མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་སྲིད་འཛིན་འོས་མི་མཱ་རོན་དང་ལི་ཕིན་གཉིས་ཀྱི་ཆབ་སྲིད་ལངས་ཕྱོགས་ཅི་འདྲ་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༡༧/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

བྷི་བྷི་སི་གསར་ཁང་གིས་ ༢༠༡༧། ༤། ༢༥ ཉིན་སྤེལ། རྒྱལ་ཁབ་དང་མང་ཚོགས་ཀྱི་ཉམ་ཉེས་བསྐྱར་གསོ་བྱ་རྒྱུ་ནི་ཧྥ་རན་སིའི་སྲིད་འཛིན་འོས་མི་གཉིས་ཀྱི་དམ་བཅའ་ཡིན་ནའང་ཁོང་གཉིས་ཀྱི་འབད་བརྩོན་བྱེད་སྟངས་ཁ་ཁ་རེད།

ཆབ་སྲིད་གུ་ཡངས་རིང་ལུགས་པ་སྐུ་ཞབས་མཱག་རོན་ (Macron)ལགས་དང་། རྒྱལ་ཞེན་རིང་ལུགས་པ་ལྕམ་ལི་ཕིན་ (Le Pen)ལགས་གཉིས་ཀྱིས་ཧྥ་རན་སིའི་ཆབ་སྲིད་གསར་བརྗེ་བྱེད་ཀྱིན་ཡོད། ཁོང་གཉིས་ཀྱིས་དུས་ཡུན་རིང་བོའི་སྤྱི་ཚོགས་རིང་ལུགས་དང་རྙིང་ཞེན་སྤྱི་མཐུན་རིང་ལུགས་གཉིས་བར་འུར་ཟིང་ཆེན་པོ་ཞིག་བསླངས་ཡོད།

སྐུ་ཞབས་མཱག་རོན་གྱིས་སྤྱི་ཚོགས་གུ་ཡངས་ཆབ་སྲིད་ཚོགས་པ་(EM)ལ་སྣེ་འཁྲིད་ཀྱིན་ཡོད་ལ། ལྕམ་ལི་ཕིན་གྱིས་གཡས་ཕྱོགས་རིང་ལུགས་སམ་རྒྱལ་ཞེན་རིང་ལུགས་སྲིད་དོན་ཚོགས་པ་ (FN)ལ་རྒྱབ་བརྟེན་བྱས་ཡོད།

སྲིད་དོན་གྱི་དཀའ་རྙོག་མང་པོ་ཞིག་གི་ཐོག་ཁོང་གཉིས་ཀྱི་ལྟ་ཚུལ་མི་མཐུན་པ་དང་། ལྷག་པར་དུ་ཡུ་རོབ་མཉམ་འབྲེལ་དང་གནས་སྤོའི་ལས་གཞི་སོགས་ཀྱི་ཆབ་སྲིད་ལངས་ཕྱོགས་ཁ་ཁ་ཆགས་ཡོད།

འབྱུང་འགྱུར་ཕྱི་ཟླ་ ༥ པའི་ཚེས་ ༧ ཉིན་དངོས་གཞིའི་འོས་བསྡུ་བྱ་རྒྱུ་ཡིན་པ་དང་། སྔོན་འགྲོའི་འོས་གྲངས་ལྟར་ན་སྐུ་ཞབས་མཱག་རོན་ལ་རྒྱལ་ཁ་འཐོབ་རྒྱུར་རེ་བ་ཆེན་པོ་ཡོད། དེས་ན་སྐུ་ཞབས་མཱག་རོན་དང་ལྕམ་ལི་ཕིན་གཉིས་ཀྱི་ཆབ་སྲིད་ལངས་ཕྱོགས་མི་མཐུན་ས་གཙོ་བོ་གང་དག་ཡིན་ནམ།

ཚོང་ལས་དཔལ་འབྱོར།

སྐུ་ཞབས་མཱག་རོན། ༡། དངུལ་རྩའི་ཡོང་འབབ་ཧྥ་སྒོར་ཐེར་འཐུམ་ ༦༠ གསོག་འཇོག་ཐུབ་པ་ཡིན་ན། ཧྥ་རན་སིས་ཐོན་སྐྱེད་སྤྱི་འབོར་བརྒྱ་ཆ་ ༣ ཙམ་སྟངས་འཛིན་བྱེད་ཐུབ་པ། ༢། མ་འོངས་པའི་ལོ་ངོ་ལྔའི་རིང་གི་གཞུང་གི་དངུལ་རྩིས་ལས་ཧྥ་སྒོར་ཐེར་འབུམ་ ༥༠ ཙམ་མི་མང་གི་འཚོ་གནས་དང་ལེགས་བཅོས། ལས་གནས་དང་ཁོར་ཡུག་འཛུགས་སྐྲུན་སོགས་ཀྱི་ཐོག་གཏོང་དགོས་པ། ༣། ཉོ་ཚོང་སྒྲིག་འཛུགས་ཆུང་ཚག་རིགས་ཀྱི་ཁྲལ་བརྒྱ་ཆ་ ༣༣.༣ ནས་བརྒྱ་ཆ་ ༢༥ ལ་མར་གཅོག་དགོས་པ།

ལྕམ་ལི་ཕིན། ༡། མང་ཚོགས་ཀྱི་ཁེ་ལས་ཁག་ཚུད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འདུ་འགོད་རིགས་ལ་སྲུང་སྐྱོབ་སྔར་ལས་ཚད་མཐོ་རི་གཏོང་དགོས་པ། ༢། ཡུ་སྒོར་བཀོལ་སྤྱོད་མི་གཏོང་བར་ཧྥ་སྒོར་སྤྱོད་དགོས་པ། ༣། དངུལ་ཁང་གི་སྐྱེད་འབབ་ཉུང་དུ་བཏང་སྟེ་ཁེ་ལས་ཆུང་ཚག་རིགས་ལ་དངུལ་བུན་གཡར་དགོས་པ།

ངལ་རྩོལ་ཁྲོམ་རྭ།

སྐུ་ཞབས་མཱག་རོན། ༡། སྤྱི་ཚོགས་བདེ་སྲུང་གི་ཁྲལ་རིགས་ཇེ་ཉུང་དུ་བཏང་སྟེ་མི་མང་གི་དཔལ་འབྱོར་འཚོལ་སྒྲུབ་ནུས་པ་ཇེ་མཐོར་གཏོང་དགོས་པ་དང་། ཉུང་མཐར་མི་ཞིག་གི་ལོ་གཅིག་གི་ཁྲལ་རིགས་ཕུད་པའི་ལག་འབབ་གླ་ཕོགས་ཧྥ་སྒོར་ ༥༠༠ ནས་ ༢༢༠༠ ལ་ཡར་སྤར་དགོས་པ། ༢། ཁེ་ལས་སྡེ་ཁག་དག་ཏུ་བདུན་ཕྲག་གཅིག་ནང་ཆུ་ཚོད་ ༣༥ ལས་ལྷག་གི་ལས་ཀ་བྱེད་མི་ཆོག་ཀྱང་། གལ་ཏེ་ཆུ་ཚོད་ ༣༥ ལས་བརྒལ་རིགས་ལ་དེ་ལ་འབབ་པའི་སྤྱི་ཚོགས་བདེ་སྲུང་གི་ཁྲིམས་སྒྲིག་ལྷོད་ཡངས་གཏོང་དགོས་པ། ༣། ད་ལྟའི་རྒན་ཡོལ་གཏན་འབེབས་རྒྱུན་འཁྱོངས་བྱེད་དགོས་ཀྱང་རྒན་ཡོལ་གྱི་ཁྲིམས་སྒྲིག་ཁག་གཅིག་གྱུར་གཏོང་དགོས་པ།

ལྕམ་ལི་ཕིན། ༡། ཧྥ་རན་སིའི་མི་སེར་གཙོ་བོར་བཟུང་སྟེ་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་བའི་ལས་ཀ་བར་ཁྲལ་གསར་བ་འགེལ་དགོས་པ། ༢། བདུན་ཕྲག་གཅིག་ནང་ལས་ཀའི་དུས་ཡུན་ཆུ་ཚོད་ ༣༥ དེ་སྔར་རྒྱུན་བཞིན་རྒྱུན་འཁྱོངས་བྱེད་དགོས་པ། ༣། རྒན་ཡོལ་གྱི་ལོ་ཚོད་ ༦༠ ལས་དམའ་རུ་གཏོང་དགོས་པ།

ཡུ་རོབ་མཐུན་ཚོགས།

སྐུ་ཞབས་མཱག་རོན། ༡། ཡུ་རོབ་མཐུན་ཚོགས་ཀྱི་སྒྲིག་གཞིར་འགྱུར་བ་བཏང་སྟེ། ཡུ་སྒོར་བཀོལ་སྤྱོད་བྱེད་མཁན་རྒྱལ་ཁབ་ཁག་ལ་ཡུ་སྒོར་དངུལ་རྩིས་བཟོ་དགོས་པ་མ་ཟད། ཡུ་རོབ་དཔལ་འབྱོར་བློན་ཆེན་དང་ཡུ་རོབ་འཐུས་མི་སོགས་བསྐོ་བཞག་བྱ་དགོས་པ།(དེའི་ནང་ཡུ་སྒོར་བེད་སྤྱོད་བྱེད་བཞིན་པའི་རྒྱལ་ཁབ་ ༡༩ ཚུད་ཡོད) ༢། དབྱིན་ཇི་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་པའི་རྗེས་ལ་མུ་མཐུད་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་ཁྲོམ་རྭའི་ནང་ཉོ་ཚོང་བྱས་ཚེ། རྒྱལ་ཁབ་གཞན་དག་དང་གཅིག་མཚུངས་ལྟར་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་ཁྲོམ་རྭའི་ཁྲིམས་སྒྲིག་བརྩི་སྲུང་བྱེད་དགོས་པ། ༣། ཡུ་རོབ་མཐུན་ཚོགས་དང་ཁེ་ན་ཌའི་བར་གྱི་ཚོང་འབྲེལ་ལྟ་བུའི་རང་དབང་ཉོ་ཚོང་རིགས་སྔར་ལས་ཇེ་མང་དང་ལམ་ཁ་ཇེ་ཡངས་སུ་གཏོང་དགོས་པ།

ལྕམ་ལི་ཕིན། ༡། ཧྥ་རན་སིའི་སྟོབས་ཤུགས་བསྐྱར་གསོ་བྱེད་ཐབས་སུ་ཧྥ་རན་སི་ཡུ་རོབ་མཐུན་ཚོགས་ནས་མུ་མཐུད་འདུག་མིན་མང་ཚོགས་ལ་མང་མོས་འོས་བསྡུ་བྱེད་དགོས་པ། ༢། ཧྥ་རན་སིས་རང་གི་མཐའ་མཚམས་ཁག་བརྟན་སྲུང་བྱེད་ཆེད་ཡུ་རོབ་མཐུན་ཚོགས་ཀྱི་མཐའ་མཚམས་མེད་པའི་སྒྲིག་གཞི་ (Schengen) ལས་ཕྱིར་འཐོན་དགོས་པ་དང་། ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བདེ་འཇགས་ཞིབ་བཤེར་ལས་མི་ ༦༠༠༠ གསར་དུ་བསྐོ་བཞག་བྱེད་དགོས་པ། ༣། ཧྥ་རན་སིའི་ནང་ཕྱིའི་རྒྱལ་ཁབ་ཁག་གི་ལས་བཟོ་བ་བཀག་སྡོམ་བྱེད་ཆེད་ཡུ་རོབ་མཐུན་ཚོགས་ཀྱི་ལས་བཟོ་བའི་ཁྲིམས་སྒྲིག་ཁག་ལ་ངོས་ལེན་མེད་པ།

གནས་སྤོ་སྲིད་བྱུས།

སྐུ་ཞབས་མཱག་རོན། ༡། ཡུ་རོབ་མཐའ་མཚམས་ཁག་ཏུ་དྲག་པོའི་སྲུང་དམག་ ༥༠༠༠ གསར་འཛུགས་བྱས་ཏེ་མཐའ་མཚམས་བརྟན་སྲུང་བྱེད་དགོས་པ། ༢། ཧྥ་རན་སིའི་མི་སེར་ལག་འཁྱེར་ཡོད་པ་ཡོངས་རྫོགས་ལ་ཧྥ་རན་སིའི་སྐད་ཡིག་བཀོལ་སྤྱོད་བྱེད་དུ་འཇུག་དགོས་པ། ༣། ཆོས་ལུགས་མགོ་ཁྲིད་ཚོར་ཧྥ་རན་སིའི་སྲིད་དོན་དང་ཆོས་ལུགས་འབྲེལ་བ་མེད་པ་གསལ་བོ་བཟོ་དགོས་པ།

ལྕམ་ལི་ཕིན། ༡། ཧྥ་རན་སིའི་གནས་སྤོའི་སྲིད་བྱུས་གནས་སྐབས་རིང་མཚམས་འཇོག་བྱས་ཏེ་མཐའ་མཚམས་བརྟན་སྲུང་བྱེད་དགོས་པ་དང་། ཧྥ་རན་སིའི་ནང་ལོ་རེར་གནས་སྤོ་བ་ ༡༠༠༠༠ ལ་གཏན་འབེབས་ཚོད་འཛིན་བྱེད་དགོས་པ། ༢། ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་དང་ཕྱིའི་རྒྱལ་ཁབ་ཀྱི་ཉེས་ཅན་པ་ཡོངས་རྫོགས་ཕྱིར་འཕུད་གཏོང་དགོས་པ། ༣། དངོས་འབྲེལ་སྐྱབས་བཅོལ་བ་ཁོ་ནས་ད་གཟོད་ཧྥ་རན་སིའི་གཞུང་ཚབ་ཁག་བརྒྱུད་སྐྱབས་བཅོལ་ཞུ་ཆོག་པ།

རྒྱལ་སྲུང་བདེ་འཇགས།

སྐུ་ཞབས་མཱག་རོན། ༡། ཉེན་རྟོག་པ་ ༡༠༠༠༠ གསར་བསྡུ་བྱེད་དགོས་པ། ༢། བཙོན་ཁང་ ༡༥༠༠༠ གསར་རྒྱག་བྱེད་དགོས་པ། ༣། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་སྲུང་ཐེབས་རྩ་གསར་འཛུགས་བྱས་ཏེ་མཉམ་འབྲེལ་དམག་དོན་ལས་གཞིའི་ནུས་པ་ཇེ་མཐོར་བཏང་སྟེ། ཡུ་རོབ་དམག་དོན་ལས་ཁུངས་འཛུགས་དགོས་པ།

ལྕམ་ལི་ཕིན། ༡། ཉེན་རྟོག་པ་ ༡༥༠༠༠ གསར་བསྡུ་བྱེད་དགོས་པ། ༢། བཙོན་ཁང་ ༤༠༠༠༠ གསར་རྒྱག་བྱེད་དགོས་པ། ༣། ཕྱི་ལོ་ ༢༠༠༧ ལོ་དང་འདྲ་བར་ཧྥ་རན་སིའི་དྲག་ཆས་དམག་དཔུང་ ༥༠༠༠༠ ཕྱིར་འཐེན་དང་། ཧྥ་རན་སི་བྱང་ཆིངས་སྒྲིག་འཛུགས་ (Nato) ནས་ཕྱིར་འཐོན་དགོས།

ཤེས་ཡོན་སློབ་གསོ།

སྐུ་ཞབས་མཱག་རོན། ༡། དམིགས་བསལ་ས་གནས་ཁག་གི་འཛིན་གྲྭ་ཇེ་ཉུང་དུ་གཏོང་བ་དང་། གཞི་རིམ་སློབ་གྲྭ་ཁག་ནང་སློབ་ཕྲུག་ ༡༢ ལ་དགེ་རྒན་གཅིག་རེ་བསྐོ་འཇོག་ཐུབ་པ་དགོས་པ། ༢། སློབ་གྲྭ་ཁག་ནང་སློབ་ཕྲུག་ཚོའི་ལག་འཁྱེར་ཁ་པར་བཀག་སྡོམ་བྱེད་དགོས་པ། ༣། ཧྥ་རན་སིའི་ན་གཞོན་རང་ལོ་ ༡༨ སོན་པ་རྣམས་ལ་ (Cultural Pass) ཞེས་པའི་རང་གཞུང་དང་འབྲེལ་བའི་གློག་བརྙན་དང་ཟློས་གར། དཔེ་དེབ་སོགས་ཀྱི་རོགས་དངུལ་ཧྥ་སྒོར་ ༥༠༠ མཁོ་སྤྲོད་བྱ་དགོས་པ།

ལྕམ་ལི་ཕིན། ༡། གཞི་རིམ་སློབ་གྲྭ་ཁག་ཏུ་ལོ་རྒྱུས་དང་རྩིས་རིག་སོགས་སྔར་ལམ་ལྟར་ཧྥན་རན་སིའི་སྐད་ཡིག་ཐོག་སློབ་འཁྲིད་བྱེད་དགོས་པ། ༢། སློབ་མའི་སྒྲིག་ཆས་བསྒྱུར་བཅོས་དང་དགེ་རྒེན་ལ་སྔར་ལས་ལྷག་གི་བརྩི་བཀུར་བྱེད་དགོས་པ། ༣། སློབ་གྲྭ་ཁག་སྤྱི་ཚོགས་ཀྱི་རྩོད་གླེང་དང་འབྲེལ་བ་མེད་པའི་རིས་མེད་རིག་གནས་སྡེ་ཁག་གི་ངོ་བོར་གནས་ཐུབ་བྱེད་དགོས་པ།

ཆབ་སྲིད་བཅོས་བསྒྱུར།

སྐུ་ཞབས་མཱག་རོན། མང་ཚོགས་ཀྱི་ཞབས་ཞུ་འཐུས་ཤོར་མི་འགྲོ་བའི་ཆེད་དུ་སྨན་ཁང་ཚུད་པའི་སྤྱི་ཚོགས་ཞབས་ཞུ་བ་ ༡༢༠༠༠༠ གྲངས་འབོར་ཇེ་ཉུང་དང་སྤུས་ཚད་ཇེ་མཐོར་གཏོང་དགོས་པ། ༢། སྲིད་བློན་གྱིས་སློབ་སྟོན་པའི་ལས་དོན་མི་གཉེར་བ་དང་། ཁོང་གི་ནང་མི་ལས་གནས་སུ་བསྐོ་བཞག་མི་ཆོག་པ། ༣། གྲོས་ཚོགས་འཐུས་མི་གཞོན་པ་དང་གྲོས་ཚོགས་འཐུས་མི་སུམ་ཆ་གཅིག་ཉུང་དུ་གཏོང་དགོས་པ།

ལྕམ་ལི་ཕིན། ༡། ད་ལྟའི་དབུས་གཞུང་གི་ལས་ཁུངས་ ༦ ནས་ ༣ བར་ཉུང་དུ་བཏང་སྟེ། མང་ཚོགས་ཞབས་ཞུའི་ལས་ཀ་སླ་རུ་གཏོང་དགོས་པ། ༢། དབུས་གཞུང་གི་སྐུ་ཚབ་ (༥༧༧) ནས་ ༣༠༠ དང་། གྲོས་ཚོགས་འཐུས་མི་ (༣༤༨) ནས་ ༢༠༠ བར་ཇེ་ཉུང་དུ་གཏོང་དགོས། ༣། ད་ལྟའི་འོས་འདེམས་མི་མང་གི་གྲངས་འབོར་གཞིར་བཟུང་གིས་གྲོས་ཚོགས་འོས་བསྡུ་ (first-past-the-post) ལ་འགྱུར་བ་བཏང་སྟེ། འདེམས་བསྐོ་ཡོད་ཚད་ནང་འཐུས་མིའི་གྲངས་འབོར་ཆ་སྙོམ་ (Ipr)བཟོ་དགོས་པ།

ཁོར་ཡུག་དང་ཐོན་ཁུངས།

སྐུ་ཞབས་མཱག་རོན། ༡། སློབ་གྲྭ་དང་རྒྱུན་སྤྱོད་ཟ་ཁང་ཁག་གི་ཟ་མའི་ཕྱེད་ཀ་ཙམ་བཟོ་གྲྭ་དང་རྫས་སྦྱོར་རིགས་ཀྱིས་ལས་སྣོན་བྱས་པ་མ་ཡིན་པར། ས་གནས་སྲོལ་རྒྱུན་སོ་ནམ་མམ་རང་བྱུང་ཐོན་སྐྱེད་བྱས་པ་ཡིན་དགོས་པ། ༢། ཧྥ་རན་སི་ནི་འཛམ་གླིང་སྟེང་ལྗང་བསྒྱུར་འཛུགས་སྐྲུན་ལག་རྩལ་འཕེལ་རྒྱས་ (green technologies) ཀྱི་སྣེ་འཁྲིད་པ་ཞིག་ཆགས་དགོས་པ། ༣། མཐའ་འཁོབ་ཀྱི་ཁྱིམ་ཚང་ས་ཡ་ལྷག་ལ་དབུལ་སྐྱོབ་རོགས་སྐྱོར་བྱེད་དགོས་པ།

ལྕམ་ལི་ཕིན། ༡། ད་ལྟའི་ཧྥན་རན་སིའི་རྡུལ་ཕྲན་ནུས་ཤུགས་ཐོན་སྐྱེད་ (Fessenheim) རྒྱུན་འཁྱོངས་ཐོག རྡུལ་ཕྲན་ནུས་ཤུགས་དེང་རབས་ཅན་དུ་ལེགས་བཅོས་གཏོང་དགོས་པ། ༢། རྒྱལ་ཁབ་ཀྱི་ལྟ་རྟོག་འོག་གི་མཁའ་རླུང་བཙོག་སྒྱུར་ལས་དོན་མཚམས་བཞག་སྟེ། ཧྥ་རན་སིའི་ནུས་ཤུགས་ཐོན་སྐྱེད་ཀྱི་ཁེ་ལས་གསར་བར་བརྟེན་ཏེ་དཔལ་འབྱོར་འཛུགས་སྐྲུན་གྱི་ནུས་པ་མཐོ་རུ་གཏོང་དགོས་པ། ༣། མཚོ་ཐོག་སྐྱེལ་འདྲེན་ཕུད་པའི་ཧྥ་རན་སིའི་ནང་བཟོ་ལས་ཐོན་སྐྱེད་ལས་བྱུང་བའི་མཁའ་དབུགས་དུག་རླངས་ཇེ་ཉུང་དུ་གཏོང་དགོས་པ།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 6

  1. Chacha says:
    ལོ་ 9 སྔོན།

    ད་རེས་སྲིད་འཛིན་དེ་ལྕམ་སྐུ་ཁོ་མོ་ལ་འཐོབ་པ་ཡིན་ན་འཛམ་གླིང་གི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་ཏེ་ཨ་རིའི་སྲིད་འཛིན་ཌོན་ནིལ་ཁྲིམ་དང་ཁོ་རང་ཚོས་འཛམ་བུ་གླིང་འདི་དཀའ་རྙོག་དང་འཐེན་འཁྱེར་གྱི་མུན་ནག་ཅིག་གི་ནང་འཁྲིད་རྒྱུ་ཡིན་པ་སྙོན་མེད་རེད།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    ཧ་ཧ་ཧ། ཡིག་ཆ་རག་པའི་སྐྱབས་བཅོལ་བ་བརྒྱ་ཆ་བདུན་བཅུ་ལྷག་གི་ལས་ཀ་ནག་པོ་ལས་ཀྱི་ཡོད། ཡུ་རོབ་ཀྱི་ངལ་རྩོལ་སྒྲིག་ཁྲིམས་ལྟར་ན་ཉིན་རེ་མི་རེས་ཆུ་ཚོད་བརྒྱད་ལྷག་མ་གཏོགས་ལས་ཀ་བྱེད་ཆོག་གི་མེད།ཡིན་ནའང། སྐྱབས་བཅོལ་བ་ཚོས་ལས་ཀ་ཆུ་ཚོད་བཅུ་བཅུ་གཅིག་བྱེད་ཀྱི་ཡོད། དེ་ལས་ནང་ལས་ཆུ་ཚོད་བཞི་ལས་ཀ་དཀར་པོ་དང་དེ་མིན་ཆུ་ཚོད་ལྷག་མ་རྣམས་ལས་ཀ་ནག་པོ་བྱེད་ཀྱི་ཡོད།ལས་ཀ་དཀར་བོའི་ལས་དངུལ་དངུལ་ཁང་བརྒྱུད་ནས་སྤྲོད་དང་དེ་མིན་ལས་ཀ་ནག་པོའི་ལས་དངུལ་དངུལ་རྐྱང་སྤྲོད་ཀྱི་ཡོད།

    ཆུ་ཚོད་བཞི་ལས་ཀ་ལ་ཉིན་ཕྱེད་ལས་ཀ་ཟེར། དེ་འདྲ་ཡིན་དུས་གཞུང་གིས་ངོས་ནས་འཚོ་དངུལ་རོགས་སྐྱོར་ཡུ་སྒོར་ ༤༠༠་མ་ཟིན་ཙམ་དང་ཁང་རིན་ལ་རོགས་དངུལ་སྤྲོད་ཀྱི་ཡོད།

    གལ་སྲིད་ལས་ཀ་དཀར་པོ་ཆུ་ཚོད་བརྒྱད་བྱེད་པ་དང་དུས་ཡུན་དེ་ལས་བརྒལ་ཚེ་དུས་ཚོད་རེ་རེ་ལ་དུས་ཚོད་རེར་ལ་གླ་དངུལ་ཐད་པ་སྤྲོད་ཀྱི་ཡོད། གལ་སྲིད། གཞུང་འབྲེལ་གུང་སེང་སྐབས་ལས་ཀ་བྱེད་པ་ཡིན་ན་གླ་ཆ་རྒྱུན་ལྡན་ལྡབ་གཅིག་མ་ཟིན་ཙམ་འཕར་གྱི་ཡོད།

    གང་ལྟར་ཡིག་ཆ་རག་པའི་སྐྱབས་བཅོལ་བ་(བོད་རིགས་ཚུད་)མང་ཤོས་ཀྱིས་ལས་ཀ་ཉིན་ཕྱེད་ལས་པ་དང་གཞུང་གི་རོགས་དངུལ་ཡང་ལེན་གྱི་ཡོད།

    ཨ་རི་ལྟ་བུ་ཡིན་ན་ལས་ཀ་ནག་པོ་རྐྱང་རྐྱང་ལས་ཆོག་གི་རེད་སོ་སོ་ལ་ཡིག་ཆ་མི་དགོས་ན་གཞུང་ལ་དཔྱ་ཁྲལ་གང་ཡང་མ་བརྒྱབ་ན་འགྲིག་གི་ཡོད། ཡུ་རོབ་ནང་ལས་ཀ་ནག་པོ་བྱེད་མཁན་དང་ལས་ཀ་སྤྲོད་མཁན་གཉིས་ལ་ཆད་པ་ལྗིད་མོ་གཅོད་ཀྱི་ཡོད། ཨ་རིའི་ནང་ཡིན་ན་ཚད་ལྡན་ཟ་ཁང་དང་བཟོ་གྲྭ་སོགས་ཀྱིས་དངུལ་རྐྱང་སྤྲོད་ཀྱི་མེད་པར་དངུལ་འཛིན་དང་ཡང་ན་དངུལ་ཁང་བརྒྱུད་དེ་སྤྲོད་ཀྱི་ཡོད། དེ་མིན་སྒེར་གྱི་བྱིས་སྐྱོར་མ་ཚོས་དངུལ་རྐྱང་ལེན་གྱི་ཡོད། དེ་ནས་ཨ་རིའི་སྨན་བཅོས་ལྟ་སྐྱོང་དང་ཨོ་བྷ་མ་སྨན་བཅོས་ལྟ་སྐྱོང་སོགས་ཀྱི་ཁེ་ཕན་ལེན་གྱི་ཡོད། དེ་ནས་འགྲོ་སྟངས་ཤེས་ཀྱིན་ཤེས་ཀྱི་་་་་

    གཤམ་དུ་ཡུ་རོབ་སྤྱི་ཡོངས་ཀྱི་ལས་ཀའི་དུས་ཡུན་དང་བདེ་འཇགས། གནས་སྟངས་སོགས་ཀྱི་དྲ་ཐག་གཅིག་སྤྲད་ཡོད། དེ་ཀློགས།
    http://ec.europa.eu/social/main.jsp?catId=706&langId=en&intPageId=205

    Reply
  3. ཉི་མ་ཚེ་རིང་། says:
    ལོ་ 9 སྔོན།

    སྐད་ཆ་འདི་ལ་བརྒྱ་ཆའི་བརྒྱ་མོས་མཐུན་ཡོད། (ཁེ་ལས་སྡེ་ཁག་དག་ཏུ་བདུན་ཕྲག་གཅིག་ནང་ཆུ་ཚོད་ ༣༥ ལས་ལྷག་གི་ལས་ཀ་བྱེད་མི་ཆོག་ཀྱང་། གལ་ཏེ་ཆུ་ཚོད་ ༣༥ ལས་བརྒལ་རིགས་ལ་དེ་ལ་འབབ་པའི་སྤྱི་ཚོགས་བདེ་སྲུང་གི་ཁྲིམས་སྒྲིག་ལྷོད་ཡངས་གཏོང་དགོས་པ།)
    བོད་པ་མང་ཆེ་བས་བདུན་ཕྲག་གཅིག་ནང་ཁྲིམས་མཐུན་ལས་ཀ་ཆུ་ཚོད་ 35 སྟེང་ལ། ཁྲིམས་འགལ་ལས་ཀ་ནག་པོ་ཆུ་ཚོད་ལྔ་བཅུ་དྲུག་ཅུར་ལས་བཞིན་ཡོད་པ་རེད། དེ་དག་ལ་ཟུར་དུ་ཁྲིམས་ཞིག་བཟོས་ན་ཡག་པོ་ཞེ་དྲག་ཡོད་རེད།

    Reply
  4. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    ཧྥ་རན་སི་ཡུ་རོབ་མཐུན་ཚོགས་ཀྱི་ཨ་མ་རེད། འཇར་མན་ཨ་ཕ་རེད། ཡུ་རོབ་མཐུན་ཚོགས་གནས་མིན་ཨ་ཕ་ཨ་མ་གཉིས་ལ་རག་ལས་ཡོད།

    དེང་སང་ཡུ་རོབ་རྒྱལ་ཁབ་ནང་མི་རིགས་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་མང་དུ་འགྲོ་ཡི་ཡོད། དུས་རབས་ཉེར་གཅིག་གི་མགོ་སྟོད་ནས་བཟུང་འཛམ་གླིང་ནང་རང་དབང་ཚོང་ལས་དང་མ་རྩ་འཇོག་འཛུགས་ཀྱི་རྐྱེན་པས་ཡར་ཐོན་རྒྱལ་ཁབ་ཁག་ནང་ལས་ཀ་དང་ས་ཁང་ཉོ་ཚོང་། བདེ་འཇགས་བཅས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད། ལྷག་པར་དུ་ཡར་ཐོན་རྒྱལ་ཁབ་ནང་མཚོན་ན་ཕྱི་མི་གནས་སྤོར་གྲངས་འབོར་སྔོན་དཔག་ལས་ལྡབ་འགྱུར་འཕར་བ་དང་ས་སྐྱེས་རྡོ་སྐྱེས་ཀྱི་གཞོན་སྐྱེས་ཚོ་ལས་མེད་ཀྱི་ཆགས་ཀྱི་ཡོད། དེ་ནི་རང་དབང་ཚོང་ལས་ཟེར་བའི་ཕམ་ཁ་ཆེས་ཤོས་དེ་རེད།

    རྒྱལ་ས་པེ་རི་སི་དང་སྤར་ལེན། སྤར་སིལ། སི་ཀྲོབ་ཁུལ་ཧོན་བཅས་ཀྱི་གྲོང་ཁྱེར་ཆེ་ཁག་གི་མཐའ་སྐོར་ནས་ཕྱི་མི་གནས་སྤོར་བས་ཁེངས་ནས་ཡོང་གི་ཡོད་སྟབས། མི་སེར་ཚོ་རང་བཞིན་གྱི་ཕྱི་གནས་སྤོར་པ་ཚོའི་འགྲམ་ནས་ས་གནས་གཞན་ལ་འགྲོ་ཡི་ཡོད། རིམ་བཞིན་ཕྱི་མི་གནས་སྤོར་བ་ཚོས་ཁུ་སིམ་མར་གྲོང་ཁྱེར་འདི་དག་གི་མཐའ་སྐོར་ནས་ནང་དུ་འཛུལ་བཙན་བཟུང་བྱེད་ཀྱི་ཡོད།

    གོང་གི་གྲོང་ཁྱེར་དེ་དག་གི་གྲོང་མཐའ་ནང་སོང་ན་ཁྱེད་ཀྱིས་རང་ཉིད་མི་རིགས་ནག་པོ་དང་དཀྱིལ་ཤར་ཨེ་ཤ་ཡའི་ཁ་ཆེ་རྒྱལ་ཁབ་ཞིག་ནང་དུ་བསླེབས་པའི་ཚོར་སྣང་ཡོང་གི་རེད། གང་ཡིན་ཟེར་ན་གནས་དེར་ཕྱི་མི་གནས་སྤོར་བ་ཚོས་སོ་སོའི་ལུང་སྐད་རྒྱག་པ་དང་ལྭ་བ་གྱོན་པ། ཚོང་དངོས་སོགས་ཀྱང་ཁོ་ཚོར་མཁོ་བ་རྐྱང་རྐྱང་རེད། དེ་མིན་་གཞུང་གིས་རོགས་སྐྱོར་བླངས་ནས་བསྡད་ཀྱི་ཡོད། དེ་ལས་ཀྱང་གལ་ཆེ་བ་ནི། སྤྱིར་ཡུ་རོབ་ནང་རླངས་འཁོར་མི་གཡོལ་ལ་དགོས་ཀྱི་ཡོད་ཀྱང་། གནས་དེར་རླངས་འཁོར་དང་སྦག་སྦག་མི་ལ་གཡོང་བ་ཕར་བཞག་་ད་རུང་ཁྲིམས་མེད་ལུགས་མེད་ཀྱིས་གང་སར་སྡོད་འཇོག་བྱེད་ཀྱི་ཡོད།

    རྒྱལ་ས་པི་རེ་སིའི་ནང་གི་ལཱ་ཤ་པད་དང་སི་ཏཱ་ལིན་ལྡུམ་ར་གཉིས་ནི་བོད་རིགས་ཚོ་འཛོམས་ས་གལ་ཆེན་ཞིག་ཆགས་ཡོད། ཕལ་ཆེར་གནས་དེར་ཡོད་མཁན་ཚོས་གཞན་ལས་མང་བ་ཤེས་ཀྱི་རེད། དེ་མཚུངས་སྤར་སིལ་རེད། ཁ་ཆེ་དང་མི་རིགས་ནག་པོ་ཚོའི་བྱ་སྤྱོད་སོགས་གསལ་བོ་ཡིན། ལྷག་པར་པི་རེ་སིའི་བྱང་ཕྱོགས་ཀྱི་མེ་འཁོར་ས་ཚིགས་རེད། ད་མི་བཤད།

    གང་ལྟར།སྲིད་འཛིན་འོས་མི་བུད་མེད་ལེབ་པན་ལ་ཧྥ་རན་སིའི་སྲིད་འཛིན་འོས་བསྡུ་ཡི་རྒྱལ་ཁ་ཐོབ་ན་ཡུ་རོབ་སྤྱི་ཡོངས་ཀྱི་སྲིད་དོན་ལངས་ཕྱོགས་ལ་འགྱུར་བ་ཆེན་པོ་འགྲོ་ངེས་ཡིན། དེ་མིན་སྐུ་ཞབས་མཱ་ཁུ་རོབ་ལགས་ལ་ཐོབ་ན་སྔར་གྱི་སྲིད་བྱུས་ལ་ཅུང་ཙམ་འགྱུར་བ་ལས་ཁྱད་པར་དེ་ཙམ་མེད།

    དེ་ན་ཟླ་འཁོར་རྗེས་མའི་འོས་བསྡུ་གྲུབ་འབྲས་ཀྱིས་ཡོད་ཚད་ཐག་གཅོད་དང་གསལ་བོ་ཆགས་ཀྱི་རེད།

    Reply
  5. བློ་བཟང་། says:
    ལོ་ 9 སྔོན།

    སྲིད་འཛིན་འོས་མི་འདི་གཉིས་ཀྱི་ལྟ་བ་ལངས་ཕྱོགས་གསལ་གསལ་ཐང་ཐང་བཟོས་འདུག་པས་གསར་འགྱུར་ཧ་ཅང་ཡག་པོ་ཞིག་སྒྱུར་གནང་འདུག་པར་ཐུགས་རྗེ་ཆེ། ཧྥ་རན་སི་ནི་ཡོ་རོབ་ནང་གི་ཨ་ཕ་ཡིན་ཟེར་སྲོལ་ཡོད་པ་རེད། ཧྥ་རན་སིའི་སྲིད་འཛིན་དང་དེ་ལངས་ཕྱོགས་སོགས་ཡོ་རོབ་རྒྱལ་ཁབ་ཚང་མར་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་དང་། ལྷག་པར་དུ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་གཡོ་འགུལ་གཏོང་ཐུབ་མཁན་དེ་ཆགས་ཡོད་སྟབས་ཧ་ཅང་གནད་འགག་ཡིན། ད་རེས་སྲིད་འཛིན་དེ་ལྕམ་སྐུ་ཁོ་མོ་ལ་འཐོབ་པ་ཡིན་ན་འཛམ་གླིང་གི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་ཏེ་ཨ་རིའི་སྲིད་འཛིན་ཌོན་ནིལ་ཁྲིམ་དང་ཁོ་རང་ཚོས་འཛམ་བུ་གླིང་འདི་དཀའ་རྙོག་དང་འཐེན་འཁྱེར་གྱི་མུན་ནག་ཅིག་གི་ནང་འཁྲིད་རྒྱུ་ཡིན་པ་སྙོན་མེད་རེད།

    Reply
  6. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    མདུན་སྐྱོད་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་མཱ་ཁུ་རོབ་ལགས་སྲིད་འཛིན་འོས་བསྡུའི་འོས་ཤོག་ཐོབ་ཀྱི་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པ་ཡུ་རོབ་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་ཀྱང་དེ་ལྟར་རེ་བ་བྱེད་ཀྱི་ཡོད།

    གལ་སྲིད། རྒྱལ་ཞེན་ཚོགས་པའི་སྲིད་འཛིན་འོས་མི་ལེབ་པན་ལ་ཐོབ་ན་ཡུ་རོབ་སྤྱི་ཡོངས་ཀྱི་སྲིད་དོན་ལ་འགྱུར་ལྡོག་ཆེན་པོ་འགྲོ་ངེས་རེད། མོ་རང་ལ་སྲིད་འཛིན་འོས་བསྡུ་ཐོབ་ནའང་། མོའི་སྲིད་དོན་ལངས་ཕྱོགས་ལྟར་ཧྥ་རན་སི་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ནས་ཕྱིར་ཐོན་པར་མི་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་མེད། ཧྥ་རན་སིའི་ནང་དཀའ་ངས་ཆེས་ཤོས་དང་གཙོ་བ་དེ་སྐྱབས་བཅོལ་བརྒྱུད་ནས་ཡོང་བའི་འཇིགས་སྐུལ་རིང་ལུགས་པ་རེད། དེ་བཀག་འགོག་བྱེད་པ་ལ་སྐྱབས་བཅོལ་བ་བཀག་འགོག་བྱེད་དགོས། དེ་འདྲ་ཡིན་དུས་ཕལ་ཆེར་ཐེངས་འདིའི་ཧྥ་རན་སིའི་སྲིད་འཛིན་མོ་རང་ཐོབ་པའི་རེ་བ་གང་འཚམས་ཡོད།

    ཟླ་དགུ་བའི་ནང་སུད་སུ་དང་ནོར་ཝེ། འཇར་མན་བཅས་ནས་ནང་འོས་བསྡུ་འགྲོ་རྒྱུ་རེད། ལྷག་དོན་འཇར་མན་གྱི་སྲིད་བློན་ chancellorའོས་བསྡུ་སྐབས་སྐྱབས་བཅོལ་བའི་དཀའ་ངལ་འོས་བསྡུ་ཡི་གླེང་གཞི་གཙོ་བོ་རེད། ནེ་རྡི་ལན་ཀྲི་ནང་དུ་རྒྱལ་ཞེན་ཚོགས་པར་འོས་བསྡུ་ཐོབ་པ་རེད། གང་ལྟར་ཡུ་རོབ་ཀྱི་རྒྱལ་ཁབ་ཚོའི་སྲིད་དོན་ཇེ་མཁྲེགས་ནས་ཇེ་མཁྲེགས་འགྲོ་རྒྱུ་ཡིན་ཚོད་དཔག་བྱེད་ཐུབ། དེ་རྗེས་ཅེལ་ཁུ་རྒྱལ་ཁབ་ཀྱི་འོས་བསྡུ་རེད།སྐྱབས་བཅོལ་བའི་དཀའ་ངལ་ཆེས་ཤོས་འཕྲད་ཀྱི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese