མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅང་ཙི་མེན་ཐེངས་ག་ཚོད་ཅིག་ལ་ཤི་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

མ་ཡིག་གི་ཁ་བྱང -ཐེངས་མང་ཐོན་པའི་ཅང་ཙི་མེན་ཤི་བའི་གནས་ཚུལ་ལ་གཡོ་འཕྲུལ་ཅི་འདུག

རྩོམ་པ་པོ། ཁྲིན་སི་མིན།  བོད་སྒྱུར་བ། པདྨ་མཚོ།

འདི་ལོའི་ཟླ་ ༥ ཚེས་ ༨ ཉིན་ཡང་བསྐྱར་ཅང་ཙི་མེན་ནད་མནར་གྱིས་ཤི་བའི་གནས་ཚུལ་ཐོན་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་རིམ་བྱུང་གི་ལོ་རྒྱུས་ནང་རྒན་ཡོལ་དུ་ཕྱིན་རྗེས། ཅང་ཙི་མེན་ལྟར་མི་འདོད་འཁོན་སེམས་ཆེན་པོས་འབུད་རྒྱག་གསུམ་དང་བཀག་འགོག་བཞི་ཡིས་རུབ་རྒྱག་པ་མ་ཟད། ཐ་ན་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཡང་ནས་བསྐྱར་དུ་ཐོན་པ་གཅིག་ཀྱང་ཡོད་པ་མ་རེད།

ཅང་ཙི་མེན་ཤི་བའི་གནས་ཚུལ་རིམ་ཐོན་སྐོར་བཤད་སྐབས། གནས་ཚུལ་གྱི་བྱུང་ཐེངས་གཉིས་མ་གླེང་ཐབས་མེད་དུ་གྱུར་ཡོད་དེ་ཐེངས་ཤིག་གསར་འགྱུར་དངོས་སུ་སྤེལ་ཡོད་པ་དང་། ཐེངས་ཤིག་རྒྱ་ནག་གཞུང་ཕྱོགས་ནས་དེའི་སྐོར་ལ་དངོས་སུ་ལན་འདེབས་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ ཐོག ཧོང་ཀོང་གི་ཡ་གླིང་བརྙན་འཕྲིན་ཁང་ནས་ཅང་ཙི་མེན་ནད་མནར་གྱིས་གྲོངས་བའི་གནས་ཚུལ་སྤེལ་ཡོད་པ་དང་། སྐབས་དེར་ཡ་གླིང་བརྙན་འཕྲིན་ཁང་གཅིག་པུ་མིན་པར་ཚེས་ ༦ ཉིན་གྱི་ཉིན་གུང་༼ཧྲན་ཏུང་གསར་འགྱུར་དྲ་བའི༽ཐོག་ཡིག་གཟུགས་ཆེན་པོས་ཅང་ཙི་མེན་ཤི་བའི་གནས་ཚུལ་སྤེལ་ཡོད་ཀྱང་དེ་མ་ཐག་བསུབས་ཡོད་པ་རེད།

རྗེས་སུ་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་གིས་ཡ་གླིང་བརྙན་འཕྲིན་ཁང་གི་གནས་ཚུལ་དེ་མ་ཐོན་གོང་དུ། རྒྱ་ནག་ཧྲང་ཧེ་རུ་ཅང་ཙི་མེན་ལ་ཚབས་ཆེན་ཞིག་ན་ཡོད་པ་དང་། ན་ཚ་དེ་ཟ་མ་དང་འབྲེལ་བ་ཡོད། རྒན་ཡོལ་ཞུས་རྗེས་ཡུན་རིང་ནས་ཧྲང་ཧེ་རུ་གནས་སྡོད་བྱས་ཡོད་པའི་ཅང་ཙི་མེན་ཧ་ལམ་ལོ་ལྟར་ཡཱང་ཀྲུའུ་རུ་ཐེངས་གཅིག་རེར་ལོག་གི་ཡོད་པ་དང་། ཕྱིར་ལོག་ཐེངས་རེར་ཡུལ་དེར་སྐད་གྲགས་ཡོད་པའི་རུས་སྦལ་ཉ་ལེབ་(甲鱼)ཀྱི་བྲོ་བར་མྱོང་གི་ཡོད་པར་བརྟེན། ས་གནས་གཞུང་གི་ལས་བྱེད་ཚོས་ཆེད་དུ་མི་མངགས་ཏེ་བདག་མེད་ཆུ་ནང་དུ་འཚོ་བའི་ཉ་མོ་དེ་བཟུང་ནས་ཁོ་ལ་འབུལ་གྱི་ཡོད་པ་དང་། ད་ལན་ཅང་གིས་ཟོས་པའི་རུས་སྦལ་ཉ་ལེབ་ཀྱི་ཤ་ཡི་ནང་གནོད་འབུ་ཡོད་རྐྱེན་ནད་མནར་ཆེན་པོ་ཕོག་ཡོད་སྐོར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༩ ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་གྱིས་བསྡུས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག གསར་འགོད་པས་ཅང་ཙི་མེན་ཤི་བའི་གནས་ཚུལ་དེ་བདེན་པ་ཡིན་མིན་འདྲི་སྐབས། མོས་བདེན་དཔང་བྱེད་ཐབས་ཡོད་པ་མ་རེད་ཅེས་གཞུང་འབྲེལ་གྱི་ལན་འདེབས་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་ཡང་བསྐྱར་ཉི་ཧོང་གི་ཊོག་ཡོ་གསར་ཁང་གིས་ཅང་ཙི་མེན་ཤི་བའི་གནས་ཚུལ་སྤེལ་ཡོད་པ་རེད། གནས་ཚུལ་དེའི་ནང་དུ་ཟླ་ ༨ པའི་ཟླ་མགོ་ཙམ་ལ་ཅང་ཙི་མེན་གྱི་ནད་རྙིང་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད། ཛ་དྲག་ཏུ་གྱུར་ཏེ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པ་དང་། ད་ལན་ན་ཚ་དེ་ཁ་ནང་ནས་ཡར་འཛུལ་བ་མིན་པར་སེམས་ལ་ནད་གཞི་ཆེན་པོ་ཕོག་འདུག ཅང་ཙི་མེན་གྱིས་ཀྲུའུ་ཡོང་ཁང་ལ་ཞིབ་བཤེར་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད་ཀྱང་། ཞི་ཅིན་ཕིན་གཞུང་གིས་ལོ་དེའི་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་ཀྲུའུ་ཡོང་ཁང་ལ་ཞིབ་བཤེར་གྱི་ཉེས་དོན་ཐོ་འགོད་བྱས་རྗེས། ཅང་ཙི་མེན་གྱི་གཟུགས་པོས་མ་ལྕོགས་པར་སྨན་ཁང་དུ་བསྡད་དགོས་ཁེལ་ཡོད་པ་བརྗོད་ཡོད།

ཊོག་ཡོ་གསར་འགྱུར་ཁང་གིས་ཅང་ཙི་མེན་གྱི་ནད་རྙིང་ཕྱི་ཟླ་ ༨ པའི་ཟླ་མགོར་འཕར་བ་བརྗོད་ཡོད་པ་དང་། ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་ཕྱི་ཟླ་ ༨ ཚེས་ ༡༤ ཉིན་སྤེལ་བའི་ཁ་བྱང་དུ་སྟག་དང་སྦྲང་ནག་གི་རྗེས་སུ་སྡོམ་ཅང་ཙི་མེན་ལ་ཐུག་འདུག “After Tigers and Flies, Now a Spider:Jiang Zemin”ཅེས་པའི་གནས་ཚུལ་དེའི་ནང་། ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་ལས་འགུལ་ཇེ་དྲག་ཏུ་ཕྱིན་ཏེ། སྦྲང་ནག་དང་སྟག་རྒན་ཕམ་པར་བརྒྱབ་རྗེས་ད་ལྟ་སྡོམ་ཅང་ཙི་མེན་གྱི་མགོ་ལ་བབ་ཡོད་ལུགས་བརྗོད་ཡོད་པ་རེད།

ནེའུ་ཡོག་དུས་བབ་ཀྱི་གནས་ཚུལ་དེའི་ནང་ཅང་ཙི་མེན་རྒན་ཡོལ་དུ་ཕྱིན་ཏེ་ལོ་མང་ཕྱིན་ཡོད་ཀྱང་། ཏང་གི་ཆབ་སྲིད་དང་དམག་དོན། ཁེ་ལས་བཅས་ཀྱི་ནང་ཤུགས་རྐྱེན་ལྷག་ཡོད་སྐོར་བརྗོད་པ་དེའི་ཐད་གནད་དོན་དབྱེ་ཞིབ་པ་ཚོས། ཞི་ཅིན་ཕིན་གྱིས་གཏིང་ཟབ་ཅིང་སྲ་བརྟན་དུ་གྱུར་བའི་ལྐོག་ཟ་རུལ་སུངས་དང་དཔལ་འབྱོར་ཁེ་ཕན་ཧམ་ལེན་ལེགས་བཅོས་དགོས་ན། ཅང་ཙི་མེན་གྱི་ལོ་ངོ་ ༢༠ ལྷག་རིང་གི་ཞིབ་ཚགས་པའི་མི་འབྲེལ་གསང་རྒྱ་ངེས་པར་དུ་གཙང་བཟོ་དགོས་སྐོར་བརྗོད་ཡོད་པ་རེད།

ཅང་ཙི་མེན་སྔར་དང་མི་འདྲ་སྟེ། ཕྱི་ལོ་ ༢༠༡༡ ལོའི་ནད་མནར་སྐབས་ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ནས་ཅང་ཙི་མེན་གྱི་གཏན་འཁེལ་བའི་ཚོགས་ཆེན་ ༡༨ པའི་མ་རྐང་འཛིན་ལོར་ཧུའུ་ཅིན་ཐའོ་དང་ཝིན་ཅ་པའོ་ཡིས་འགུལ་སྐྱོད་རྒྱག་ཐུབ་པ་མ་རེད་ཅེས་བརྗོད་ཡོད་ཀྱང་། ད་ལོའི་ཚོགས་ཆེན་ ༡༩ པ་འཚོགས་ལ་ཉེ་སྐབས་ཡང་བསྐྱར་ཅང་ཙི་མེན་ཤི་བའི་གནས་ཚུལ་ཐོན་སྐབས། པེ་ཅིན་གྱི་དམར་ཤོག་མི་རབས་གཉིས་པས་ཅང་ཙི་མེན་ལ་བེད་སྤྱོད་མེད་པས་ཤི་གསོན་གང་ཡིན་གཅིག་པ་རེད་ཅེས་བརྗོད་པ་རེད།

ཐེངས་མང་པོར་ཅང་ཙི་མེན་ཤི་བའི་གནས་ཚུལ་ཐོན་པ་དེར་གཡོ་འཕྲུལ་ག་རེ་ཡོད་མེད་གལ་ཆེན་པོ་མ་རེད། གནས་ཚུལ་ཐོན་ཐེངས་རེར་དྲ་ལམ་དུ་མི་མང་གིས་བསམ་ཚུལ་མང་པོ་སྤེལ་བ་མ་ཟད། གོ་སྐབས་བཟུང་སྟེ་ཅང་ཙི་མེན་གྱིས་ལོ་རྒྱུས་གཡོ་ཚོང་དང་རྒྱལ་ཁམས་ཕྱིར་འཚོང་བྱས་པ། དྲུག་བཞིའི་སློབ་ཕྲུག་བཙན་གནོན་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་གནོད་འཚེ། ལྐོག་ཇུས་སྲིད་བསྒྱུར། གཞན་ཡང་། ཏང་སྲིད་དམག་གསུམ་གྱི་སྟག་རྒན་ཆེན་མོའི་རྒྱབ་རྟེན་ཡིན་པ་དང་ཅང་ཚང་གི་ཕ་བུ་གཉིས་ནི་ལྐོག་ཟ་རུལ་སུངས་མཁན་ཨང་དང་པོ་ཡིན་པ་སོགས་ཀྱི་ནག་ཉེས་དམར་རྗེན་དུ་བཏོན་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ལོར་དྲ་ལམ་ཏུ་ཅང་ཙི་མེན་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བརྗོད་པའི་བརྙན་ཐུང་ཞིག་ཀྱང་ཚ་ཚ་འུར་འུར་གྱིས་སྤེལ་ཏེ། མི་ཚོས་ཅང་ཙི་མེན་ནད་མནར་གྱིས་ཤི་ན་ལས་སླ་ཐག་ཆོད་པས་རྒྱལ་སྤྱིའི་ཁྲིམས་ཁང་ནས་ཁོ་ལ་ཁྲིམས་ཐག་གཅོད་དགོས་པའི་འཁོན་སེམས་མངོན་པར་བྱས་ཡོད་པ་རེད།

སྐམ་ས་ཆེན་མོའི་ད་ལྟའི་ཞུ་གཏུག་ཡི་གེ་ཁྲི་ ༢༡ མ་ཟིན་ཙམ་གྱིས་ཀྱང་ཅང་ཙི་མེན་སྒུག་བསྡད་ཡོད་པ་བརྗོད་མི་དགོས་པར་བརྟེན། མ་འོངས་པར་ད་དུང་ཅང་ཙི་མེན་ཤི་བའི་གནས་ཚུལ་རིམ་པར་འཐོན་ཏེ།  ཅང་ཙི་མེན་ཁོ་རང་གིས་གཅིག་འགྲུབ་ཀུན་འགྲུབ་ཅིག་ཡོང་བའི་རེ་འདོད་ཆེས་ཆེར་བྱེད་སྲིད་ཀྱང་། སྐབས་དེར་གསོན་པར་རེ་ན་མི་ཆོག་ལ། ཤི་བར་སྨོན་ནའང་མི་འགྲིག་པ་རེད།

མ་ཡིག་གི་འབྲེལ་ཐག http://www.epochtimes.com/b5/17/5/14/n9140157.htm

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese