མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཀྱིས་རང་ཉིད་དང་ཁ་བརྡ་བྱས་མྱོང་ངམ།

བོད་ཀྱི་དུས་བབ།
༢༠༡༧/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

དང་པོ། ཁྱོད་ཀྱིས་རང་ཉིད་དང་ཁ་བརྡ་བྱས་མྱོང་ངམ།

མཚན་གུང་ཁ་ཁུ་སིམ་པའི་དུས་སུ་ཁྱེད་རང་མལ་ཁྲིའི་སྟེང་དུ་ཉལ་ཏེ་རང་ཉིད་དང་ཁ་བརྡ་བྱས་མྱོང་ངམ།

༡༽ རང་ཉིད་ལ་དྲིས་པ་སྟེ། མི་ཚེ་འདིར་ཡང་སྙིང་ཅི་ཞིག་དགོས།

འདི་ནི་དྲི་བ་ཤིན་ཏུ་གལ་ཆེན་ཞིག་ཡིན། ངེས་པར་དུ་རང་ཉིད་ལ་ཞིབ་ཕྲ་འདྲི་དགོས། ཁྱེད་ལ་ཚེ་འདིར་དགོས་པ་དེ་ཡང་སྙིང་ཅི་ཞིག་ཡིན། ཁྱེད་ཀྱི་མི་ཚེའི་དམིགས་ཡུལ་དེ་ཅི་ཞིག་ཡིན། ཁྱེད་ཀྱིས་ཆེས་མཐའ་མར་འཚོ་བ་ཅི་འདྲ་ཞིག་རོལ་རྒྱུར་བསམ་བློ་འཁོར་མྱོང་། འདི་དག་གཞན་ལ་བཤད་མི་དགོས། རང་ཉིད་ལ་ཤོད་དང་དེས་འཐུས་པ་ཡིན།

༢༽ ཁྱེད་ཀྱིས་ད་ལྟ་ཅི་ཞིག་བསྒྲུབ་ཐུབ་ཀྱི་ཡོད།

ཁྱེད་ཀྱིས་རླངས་འཁོར་ཡག་པོ་ཞིག་ཉོ་འདོད་དམ། ཁྱེད་རང་མཐོ་རིམ་སྤྲོ་སྐྱིད་ཁང་དུ་འདུག་འདོད་དམ། ཁྱེད་རང་དབང་གིས་འཛམ་གླིང་ཡོངས་སུ་ལྗོངས་རྒྱུར་ཕེབས་འདོད་དམ། ཏན་ཏན་དྲན་གྱི་ཡོད་ངེས། འོ་ན་ཁྱེད་ཀྱིས་ཅིའི་ཕྱིར་དེ་ཚོ་མི་བསྒྲུབ་པ་ཡིན། མི་ལ་ལས་དེ་ལ་དགའ་མོས་མེད་ཅེས་ཟེར། གལ་སྲིད་ཁྱེད་རང་ཁྱིམ་དུ་བསྡད་དེ། ལས་ཀ་ཅི་ཡང་མ་བསྒྲུབས་ཀྱང་སྒོར་མོ་འབེལ་ཐག་ཆོད་ཅིག་ཡོད་ན། རླངས་འཁོར་ཉོ་དྲན་ན་རླངས་འཁོར་ཉོ་བ་དང་། ཁང་པ་ཉོ་དྲན་ན་ཁང་པ་ཉོ་བ། ལྗོངས་རྒྱུར་འགྲོ་དྲན་ན་ལྗོངས་རྒྱུར་ཕྱིན་ན་ཁྱེད་ཀྱི་ནང་སེམས་ལ་དགའ་སྤྲོ་དཔག་མེད་ཅིག་མི་ཡོང་ངམ།

༣ ༽ ཁྱེད་ཀྱིས་ད་ལྟ་ཅི་ཞིག་སྒྲུབ་བཞིན་ཡོད།

ཁྱེད་ཀྱིས་ད་ལྟ་སྒྲུབ་བཞིན་པའི་བྱ་བས་ཁྱེད་ཀྱི་མི་ཚེའི་དམིགས་ཡུལ་མངོན་འགྱུར་ཐུབ་བམ། གལ་སྲིད་མི་ཐུབ་ན། ལོ་ལྔའི་རྗེས་སུ་ཁྱེད་རང་སྔར་བཞིན་ད་ལྟ་དང་གཅིག་པ་མ་ཡིན་ནམ། ད་དུང་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་འགྲོ་རྒྱུར་རེ་བ་མེད་ན། ལོ་ངོ་དེ་དག་རྒྱབ་ཆད་ཞིག་རལ་ཞིག་མ་རེད་དམ། ཅིའི་ཕྱིར་འདི་ལྟར་རེད་ཅེ་ན། དེ་ནི་ང་ཚོས་ད་ལྟ་སྒྲུབ་བཞིན་པའི་བྱ་བ་དེ་ང་ཚོའི་རེ་འདུན་དང་དམིགས་ཡུལ་རྣམས་དང་འབྲེལ་བ་མེད་པས་རེད།

༤ ༽ ཁྱེད་ཀྱིས་ཅི་ཞིག་བསྒྲུབ་འོས་སམ།

ཁྱེད་ཀྱི་དེ་རིང་གི་འཚོ་བ་ནི། ཁྱེད་ཀྱི་ལོ་གསུམ་སྔོན་གྱི་འདམ་ག་ལས་བྱུང་ཞིང་། དེ་བཞིན། ཁྱེད་ཀྱི་ལོ་གསུམ་རྗེས་ཀྱི་འཚོ་བ་ནི་ཁྱེད་ཀྱི་ད་ལྟའི་འདམ་ག་ཡིས་ཐག་བཅད་ཡོད། ཁྱེད་རང་མི་ཅི་ལྟ་བུ་ཞིག་ཆགས་འདོད་ན་ཁྱེད་རང་དེ་ལྟ་བུའི་མི་ཞིག་དང་འགྲོགས་ཏེ་སློབ་སྦྱོང་གནང་དགོས། ཁྱེད་ཀྱིས་རང་གི་ནུས་པ་ཡར་རྒྱས་གཏོང་དགོས་སྙམ་ན། ནུས་པ་ཡོད་པའི་མི་ཞིག་དགེ་རྒན་དུ་བསྟེན་རོགས། བྱ་གཞག་ལེགས་གྲུབ་ཅན་གྱི་མི་སྣའི་སྒྲ་ཕབ་མང་ཙམ་ཉན་ཞིང་། ལེགས་གྲུབ་ཅན་གྱི་དཔེ་ཆ་མང་ཙམ་གཟིགས་ཤིག ཁྱེད་ཀྱིས་སྒོར་མོ་ཁྲི་ ༡༠༠༠ བསྒྲུབ་བསམ་ན། དེ་སྔོན་སྒོར་ཁྲི་སྟོང་ཕྲག་བསྒྲུབས་ཟིན་པའི་ཕྱུག་བདག་ཅིག་བཙལ་ཏེ། ཁོང་གིས་སྒོར་མོ་དེ་དག་ཇི་ལྟར་བསྒྲུབས་པའི་ཉམས་མྱོང་དང་ཐབས་ཤེས་སློབ་དགོས། དེ་ལྟར་བྱས་ན། ལེགས་གྲུབ་ཡོད་ཚད་ཇི་ལྟར་བསྒྲུབས་ནས་འགྲུབ་ཡོད་པ་རྟོགས་ཐུབ་པ་ལས། བསྡད་བཞག་ནས་འགྲུབ་ཐབས་མེད་པ་ཁྱེད་ཀྱིས་ངེས་པར་དུ་མཐོང་ཐུབ་ངེས་ཡིན། ཡིན་ཡང་མི་ལ་ལས་གཞན་གྱིས་རང་གི་ལེགས་གྲུབ་ཀྱི་བདག་གཉེར་(经营)འཕངས་མེད་ངང་ཁྱོད་ལ་བསླབས་ཤིང་། ཧ་ཅང་རྩ་ཆེའི་ཆ་འཕྲིན་ཟིན་བྲིས་རྣམས་ཀྱང་མཁོ་སྤྲོད་གནང་ཡང་། ཁྱོད་ཀྱིས་ད་དུང་ཁ་གཡར་ས་བཙལ་ནས་འདི་ལྟར་ཟེར་སྲིད་དེ། ཀ. ང་འདི་ལ་དགའ་མོས་མེད། ཁ. ང་བྲེལ་བ་ཤིན་ཏུ་ཆེ། དུས་ཚོད་མེད། ག. འདི་ཕལ་ཆེར་ང་ལ་འཚམ་པོ་མི་འདུག

དགའ་མོས་གླེང་བ།

སྒོར་མོ་མེད་ན་ཁྱོད་ལ་དགའ་མོས་དེ་དག་གླེང་བའི་ཐོབ་ཐང་ཡང་མེད། དེ་ལས་སོ་སོས་བསྒྲུབ་འོས་པ་དེ་ཡག་པོར་སྒྲུབས་ཤིག སོ་སོས་གང་འདོད་ལྟར་སོ་སོ་དགའ་བ་ཡོད་ཚད་བསྒྲུབ་ཐུབ་མཁན་ག་ཚོད་ཅིག་འདུག དཔེར་ན། ཁྱེད་རང་རླངས་འཁོར་ལ་དགའ། དེས་ཁྱེད་རང་ལས་དོན་སྒྲུབ་པ་དང་ཕ་ཡུལ་དུ་ལོག་སྐབས་སྟབས་བདེ་པོ་དང་ལྷོད་པོ། ངོ་སོ་ཆེན་པོའང་ཡོད། ཁྱེད་རང་སྤྲོ་སྐྱིད་ཁང་ལ་དགའ། དེར་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པོ་དང་བག་ཕེབས་པོ་ཡོད། དེ་ལྟ་ནའང་ཁྱེད་ཀྱིས་རླངས་འཁོར་ཉོས་ཡོད་དམ། ཁྱེད་ཀྱིས་སྤྲོ་སྐྱིད་ཁང་ཉོས་ཡོད་དམ། ཉོས་མེད། འོ་ན་ག་རེ་བྱས་ནས་མ་ཉོས་པ་རེད། དེ་ནི། སྒོར་མོ་མེད་པས་རེད། དོན་དངོས་ཐོག་ཏུ་མི་ཕལ་ཆེ་བས་གསོན་གནས་ཆེད་ལས་ཀ་སྒྲུབ་ཀྱིན་ཡོད། སོ་སོ་དངོས་གནས་ཐོག་ག་རེ་ལ་དགའ་ན་དེ་རང་སྒྲུབ་ཐུབ་མཁན་ཤིན་ཏུ་ཉུང་། བྱི་དུག་ཚོང་མཁན་བྱི་དུག་ལ་དགའ་བ་རེད་དམ། པུར་སྒམ་ཚོང་མཁན་པུར་སྒམ་ལ་དགའ་བ་རེད་དམ། མི་ཞིག་ལ་སྒོར་མོ་མེད་པའི་དུས་སུ་དགའ་མོས་ཡོད་དང་མེད་ཅེས་གླེང་བའི་འདམ་ག་དང་ཐོབ་ཐང་མེད།

བུ་མོ་མཛེས་མ་ཞིག་མཐོང་བ་དང་ཁྱེད་རང་དེ་ལ་དགའ་ངེས། དེར་ཧང་སང་རྒྱུ་ག་རེ་ཡོད། མི་ཞིག་གམ་བྱ་བ་ཞིག ཡང་ན་ཚོང་ཞིག་ལ་དགའ་བ་གང་ཡིན་ཡང་དེ་ལ་བརྒྱུད་རིམ་ངེས་ཅན་ཞིག་ཡོད། ཁྱེད་ཀྱིས་ད་ལྟ་རང་ཉིད་ཀྱིས་སྒྲུབ་པའི་ལས་ཀ་འདིས་རང་ལ་བདེ་ཐང་དང་སོས་དལ། ཁྱིམ་ཚང་འཆམ་མཐུན། འཚར་ལོངས་བདེ་ཐང་། འཚོ་བ་ཕྱུག་པོ། ཕྱི་ཡུལ་དུ་ལྗོངས་རྒྱུ་སོགས་བསྒྲུབ་ཐུབ་པར་བསམ་ན་ལས་ཀ་དེར་གུས་བརྩི་བྱེད་ཐུབ། དངོས་གནས་རང་ཉིད་ལ་ལས་འགན་རང་དབང་། དུས་ཚོད་རང་དབང་། སེམས་ཁམས་རང་དབང་སོགས་སྤྲོད་ཐུབ་ཅིང་། སོ་སོའི་དམིགས་ཡུལ་དང་འཚོལ་སྙེག་ཆ་ཚང་མངོན་དུ་འགྱུར་ནུས་ན། ཁྱེད་ཀྱིས་དགའ་བཞིན་སྤྲོ་བཞི་དང་ལེན་བྱས་ན་ཏན་ཏན་ཁྱེད་ཀྱི་ལས་ཀ་ལ་དགའ་ཞིང་དྭངས་བ་སྐྱེ་ངེས། ལས་ཀ་དེས་ཁྱེར་འོང་བའི་ཡོད་ཚད་ཀྱིས་ཁྱེད་ལ་ཤིན་ཏུ་དགའ་ཞིང་སྐྱིད་པའི་ལོངས་སྤྱོད་ཅིག་མྱོང་དུ་འཇུག་ངེས། འདིའི་མིང་ལ། དགའ་མོས་ཀྱིས་རྐྱེན་པས་སྒྲུབ་པ་མ་ཡིན་པ། དེ་ལས་ལྡོག་སྟེ་བསྒྲུབས་ཏེ་ད་གཟོད་དགའ་མོས་སྐྱེས་པ་ཟེར།

ང་ཤིན་ཏུ་བྲེལ། དུས་ཚོད་མེད།

མི་ཚང་མའི་དུས་ཚོད་གཅིག་པ་རེད། གནད་འགག་ནི་ཁྱེད་ཀྱིས་དུས་ཚོད་གང་དུ་སྤྱོད་མིན་དེ་རེད། ཁྱེད་ཀྱིས་སྔར་ནས་དུས་ཚོད་ཡོད་ཚད་དང་ནུས་ཤུགས་ཆ་ཚང་ས་ཆ་ཞིག་ལ་སྤྱད་ཚར་ཞེས་གསུང་གི་ཡོད་དམ། འོ་ན། ཁྱེད་ཀྱི་ཡོང་འབབ་དང་དུས་ཚོད་བཀོལ་ཚད། ནུས་ཤུགས་བཅས་ཀྱི་བརྒྱ་ཆའི་སྡུར་ཚད་ཏག་ཏག་སླེབ་ཀྱི་ཡོད་དམ། ཁྱེད་རང་ཉིན་རྟག་པར་འདི་ལྟར་བྲེལ་བ་ཆེན་པོ་ཡིན། འོ་ན། བྲེལ་བ་དེ་མཇུག་རྫོགས་པའི་ཉིན་མོ་ག་དུས་ཡིན། ང་ཚོའི་འཚོ་བ་ལོ་རེ་ནས་ལོ་རེར་འགྱུར་ལྡོག་ཆེན་པོ་རེད། གལ་སྲིད་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འདྲ་བྱུང་སྟེ། ཁྱེད་རང་ཟླ་བ་དྲུག་གམ་ལོ་གཅིག་རིང་ལས་ཀ་བྱེད་མ་ཐུབ་པ་ན། ཁྱེད་ཀྱི་ཡོང་འབབ་ཤིན་ཏུ་ཉུང་བའམ། ཀླད་ཀོར་དུ་འགྱུར་ཡང་སྲིད། མ་ཟད་བསྟུད་མར་ལོ་ཕྱེད་དམ་ལོ་གཅིག་ལ་ལས་ཀ་མ་བྱས་ན་ཆོག་གམ།

དེར་བརྟེན། ངས་ཁྱེད་ལ་དངོས་ཡོད་གནས་ཚུལ་དེ་ཞུ་དགོས། ད་ལྟ་ཁྱོད་ཀྱི་ལས་ཀ་ཇི་ཙམ་བྲེལ་བ་ཆེ་ན་དེ་ཙམ་གྱིས་ཁྱེད་རང་འཆིང་ནས་བཞག་ཡོད། ཁྱེད་རང་ལྷོད་ལ་བབ་སྟེ་དབྱེ་ཞིབ་ལེགས་པོ་ཞིག་གནང་དགོས། ཁྱེད་ཀྱིས་ད་ལྟ་སྒྲུབ་བཞིན་པའི་ལས་ཀ་ཁྱེད་ཀྱི་མི་ཚེའི་དམིགས་ཡུལ་ཐོག་ཁེལ་ཐུབ་བམ། མི་ཚེ་འདིར་ཁྱེད་ཀྱིས་ད་དུང་རླངས་འཁོར་ཡག་པོ་ཉོ་བ་དང་སྤྲོ་སྐྱིད་ཁང་དུ་སྡོད་པ། འཛམ་གླིང་ཡུལ་གྲུ་སོ་སོར་ལྗོངས་རྒྱུར་འགྲོ་ཐུབ་བམ། གལ་སྲིད་མ་ཐུབ་ན། ཁྱེད་ཀྱིས་ད་ལྟ་བསྒྲུབས་པ་ཡོད་ཚད་མཇུག་བསྒྲིལ་ན་ལེགས། ཁྱེད་ཀྱི་ཡོང་འབབ་རང་དབང་། དུས་ཚོད་རང་དབང་། སེམས་ཁམས་རང་དབང་སོགས་བསྐྲུན་ཐུབ་པའི་ལས་དོན་ཞིག་བདམས་ཏེ། དུས་ཚོད་དང་ཚེ་སྲོག་སྒོར་མོ་ལ་མ་བརྗེ་རོགས།

འོས་འཚམ་ཡིན་མིན་གླེང་བ།

ཁྱེད་ཀྱིས་རང་ཉིད་ཀྱིས་ཅི་ཞིག་བསྒྲུབ་ན་འཚམ་མིན་ཤེས་སམ། ཁྱེད་ཀྱིས་ད་ལྟ་སྒྲུབ་བཞིན་པའི་བྱ་བ་དེ་ཁྱེད་ལ་ཤིན་ཏུ་འཚམ་པོ་འདུག་གམ།

སློབ་དཔོན་ཞིག་གིས། མི་ཡི་མི་མངོན་པའི་ནུས་པ་བརྒྱ་ཆ་ ༩༠ ཙམ་ད་དུང་ཕྱིར་མངོན་མེད་ཅིང་། མི་ཡི་མི་ཤེས་པའི་ནུས་པ་ནི་ཤེས་པའི་ནུས་པའི་ལྡབ་སུམ་ཁྲི་རེད། ཅེས་གསུངས་མྱོང་། འདིས་གསལ་བཤད་བྱེད་པ་ནི། མི་ཡི་ནུས་པ་མང་པོ་ཞིག་ད་དུང་ཕྱིར་བཏོན་ཐུབ་མེད། བཤད་སྟངས་གཞན་བྱས་ན། ད་དུང་མི་མང་པོ་ཞིག་གིས་རང་ཉིད་རྒྱུས་ལོན་བྱེད་ཐུབ་མེད། ཁྱེད་ཀྱིས་ད་དུང་ལས་དོན་མང་པོ་ཞིག་བསྒྲུབ་ཆོག་ཅིང་། ཁྱེད་ལ་ད་དུང་ལེགས་གྲུབ་ཆེན་པོ་ཞིག་འབྱུང་ཆོག ད་ལྟ་ནི་གོམས་པའི་དབང་གིས་འཁོར་རྒྱུགས་བྱེད་བཞིན་པ་ཙམ་རེད། དེ་བརྟེན། ལས་དོན་གང་ལའང་ཁྱེད་དང་མི་འཚམ་ཞེས་བཤད་མི་རུང་། རྒྱུ་མཚན་ནི་ལས་དོན་གྱིས་ལུས་རྟེན་དང་ན་ཚོད་དབྱེ་འབྱེད་མི་བྱེད། མ་མཐར་ཡང་ཁྱེད་ཀྱིས་རང་ལ་གོ་སྐབས་ཐེངས་གཅིག་སྤྲོད། ནོར་འཁྲུལ་བྱུང་ཡང་རུང་སྟེ་གོ་སྐབས་ནི་ནམ་ཡང་ཤོར་དུ་མ་འཇུག བསྐྱར་དུ་འདྲི་རྒྱུར། ཁྱེད་ཀྱིས་རང་ཉིད་དང་ཁ་བརྡ་བྱས་སམ།

གཉིས་པ། ཁྱེད་རང་ཤིན་ཏུ་རྩ་ཆེན་ཞིག་ཡིན།

ལས་གནས་སུ། དངོས་གནས་བྱས་ན་ཁྱེད་རང་རྩ་ཆེན་ཞིག་མིན།

ཁྱིམ་ཚང་ནང་། ཁྱེད་རང་ཤིན་ཏུ་རྩ་ཆེན་ཞིག་ཡིན།

ལས་གནས་གང་ཞིག་ཡིན་ཡང་གཅིག་མཚུངས་རེད། ཁྱེད་རང་ལས་གནས་དེར་ཁ་གྱེས་ཀྱང་ལས་གནས་ནི་སྔར་བཞིན་འཁོར་རྒྱུགས་བྱེད་ཅིང་། ཁོ་ཚོས་ཤིན་ཏུ་མགྱོགས་པོས་ཁྱེད་ཀྱི་ཚབ་ཏུ་མི་གཞན་ཞིག་བརྙེད་ངེས་རེད། ཁྱེད་རང་ཁྱོད་ཀྱིས་བསམ་པ་ལྟར་དེ་འདྲའི་གལ་ཆེན་ཞིག་མ་རེད། སོ་སོར་ཚོད་དཔག་མཐོ་དྲགས་ཏེ་རང་ཉིད་མར་མི་འབབ་པ་མ་བྱེད་རོགས། དོན་དངོས་ཐོག་ཤེས་ཡོན་ཅན་ཚང་ཁ་རྒྱག་བཞིན་པའི་ཁྲོད་དུ་ཁྱེད་རང་གཏན་ནས་རྩ་ཆེན་ཞིག་མ་རེད།

ཁྱིམ་ཚང་ནང་། དངོས་གནས་བྱས་ན་ཁྱེད་རང་ཤིན་ཏུ་རྩ་ཆེན་ཞིག་ཡིན།

ཁྱེད་རང་ཁྱིམ་ཚང་དང་ཁ་བྲལ་ན། ཁྱིམ་ཚང་འདི་ལ་ཆག་གྲུམ་ཤོར་ངེས། སྐབས་རེར་ཚེ་སྲོག་ནི་ཤིན་ཏུ་མཁྲེགས་པོ་ཞིག་ཡིན་ཡང་སྐབས་རེར་ཚེ་སྲོག་ནི་ཧ་ཅང་སྙི་པོ་ཞིག་ཡིན། གལ་སྲིད་རྐྱེན་དབང་གིས་ཁྱེད་རང་ན་བའམ། ཡང་ན་འཇིག་རྟེན་འདི་དང་ཁ་བྲལ་ཚེ། ཁྱེད་ཀྱི་ཁྱིམ་ཚང་དང་ནང་མིར་མཚོན་ན་དངོས་གནས་མགོ་ཀླད་ཀྱི་གནམ་རྡིབ་པ་ཡིན། ཁྱེད་དང་ཁྱེད་ཀྱི་རྒྱབ་སྐྱོར་མེད་ན་ཁྱིམ་ཚང་འདི་ཇི་ལྟར་འཁོར་རྒྱུགས་བྱ་དགོས་སམ།

ང་ཚོས་ཐལ་དྲགས་པོས་རང་གི་གཟུགས་པོ་གཏའ་མར་བཞག་ཏེ་ལེགས་འགྲུབ་དང་ཁེ་གྲགས་སྒྲུབ་པ་དང་། ད་དུང་སྣང་མེད་ངང་ཁྱིམ་ཚང་གི་དྲོད་ཁོལ་གླེང་། ཡང་བསྐྱར་སྒོར་མོ་ཁྱེར་ཏེ་གཟུགས་པོའི་བདེ་ཐང་སླར་གསོ་བྱེད་དགོས་བསམ་ཏེ། ཁྱིམ་ཚང་ལ་ཁུར་པོ་འཕར་མ་བཞག་སྟེ། གཉེན་ཉེ་ལ་སེམས་སྡུག་འཕར་མ་སྤྲོད་ཀྱིན་ཡོད། ང་ཚོ་ཚང་མའི་ངོས་ནས་བཤད་ན། ལས་ཀ་འཚམ་པོ་དང་གཟུགས་པོ་བདག་གཅེས། ཁྱིམ་མིར་རམ་འདེགས་མང་ཙམ་བྱ་རྒྱུ་ནི་དོན་ངོ་མའི་རྩ་ཆེ་ཤོས་དེ་ཡིན། དེར་བརྟེན། ཡིད་ལ་འདི་ལྟར་འཛིན་རོགས། ཁྱིམ་ཚང་ནང་སུས་ཀྱང་ཁྱེད་ཀྱི་ཚབ་བྱེད་ཐབས་མེད་ལ། ཁྱེད་ཀྱི་ནང་མིར་མཚོན་ན་ཁྱེད་རང་ནི་དོན་ངོ་མའི་རྩ་ཆེ་ཤོས་དེ་ཡིན། དུས་རྟག་ཏུ་ནང་མིར་མེད་མི་རུང་བ་ནི་རྒྱུ་ནོར་དང་སྙན་གྲགས་མིན་པར་ཁོ་ཚོར་མཁོ་བ་ནི་ཁྱེད་ཀྱི་རམ་འདེགས་ཡིན།

རྒྱ་ཡིག་འཕྲིན་སྟེགས་ལས་བོད་བསྒྱུར་ཞུས།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༥ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese