མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ཀྱི་བསྟོད་དབྱངས་གྱེར་བའི་ཨ་ནེ་ཆོས་དབྱིངས་སྒྲོལ་མ།

བོད་ཀྱི་དུས་བབ།
༢༠༡༧/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

ལི་ལི་གྷི་རིན་བྷེ་ལ་ཊ་(Lilly Greenblatt)ཡིས་བྲིས།
སྐལ་ལྡན་གྱིས་བསྒྱུར།

ཨ་ནེ་ཆོས་དབྱངས་སྒྲོལ་མ།

ཨ་ནེ་ཆོས་དབྱིངས་སྒྲོལ་མས་ལི་ལི་གྷི་རིན་བྷེ་ལ་ཊ་(Lilly Greenblatt)ལ་ཁོ་མོའི་སྙན་དབྱངས་ཀྱི་འགྱུར་ཁུགས་ཀྱིས་རྒྱལ་སྤྱིར་སྙན་གྲགས་ཇི་ལྟར་རྒྱས་ཚུལ་དང་། སྙན་དབྱངས་ཀྱི་ནང་དོན་དངོས་ཅི་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད།

ཨ་ནེ་ཆོས་དབྱིངས་སྒྲོལ་མ་ནི་བལ་ཡུལ་གྱི་སྙན་གྲགས་ཆེ་བའི་ནང་པའི་བཙུན་མ་རོག་(rock star Buddhist nun)རོལ་དབྱངས་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཁོ་མོས་རང་ཉིད་ཀྱི་རོལ་དབྱངས་མགོ་བོ་གཡུགས་ཏེ་སྤྲོ་སྐྱིད་ལ་རོལ་ཆེད་ཙམ་དུ་ངོས་འཛིན་བྱེད་ཀྱི་མེད།

ཁོ་མོས། “རོལ་དབྱངས་ལ་རིགས་མི་འདྲ་བ་གཉིས་ཡོད། གཅིག་ནི་རོལ་དབྱངས་ཀྱིས་རང་སེམས་ཕྱིར་འདོན་པར་བྱེད་པ་དང་། གང་སར་འཕྱོ་ཞིང་ལུས་པོ་གཡོ་སྒུལ་བྱེད་པ་དེ་ཡིན། གཞན་དེ་ནི་རང་སེམས་ནང་དུ་འགུག་པ་དང་། ལྷོད་པོར་གནས་པ། གཞན་གྱིས་རང་ཉིད་ལ་བཅང་བའི་རེ་དོགས་ཀྱི་འཇིགས་སྣང་ནས་སྲུང་བར་བྱེད་པ། འགྲོ་སྡོད་སྤྱོད་གསུམ་རང་ཉིད་ཀྱི་སེམས་ཁམས་དང་མཐུན་པར་བྱེད་པ་དེ་ཡིན།” ཞེས་ཟེར།

ཨ་ནེ་ཆོས་དབྱིངས་ཀྱི་སྙན་དབྱངས་ནི་སྲོལ་རྒྱུན་ནང་པའི་ཆོས་ཀྱི་བསྟོད་དབྱངས་དང་མགུར་གླུ། ཤེས་པ་དང་གཟུངས་སྔགས་ཀྱི་དབྱངས་རྟ་ཟུང་འབྲེལ་གྱིས་སྒོམ་ཉམས་ལེན་བྱེད་ཐབས་ཤིག་དང་། སེམས་ཞི་ཞིང་མཉམ་པར་འཇོག་པ། རང་སེམས་འཆིང་རྒྱ་ལས་འགྲོལ་ཐབས་ཤིག་ཡིན་པ་རེད།

ཁོ་མོས། “སྙན་མགུར་དང་བསྟོད་དབྱངས་ལ་ལང་ལོང་དུ་འཁྲུག་པའི་སེམས་ཀྱི་གནས་བབ་ཞི་བར་བྱེད་པའི་ལྷན་རྒྱས་ཀྱི་ཁྱད་ཆོས་ལྡན་ཡོད།” ཟེར།

ཨ་ནེ་ཆོས་དབྱིངས་སྒྲོལ་མའི་ཆུང་དུས་ཀྱི་མིང་ལ་སྒྲོལ་མ་ཚེ་སྐྱིད་ཟེར་བ་དང་། ཕྱི་ལོ་ ༡༩༧༡ ལོར་བལ་ཡུལ་གྱི་བོད་མི་སྐྱབས་བཅོལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་དུས་ལོ་མང་རིང་ཁོ་མོའི་པཱ་ལགས་ཀྱིས་རྡུང་རྡེག་དྲག་པོ་བཏང་རྐྱེན། ལོ་ན་ ༡༠ ལས་མ་སོན་པའི་བུ་མོ་སྒྲོལ་མ་ཚེ་སྐྱིད་ཀྱིས། འཇེག་རྟེན་གྱི་བྱ་གཞག་ལ་སུན་སྣང་གིས་རབ་ཏུ་འབྱུང་བའི་དམ་བཅའ་བཞག

ལོ་ན་ ༡༣ ཐོག་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཊུ་ཡི་བྱང་ཕྱོགས་ཀྱི་རི་འདབས་སུ་ཆགས་པའི་བཙུན་དགོན་ནཱ་གྷི་དགོན་པར་ཆོས་ཞུགས་བྱས། སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེའི་ཞབས་ལ་གཏུགས་ཏེ། དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་ཐབས་དང་། མི་ཚེར་དམིགས་འདུན་བཟང་པོ་འཆང་བའི་བླང་དོར་གྱི་བཀའ་སློབ་ཟབ་མོ་མང་པོ་ཐོབ་ཡོད། ཁོ་མོས། “ད་བར་ལས་དོན་ཅི་ཞིག་བྱས་ཀྱང་བླ་མའི་གདམས་ངག་དང་འགལ་བའི་ལས་ངན་ནམ་ཡང་བརྩམས་མྱོང་མེད།” ཟེར།

ཁོ་མོས་རང་ཉིད་ཆུང་དུས་དགོན་པར་ཆོས་ཞུགས་མ་བྱས་གོང་། ཁོང་ཁྲོ་ཚ་ལ་སྣང་བ་མི་སྐྱིད་པའི་བུ་མོ་ཞིག་ཡིན། ཁོ་མོའི་པཱ་ལགས་ཀྱིས་རང་ཉིད་ལ་དེ་ལྟར་སྡུག་བསྔལ་གྱི་སྣང་བ་ཞིག་བྱིན་མེད་ན། ད་གཟོད་ཆོས་བྱེད་ཀྱི་ཀུན་སློང་དང་དོན་སྙིང་ལྡན་པའི་ད་ལྟའི་མི་ཚེ་འདི་སྐྱེལ་ཐབས་བྲལ་བ་ཞིག་རེད་ཅེས་ཟེར།

ཨ་ནེ་ཆོས་དབྱིངས་ཀྱིས། “ངའི་མི་ཚེར་འགྱུར་བ་གཏོང་མཁན་གྱི་གལ་ཆེའི་མི་སྣ་གཉིས་ཡོད། ཁོང་རྣམ་པ་གཉིས་ནི་རང་ཉིད་ཀྱི་ཕ་དང་བླ་མ་གཉིས་ཡིན། ང་ལ་མཚོན་ན་ཁོང་རྣམ་པ་གཉིས་ཀ་བཀའ་དྲིན་ཆེན་པོ་ཡིན་ལ། ངས་ཁོང་གཉིས་ཀ་གཅིག་མཚུངས་ངོས་འཛིན་ཞུ་གི་ཡོད།” ཟེར།

གྷི་ཊཱར་(Guitarist)རོལ་མོ་དཀྲོལ་མཁན་སི་ཊིབ་ཊི་བྷེ་ཙེ་(Steve Tibbetts)རང་ཉིད་ཀྱི་བཟའ་ཟླ་དང་ལྷན་དུ་བཙུན་དགོན་དེར་ལྟ་སྐོར་ལ་ཡོང་ཐེངས་ཤིག་ལ། མོ་ལོ་ ༢༢ ལ་སོན་པའི་ཨ་ནེ་ཆོས་དབྱིངས་ཀྱི་སྙན་དབྱངས་འགྱུར་ཁུགས་ལ་ཡིད་དབང་འཕྲོག་པ་དང་། ཁོ་མོའི་ཆོས་ཀྱི་བསྟོད་དབྱངས་སྒྲ་འཇུག་བྱས་ཏེ་ཨ་རིར་ཁྱེར་ནས། གྷི་ཊཱར་གྱི་སྒྲ་དབྱངས་དང་ལྷན་དུ་སྒྲིག་སྦྱོར་བྱས། སི་ཊིབ་ཀྱིས་ཁོ་མོའི་སྒྲ་དབྱངས་ལ་ཁྱད་ཆོས་མི་འདྲ་བ་ཞིག་ཡོད་པ་ཤེས་སྟབས། གྷི་ཊཱར་དང་ལྷན་དུ་སྒྲིག་སྦྱོར་བྱས་པའི་འཁོར་ཐག་ཁོ་མོར་བསྐུར་ཏེ། བསྟོད་དབྱངས་ཀྱི་འཁོར་ཐག་ཧྲིལ་པོ་སྒྲ་འཇུག་བྱེད་པའི་རེ་བ་བཏོན།

ཁོ་མོས་ཕྱི་ལོ་ ༡༩༩༧ ལོར་འཁོར་ཐག་དང་པོ་༼ཆོས།༽ཞེས་པ་དེ་འགྲེམས་སྤེལ་བྱས་པ་ནས་བཟུང་། ད་བར་འཁོར་ཐག་དང་འོད་སྡེར་རིགས་རྣམ་གྲངས་མི་འདྲ་བ་ ༡༢ འདོན་སྤེལ་བྱས་ཟིན་པ་དང་། འཛམ་གླིང་གི་ཡུལ་གྲུ་གང་སར་ཕྱོགས་བསྐྱོད་ཀྱིས་སྙན་དབྱངས་གྱེར་བཞིན་ཡོད།

ཁོ་མོ་བཙུན་མ་ཞིག་ཡིན་པའི་ཆ་ནས་དཔལ་འབྱོར་འདུ་འགོད་ཀྱི་རྣམ་པར་སྤྱི་ཚོགས་ཁྲོད་སྐྱོན་བརྗོད་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད་ཀྱང་། ཁོ་མོས་རོལ་དབྱངས་ཀྱི་ལས་དོན་བརྒྱུད་གསོག་སྒྲུབ་བྱས་པའི་མ་དངུལ་ཡོངས་རྫོགས་བཙུན་མའི་བདེ་དོན་ཐེབས་རྩ་(The Nun’s Welfare Foundation)སོགས་དགེ་རྩ་ཁོ་ནར་གཏོང་གི་ཡོད།

ཨ་ནེ་ཆོས་དབྱིངས་ཀྱིས། “ངས་ཕོ་བྲང་ཉོ་བསམ་པ་མེད་ལ། གནམ་གྲུ་དང་། རིན་ཐང་ཆེ་བའི་གྱོན་ཆས། རོལ་རོའི་སི་(Roll Roysce)རྟགས་ཅན་གྱི་རླངས་འཁོར་སོགས་ང་ཡིད་དབང་འཕྲོག་ཡུལ་ཞིག་མིན། ངས་སེམས་དབུས་ནས་དགའ་མོས་བྱ་ཡུལ་ནི་དངོས་ཡོད་དཀའ་ངལ་འཕྲད་པའི་མི་ལ་རོགས་རམ་བྱེད་རྒྱུ་དེ་ཡིན།” ཟེར།

ཕྱི་ལོ་ ༢༠༠༠ ལོར་བཙུན་མའི་བདེ་དོན་ཐེབས་རྩས་ཨར་ཡ་ཏཱ་ར་སློབ་གྲྭ་(Arya Tara School)གསར་འཛུགས་བྱས་ཤིང་། ལོ་ ༥ ནས་ ༡༨ བར་གྱི་བཙུན་མ་གྲངས་ ༨༥ ཙམ་གྱིས་ནང་ཆོས་སློབ་གཉེར་བྱེད་པ་དང་ལྷན། ཚན་རིག་དང་། ཨང་རྩིས། སྤྱི་ཚོགས་ཚན་རིག་སློབ་གཉེར་གྱིས་མཐོ་རིམ་སློབ་གྲྭ་འགྲིམ་ཐུབ་པའི་མཐུན་རྐྱེན་སྐྲུན་བཞིན་ཡོད། དེ་ནི་བལ་ཡུལ་ནང་གི་བཙུན་མའི་སློབ་གཉེར་གྱི་ཁ་ཕྱོགས་གསར་པ་ཞིག་ཡིན།

ཨ་ནེ་ཆོས་དབྱངས་སྒྲོལ་མ།

ཨ་ནེ་ཆོས་དབྱིངས་ཀྱི་མི་ཚེའི་ལམ་བུ་ནི། རང་ཉིད་ཀྱིས་གསར་སྐྲུན་བྱས་པའི་སློབ་གྲྭ་དེའི་བཙུན་མ་རྣམས་ཀྱི་མིག་དཔེར་གྱུར་ཡོད་པ་དང་། ཁོ་ཚོས་ཀྱང་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བཙུན་མ་ཞིག་བྱེད་པའི་ཕུགས་བསམ་འཆང་བཞིན་ཡོད། ཨ་ནེ་ཆོས་དབྱིངས་སྤྱིར་བུད་མེད་ཅིག་ཡིན་པ་དང་། ཡང་སྒོས་བཙུན་མ་ཞིག་ཡིན་པའི་ཆ་ནས་ཐོག་མར་སྙན་དབྱངས་ཀྱི་འཁོར་ཐག་གསར་བཟོ་བྱེད་སྐབས། རང་དབང་དང་མིང་གྲགས་དོན་གཉེར་ཅན་དུ་ངོས་འཛིན་གྱིས་ཕྱོགས་གང་ས་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད།

ཁོ་མོས། “བཙུན་མ་ཞིག་དེ་ལྟར་ཡོངས་གྲགས་ཆགས་པར་རང་རིགས་གྲྭ་བཙུན་རྣམས་གཙོས་མི་མི་ཉུང་བ་ཞིག་ཧང་སང་བ་རེད།” ཟེར། ད་ཆ་མི་རྣམས་ཀྱིས་ཁོ་མོའི་ཆེད་ལས་ལ་གདེང་འཇོག་དང་གུ་ཡངས་ཀྱི་བསམ་པ་འཆང་བ་དེ་སྤྱི་ཚོགས་ཀྱི་བཟང་ཕྱོགས་ཀྱི་འགྱུར་བར་ངོས་འཛིན་བྱེད་ཀྱིན་ཡོད།

ཁོ་མོས། “བུད་མེད་ཅིག་གམ་བཙུན་མ་ཞིག་དེ་ལྟར་མང་ཚོགས་ཀྱི་དབུས་སུ་ལང་བ་ལམ་ལུགས་སྲོལ་དང་མི་མཐུན་པར་བརྩི་བ་དང་། ང་ལ་མཚོན་ན་སུན་སྣང་གི་རྣམ་འགྱུར་སྟོན་མཁན་མི་ཉུང་བ་བྱུང་། འོན་ཀྱང་ད་ཆ་མི་རྣམས་ཀྱིས་ངའི་སྙན་དབྱངས་ཀྱི་མངོན་འདོད་ཤེས་ཀྱི་ཡོད། གང་ལགས་ཤེ་ན། ངས་ཆག་གྲུམ་དུ་ཤོར་བའི་བརྩེ་དུང་གི་སྐྱོ་གཞས་ཤིག་གཏོང་གི་མེད་པས་ཡིན།” ཟེར།

ཨ་ནེ་ཆོས་དབྱིངས་ཀྱི་དགེ་རྩའི་ལས་དོན་རང་ཉིད་ཀྱི་སློབ་གྲྭ་ཁོ་ན་མ་ཡིན་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་མ་དངུལ་ཚན་པའི་བལ་པོའི་སྲིད་གཞུང་གི་སྐུ་ཚབ་དང་པོའི་ལས་ཁུར་ཡང་འཁྱེར་བཞིན་ཡོད།

ཕྱི་ལོ་ ༢༠༡༠ ལོར་བཙུན་མའི་བདེ་དོན་ཐེབས་རྩས་ཨཱ་རོ་རྒྱ་བདེ་རྩ་(Aarogya Foundation)ཞེས་པ་གསར་འཛུགས་བྱས་པ་དང་། བདེ་རྩ་དེས་བལ་ཡུལ་ནང་གི་མཁལ་མ་ནད་པར་སྨན་དོད་ཀྱི་འགྲོ་གྲོན་གཏོང་གི་ཡོད། ཨ་ནེ་ཆོས་དབྱིངས་ཀྱི་ཨ་མ་ལགས་མཁལ་མའི་ནད་ཀྱིས་གནར་ནས་འདས་གྲོངས་སུ་གྱུར་བ་དང་། སྐབས་དེར་མཁལ་མ་བརྗེ་ལེན་གྱི་གཤག་བཅོས་བྱ་ཡུལ་ཐག་ཉེ་ཤོས་རྒྱ་གར་ཡིན། ཁོ་མོས་ཨ་མ་ལགས་ཐེངས་གཉིས་རྒྱ་གར་དུ་ཁྲིད་ཀྱང་དྲག་སྐྱེད་མ་བྱུང་བ་རེད།

ཁོ་མོས། “ངས་རང་ཉིད་ཀྱི་ཨ་མར་ཕྱིས་འབྱུང་ནུས་པ་གང་ཡོད་ཀྱིས་མཁལ་མ་ནད་པར་རོགས་རམ་བྱེད་རྒྱུའི་ཁས་ལེན་བྱས་པ་ཡིན།”ཟེར། ཨཱ་རོ་རྒྱ་ཐེབས་རྩ་ལེགས་གྲུབ་བྱུང་བའི་རྗེས་ཐེབས་རྩ་དེས། བལ་པོའི་གཞུང་ལ་བལ་ཡུལ་ནང་གི་ཉམ་དག་མཁལ་མ་ནད་པར་རིན་མེད་མཁལ་ཚབ་དང་གཤག་བཅོས་བྱེད་ཐུབ་པའི་ཁས་ལེན་བྱས་ཡོད།

ཨ་ནེ་ཆོས་དབྱིངས་ཀྱི་ཕུལ་དུ་བྱུང་བའི་ནང་པའི་ཆོས་ཀྱི་བསྟོད་དབྱངས་ཀྱིས་རྒྱལ་སྤྱིར་སྙན་གྲགས་རྒྱས་ཡོད་ཀྱང་། ཁོ་མོ་ནི་མིང་གྲགས་དོན་གཉེར་ཅན་ཞིག་མིན་ལ། བཙུན་མ་རོག་རོལ་དབྱངས་པ་(rock star nun)ཞེས་པའི་མིང་འདོགས་དེར་དེ་བས་ཀྱང་དགའ་པོ་བྱེད་ཀྱི་མེད།

ཁོ་མོས། “ང་ཚོ་མི་ཟེར་བ་དེ་མིང་འདྲ་མིན་ལ་དགའ་པོ་བྱེད་པ་ཡིན། འོན་ཀྱང་ངས་རང་ཉིད་ལ་མིང་བྱང་གང་ཡང་བཀོད་མེད་ལ། ང་ནི་རང་ཉིད་གང་ཡིན་པ་དེར་དགའ་པོ་ཡོད།”ཟེར། འདི་ལོའི་ཕྱི་ཟླ་ ༤ ནས་ཨ་ནི་ཆོས་དབྱིངས་ཀྱིས་རྒྱ་ནག་དང་ཇར་མ་ནི། སིན་གྷ་པོར། བོད། ཐའི་ཝན། ཨ་རི་སོགས་ཡུལ་གྲུ་མང་པོར་སྐོར་སྐྱོད་བྱས་དང་བྱེད་མུས་ཡིན།

ཁོ་མོས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བསྟོད་དབྱངས་གཞན་ལ་ཐོས་པར་བྱེད་པ་ནི། བསོད་ནམས་གསོག་པའི་རྒྱུར་ངོས་འཛིན་བྱེད་པ་དང་། སྙན་དབྱངས་ཀྱི་བསླབ་བྱ་རྣམས་ད་ལྟའི་དུས་རབས་ལ་ངེས་པར་དགོས་མཁོ་ཅན་དུ་ངོས་འཛིན་བྱེད་ཀྱིན་ཡོད།

ཁོ་མོས། “རོལ་དབྱངས་ཞེས་པ་ནི་ས་གནས་དང་། ལོ་ཚད། མི་རིགས་སོགས་དབྱེ་མཚམས་མེད་པར་ཚང་མས་གོ་ཐུབ་པའི་སྐད་ཡིག་དེ་ཡིན།” ཟེར།

མ་རྩོམ་འབྲེལ་ཐག https://www.lionsroar.com/meet-the-rock-star-buddhist-nun-who-sings-for-spiritual-freedom/

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese