ་རྒྱ་ནག་གཞུང་གིས་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད་སྟབས། མི་འགྱངས་བར་ཏཱ་ལའི་བླ་མ་མཆོག་ཨ་རུ་ན་ཅལ་མོན་རྟ་དབང་དུ་ཕེབས་འཆར་ཡོད་པ་དེར་ཡང་མཁྲེགས་འཛིན་བྱེད་ངེས་རེད། ཨ་རུ་ན་ཅལ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་ཏཱ་ལའི་བླ་མའི་ཡང་སྲིད་འཁྲུངས་ཡུལ་རེད།

གཟའ་ཕུར་བའི་ཉིན་རྒྱ་གར་གྱི་སྲིད་དོན་པ་ཁག་ཅིག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་མོན་རྟ་དབང་དུ་ཕེབས་འཆར་ཡོད་པ་དེས་རྒྱ་དཀར་ནག་བར་གྱི་འབྲེལ་ལམ་ལ་དོ་ཕོག་བཟོ་ངེས་ཡིན་སྐོར་བརྗོད་འདུག ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དེང་རབས་བོད་རིག་པའི་ཞིབ་འཇུག་ཁང་གི་འགན་འཛིན་ལིན་ཞཱོང་མིན་ (Lian Xiangmin) གྱིས་གསར་འགོད་གསལ་བསྒྲགས་ཐོག་མོན་རྟ་དབང་ནི་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བཤད་ཡོད་པ་མ་ཟད། ཁོས་རང་གི་སྐད་ཆར་བདེན་དཔང་ཆེད་རྒྱ་ནག་སྐམ་ས་ཆེན་མོ་དང་མོན་རྟ་དབང་གི་འབྲེལ་ལམ་ལོ་རྒྱུས་ལུང་འདྲེན་བྱས་འདུག

ལིན་ཞཱོང་མིན་གྱིས་བརྗོད་རྒྱུར། “བོད་ཀྱི་དགོན་ཆེན་གསུམ་གྱི་གཅིག་ནི་ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་འབྲས་སྤུངས་དགོན་པ་རེད། སྔོན་ཆད་འབྲས་སྤུངས་དགོན་གྱི་འཛིན་སྐྱོང་འོག་མོན་རྟ་དབང་དགོན་པས་ས་གནས་སྲིད་གཞུང་ལ་ཁྲལ་འཇལ་དགོས་སྟབས། རྟ་དབང་དགོན་པ་དེ་བོད་ཀྱི་ཆ་ཤས་དང་། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན། ” ཞེས་བརྗོད་འདུག

༢༠༠༩ ལོར་༧གོང་ས་ཏཱ་ལའི་བླ་མ་མོན་རྟ་དབང་དུ་ཕེབས་སྐབས། ཁོང་གིས་མོན་རྟ་དབང་ནི་རྒྱ་གར་གྱི་ཆ་ཤས་ཡིན་སྐོར་གསུངས་ཡོད་ཀྱང་། ལིན་ཞཱོང་མིན་གྱིས་ “ ཏཱ་ལའི་བླ་མའི་སྐད་ཆ་དེ་བདེན་པ་མ་རེད། དེ་དོན་དངོས་གཞིར་བཟུང་གིས་བཤད་པ་ཞིག་མ་རེད་” ཅེས་བཤད་འདུག ལིན་ཞཱོང་མིན་གྱི་སྐད་ཆ་དེ་ཆེད་དུ་མི་འགྱངས་བར་ཏཱ་ལའི་བླ་མ་རྟ་དབང་དགོན་པར་ཕེབས་འཆར་ཡོད་པ་དེར་དམིགས་ཏེ་བཤད་པ་ཞིག་རེད།

རྒྱ་གར་གྱི་སྲིད་དོན་པ་ཁག་ཅིག་གིས། “ང་ཚོས་རྒྱ་ནག་ཕྱོགས་ནས་ཏཱ་ལའི་བླ་མའི་ཆིབས་བསྒྱུར་ལ་འགོག་རྐྱེན་བཟོ་བའི་དཀའ་རྙོག་ཡང་བསྐྱར་མཐོང་འདོད་མེད། ཐེངས་འདིར་རྒྱ་གར་རྒྱལ་ཡོངས་ནས་ཏཱ་ལའི་བླ་མ་རྟ་དབང་དགོན་དུ་ཕེབས་བསྒྱུར་གྲ་སྒྲིག་བྱས་ཡོད་སྟབས། རྒྱ་ནག་གི་འགོག་རྐྱེན་དེས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་བཟོ་ངེས་རེད། ” ཅེས་དང་། “ ཆེས་རྣོ་ངར་ལྡན་པའི་རྩོད་གླེང་དེས་རྒྱ་དཀར་ནག་གི་འབྲེལ་ལམ་ཐད་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་བསྙོན་མེད་རེད” ཅེས་ཀྱང་བརྗོད་འདུག

རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་ཆིབས་བསྒྱུར་དེས་རྒྱལ་ཁབ་གཉིས་བར་གྱི་མཐའ་མཚམས་རྩོད་གླེང་དེ་སྔར་བས་མགོ་རྙོག་བཟོ་སྲིད་ཅེས་༧གོང་ས་ཏཱ་ལའི་བླ་མའི་ཆིབས་བསྒྱུར་ལ་ངོ་རྒོལ་བྱས་ཡོད་པ་རེད།

གསར་འགོད་པའི་དྲི་བ་དྲིས་ལན་སྐབས་ལིན་ཞཱོང་མིན་གྱིས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་འཚོལ་འདོད་ཡོད་སྐོར་བཤད་ཡོད། ཏཱ་ལའི་བླ་མ་ཁོང་ད་ལྟ་དགུང་ལོ་ ༨༡ རེད། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཁོང་གི་ཡང་སྲིད་རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་ས་ཁུལ་ཞིག་ཏུ་འཁྲུངས་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་རྒྱ་གར་ནང་གི་བཙན་བྱོལ་བོད་མའི་ས་གནས་སམ། ཡང་ན་མོན་རྟ་དབང་ལྟ་བའི་མཐའ་མཚམས་ཤིག་ཏུ་འཁྲུངས་པར་ཞེད་སྣང་ཡང་བྱེད་ཀྱིན་ཡོད་པ་རེད། ལིན་ཞཱོང་མིན་བརྗོད་རྒྱུར། “ཏཱ་ལའི་བླ་མའི་ཡང་སྲིད་དེ་ཆོས་ལུགས་ཆོ་ག་དང་ཡང་སྲིད་ལམ་ལུགས་གཞི་རྩར་བཟུང་སྟེ་ཐག་གཅོད་བྱེད་དགོས་སྟབས། ཡང་སྲིད་འཚོལ་ཞིབ་ཚོགས་པས་ཁོང་གི་ཡང་སྲིད་དེ་ཁོང་གི་ཕ་ཡུལ་རྒྱ་ནག་ནང་རྙེད་པའི་རེ་བ་བྱེད་ཀྱིན་ཡོད།” ཅེས་བཤད་འདུག

ལིན་ཞཱོང་མིན་གྱིས་ད་དུང་རྒྱ་ནག་ནང་བོད་མི་ས་ཡ་ ༦ ཡོད་པ་དང་རྒྱ་ནག་ཕྱི་ལོགས་སུ་བོད་མི་ ༢༠༠༠༠༠ ཙམ་ལས་མེད་ལུགས་ཀྱང་བཤད་འདུག ལིན་ཞཱོང་མིན་གྱིས་བརྗོད་རྒྱུར། “ད་ལྟའི་བར་ཏཱ་ལའི་བླ་མའི་སྐུ་ཕེང་ ༡༤ བར་ཚང་མ་རྒྱ་ནག་ནང་འཁྲུངས་ཡོད།” ཅེས་བཤད་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་བསྡུ་བསྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese