མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དེང་རབས་གྱོན་གསར་འཆར་འགོད་མ་ཞིག་གི་རྨི་ལམ་པེ་ཅིན་ནས་ལེགས་འགྲུབ་བྱུང་།

བོད་ཀྱི་དུས་བབ།
༢༠༡༧/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ཉིན་ཧོང་ཀོང་རང་དབང་གསར་ཁང་གིས་སྤེལ་བའི་གནས་ཚུལ།
གདོང་ལ་ཚོན་རྩི་དཀར་པོ་དང་སེར་པོ་འབྱུག་ཅིང་། སྐྲ་སླས་མ་རྣམས་ཕྲག་སྟེང་དུ་ཕྱུང་ཡོད་པའི་གྱོན་གསར་འགྲེམ་སྟོན་མ་ཞིག་གི་སྐུ་གཟུགས་སྐྱ་མདོག་གི་གྱོན་ཆས་ཤིག་གིས་བརྒྱན་ཏེ། གར་སྟེགས་སྟེང་ཡར་འགྲོ་མར་འགྲོ་བྱེད་བཞིན་པ་དེ་ནི། གཟི་ཉམས་ལྡན་པའི་བོད་པའི་སྣང་བརྙན་ཞིག་རྒྱ་ནག་གི་ཆབ་སྲིད་སྙིང་དབུས་ནས་བཞད་པ་མ་ཡིན་ནམ།

འདི་ནི་རྒྱ་ནག་རྒྱལ་ས་པེ་ཅིན་དུ་ལོ་རེར་ཐེངས་གཉིས་རེར་འཚོགས་བཞིན་པའི་གྱོན་གསར་འགྲན་བསྡུར་གར་སྟེགས་སྟེང་། ཆེས་ཐོག་མར་རྒྱ་ནག་གི་གྲངས་ཉུང་མི་རིགས་བོད་མི་ཞིག་གི་གསར་གཏོད་འཆར་འགོད་བསླེབས་ཡོད་པ་དང་། འདི་ནི་གྱོན་གསར་འགྲན་བསྡུར་ཚོགས་ཐེངས་ཉི་ཤུ་བ་དེ་རེད།

བོད་པའི་བུ་མོ་དེང་རབས་གྱོན་གསར་འཆར་འགོད་མ་ཁོང་ནི་རྒྱ་ནག་ལྷོ་ནུབ་ཀྱི་ཟི་ཁྲོན་ཞིང་ཆེན་དུ་འཚར་ལོངས་བྱུང་ཞིང་། ཁོ་མོའི་མིང་ལ་ཨ་ཅག་ན་མོ་ཞེས་འབོད་ཅིང་ས་ཁུལ་དེའི་ཡོངས་གྲགས་ཀྱི་གཞས་མ་ཞིག་ཀྱང་ཡིན་འདུག་པ་མ་ཟད། ཕྱི་སུ་ཁོ་མོས་གྱོན་ཆས་འཆར་འགོད་ཐོག་ཏུའང་སློབ་སྤྱོང་གནང་ཡོད་འདུག

དེང་སྐབས་ཁོང་མོར་པེ་ཅིན་དུ་མིང་གྲགས་ཡོད་པའི་ཨ་ཅག་ན་མོ་ཞེས་བའི་གྱོན་ཆས་བཟོ་གྲྭ་ཞིག་ཡོད་པ་དང་། ཁོ་མོ་ནམ་རྒྱུན་པེ་ཅིན་དུ་སྡོད་ཀྱིན་ཡོད་འདུག

ཐེངས་དེའི་གྱོན་གསར་འགྲན་ཚོགས་ཁང་དེ་ནི། རྒྱ་ནག་གི་ཆབ་སྲིད་སྙིང་དབུས་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་ཉེ་འགྲམ་དུ་ཡོད་པའི་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡིན་པ་དང་། འགྲན་སྟེགས་དེར་བོད་དང་རྒྱ་ནག་གི་འགྲེམ་སྟོན་མ་ཚོས་ཚོན་ཁྲ་སྣ་ཚོགས་ཀྱི་དེང་རབས་གྱོན་ཆས་འགྲན་བསྡུར་བྱས་པའི་སྟེང་། བོད་པའི་ཁྱད་ཆོས་ལྡན་པའི་ཨ་ཅག་ན་མོའི་གསར་གཏོད་བོད་ཆས་ལ་རྒྱལ་ཁ་ཐོབ་ཡོད།

སྐབས་དེར་ཨ་ཅག་ན་མོ་ལ་མཚོན་ན། ཟུར་དཔང་པ་ཚོས་ཁོ་མོའི་གསར་གཏོད་ལ་ངོས་ལེན་བྱས་པ་དེར་སེམས་འགུལ་ཆེན་པོ་ཐེབས་ཏེ་མི་དམངས་ལ་གུས་འདུད་ཞུས་ཡོད། ད་དུང་རྗེས་སུ་མི་མང་པོ་ཞིག་གར་སྟེགས་སྟེང་ཡོང་ནས་ཁོ་མོའི་སྐེ་ལ་བོད་པའི་སྲོལ་རྒྱུན་གྱི་ཁ་བཏགས་བསྒྲོན་ཏེ་རྟེན་འབྲེལ་ཞུས་ཡོད།

ཨ་ཅག་ན་མོ་ལགས་སུ་རྒྱལ་ཁ་ཐོབ་རྗེས་ཕྱི་ཚེས་ ༣༠ ཉིན་འདི་ག་ཧོང་ཀོང་རང་དབང་གསར་ཁང་ལ་ “བོད་མིའི་ཁྲོད་ཕུལ་བྱུང་གི་འཆར་འགོད་པ་མང་པོ་ཡོད་ཀྱང་། ཁོ་ཚོར་འགྲེམ་སྟོན་གྱི་གར་སྟེགས་དང་གོ་སྐབས་རག་གི་ཡོད་པ་མ་རེད།”ཅེས་བརྗོད་བྱུང་།

ད་ལྟའི་ཀྲུང་གོའི་འོག་ཏུ་གྲངས་ཉུང་མི་རིགས་ ༥༦ ཡོད་ཀྱང་། མི་འབོར་མང་ཤོས་ཧན་མི་རིགས་ཆགས་ཏེ། ད་ལྟ་རྒྱ་ནག་ཁྱོན་ཡོངས་ཀྱི་མི་འབོར་ཐེར་འབུམ་ ༡་༣ ལྷག་ཧན་མི་རིགས་ཡིན།

བོད་རིགས་ཀྱི་མི་འབོར་རོབ་རྩིས་བྱས་ན་ཕལ་ཆེ་ས་ཡ་ ༦་༣ ཙམ་ཡོད་པ་དང་། ཁོ་ཚོ་མང་ཆེ་བ་རྒྱ་ནག་གི་ནུབ་ཕྱོགས་བོད་རང་སྐྱོང་ལྗོངས་དང་ཀན་སུའུ། མཚོ་སྔོན། ཟི་ཁྲོན། ཡུན་ནན་སོགས་ཀྱི་ཞིང་ཆེན་ཁག་ནང་ཡོད།

རྒྱ་ནག་གི་གྲངས་ཉུང་མི་རིགས་མང་ཆེ་བ་ཡུལ་མཐའ་འཁོབ་དང་ས་ཆ་ཁུག་ཀྱོག་དག་ཏུ་གནས་ཡོད་པ་དང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་དམ་དྲག་དང་སློབ་གསོར་ཚད་བཀག་བཟོ་བཞིན་ཡོད་པ་མ་ཟད། ཁོ་ཚོའི་ན་གཞོན་མང་ཆེ་བས་ཞིང་ལས་དང་ཚོང་ལས་ཙག་ཙིག་བྱས་ཏེ་མི་ཚེ་སྐྱེལ་བཞིན་ཡོད།

ཨ་ཅག་ན་མོས། “ངའི་རེ་བར་ཐེངས་འདིའི་ང་རང་གི་ལེགས་འགྲུབ་འདི་བརྒྱུད་དེ་བོད་རིགས་སྤུན་ཟླ་ཚོ་གཙོས་བྱས་ཏེ་གྲངས་ཉུང་མི་རིགས་ཁག་དང་། དམིགས་བསལ་གྱིས་གྱོན་གསར་འགྲེམ་སྟོན་པ་ཚོར་སེམས་ཤུགས་སྤར་ཐུབ་པའི་རེ་བ་ཡོད།”ཅེས་བརྗོད་ཡོད།

བོད་པའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་མང་པོ་ཞིག་རྒྱ་ནག་ནང་དར་ཁྱབ་ཆེན་པོ་ཆགས་ཀྱིན་ཡོད་སྟབས། རྒྱ་ནག་གཞུང་གིས་ ༡༩༥༡ ལོར་ནས་བཟུང་བོད་ཞི་བའི་བཅིང་གྲོལ་བཏང་ཡོད་ཟེར། འོན་ཀྱང་། བོད་མི་ཚོས་རྒྱ་ནག་གཞུང་གིས་ཆོས་ལུགས་རང་དབང་བཀག་སྡོམ་དང་རིག་གཞུང་རྩ་གཏོར་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱིན་ཡོད།

བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ ༡༩༥༩ ལོ་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་བཞུགས་ཡོད་པ་མ་ཟད། ཁོང་གིས་དུས་རྒྱུན་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། མངོན་འདོད་སོགས་ལ་རྩ་གཏོར་གཏོང་གི་འདུག་ཅེས་སྐྱོན་བརྗོད་གནང་གི་ཡོད།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༧ སྔོན་ལ།
Front Slider

Public Reactions to the Election Results | Real Opinions & Views

ཆུ་ཚོད་ ༧ སྔོན་ལ།
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཆུ་ཚོད་ ༩ སྔོན་ལ།
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese