མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོད་ཚོས་བཟོད་བསྲན་དང་ངང་རྒྱུད་རིང་པོས་ཞི་བའི་འཐབ་རྩོད་གནང་སྟངས་དེ་རླབས་ཆེན་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་སྐོར་ཞིག་དྷ་རམ་ས་ལར་གཟིགས་སྐོར་གནང་སྐབས། བོད་མི་ཚོས་འདས་པའི་ལོ་ངོ་ལྔ་བཅུ་ལྷག་རིང་རྩ་དོན་འཐབ་རྩོད་ཀྱི་ཞོར་དུ་སྐད་ཡིག་རིག་གཞུང་སྲུང་སྐྱོབ་གནང་སྟངས་དང་ཁོར་ཡུག་སྲུང་སྐྱོབ་ཐོག་དོ་སྣང་ཆེན་པོ་ཡོད་པ་དེར་ཡིད་ཚིམ་ཡོད་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཡུ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་སྐུ་ཚབ་ ༤ ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། བོད་དོན་རྒྱབ་སྐྱོར་ཚོགས་ཆུང་དེ་ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༦ བར་དྷ་རམ་ས་ལ་ཁུལ་དུ་གཟིགས་སྐོར་དང་བསྟུན་ཏེ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པ། དེ་བཞིན། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་བཅས་ལ་ཐུག་འཕྲད་དང་། བཞུགས་སྒར་ཁུལ་གྱི་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ལ་གཟིགས་སྐོར་གནང་སྟེ། བཙན་བྱོལ་བོད་མིའི་གནས་སྟངས་དང་བོད་མིའི་ཆོས་དང་རིགས་གཞུང་། ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཅས་ལ་རྒྱུས་ལོན་གནང་ཡོད་པ་རེད།

ཐེངས་འདིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ནང་ཡུ་རོབ་གྲོས་ཚོགས་ཀྱི་ཡུ་རོབ་མི་མང་ཚོགས་པ་དང་། སྤྱི་ཚོགས་རིང་ལུགས་དང་དམངས་གཙོ་རིང་ལུགས་སོགས་ཆབ་སྲིད་ཚོགས་པ་ཁག་ ༥ ཡི་གྲོས་ཚོགས་འཐུས་མིའི་ཕྱག་རོགས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཕེབས་ཡོད་འདུག

ད་རེབ་གཟིགས་སྐོར་དུ་ཕེབས་པའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་ལས་ཁུངས་སུ་ཕྱག་ལས་གནང་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཕྱི་ ༢༠༡༦ ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་གསར་འཛུགས་གནང་ཡོད་པ་དང་། ཚོགས་པ་དེ་དང་གྲོས་ཚོགས་འཐུས་མི་རྣམས་ཀྱི་རྒྱབ་སྐྱོར་འོག ན་ནིང་ཕྱི་ཟླ་ ༡༢ ནང་ཡུ་རོབ་གྲོས་ཚོགས་ནང་བོད་དོན་གྲོས་ཆོད་བཞག་ཡོད་པ་དང་། རྒྱ་ནག་གཞུང་གིས་བླ་རུང་སྒར་གཏོར་བཤིག་དང་གྲྭ་བཙུན་མང་པོ་བཙན་དབང་གིས་ཕྱིར་འཕུད་གཏོང་བཞིན་པར་སྐྱོན་བརྗོད། དེ་བཞིན། རྒྱ་ནག་གཞུང་གིས་བོད་མིའི་སྐུ་ཚབ་དང་ལྷན་དུ་བོད་རྒྱལ་འབྲེལ་མོལ་ཡོང་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད།

དེ་རིང་གི་གསར་འགོད་ལྷན་ཚོགས་སྟེང་བོད་དོན་རྒྱབ་སྐྱོར་བ་ལྕམ་ཁི་ལེ་ཊོན་ (Harriet Clayton) ལགས་ལགས་ཀྱིས། ང་ཚོ་འདིར་སྐོར་སྐྱོད་དུ་ཡོང་ནས་ཉམས་མྱོང་མང་པོ་ཐོབ་སོང་། ང་ཚོ་སློབ་གྲྭ་ཁ་ཤས་ལ་ལྟ་སྐོར་དུ་ཕྱིན་ཏེ་ཡིད་དུ་འོང་པའི་སློབ་ཕྲུག་མང་པོར་ཐུག་སོང་བ་མ་ཟད། བོད་མི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པ་གཙོས་པའི་བོད་མི་དང་། གྲྭ་བཙུན་མང་པོ་ཞིག་ལ་ཐུག་འཕྲད་ཀྱི་གོ་སྐབས་བྱུང་སྟེ། བོད་མི་རྣམས་ནི་སྙིང་སྟོབས་ལྡན་པ་དང་ཡ་རབས་གོམས་སྲོལ་བཟང་པོ་ཡོད་པའི་མི་རིགས་ཤིག་ཡིན་པ་ཤེས་རྟོགས་བྱུང་སོང་བས། དེ་ལ་བསྔགས་བརྗོད་ཞུ་བཞིན་ཡོད། ༡༩༥༩ ལོའི་རྗེས་སུ་ཁྱེད་རྣམ་པ་སྐྱབས་བཅོལ་དུ་ཡོང་སྟེ། ད་བར་རང་གི་རིག་གཞུང་ཉར་ཚགས་ཡག་པོ་བྱས་འདུག དེ་ནི་དངོས་གནས་ཡིད་དབང་འཕྲོག་པ་ཞིག་རེད། ད་དུང་ཁྱེད་རྣམ་པས་བོད་ཀྱི་གནད་དོན་ཐོག་བཟོད་བསྲན་དང་ཞི་བའི་ཐབས་ལ་བརྟེན་ཏེ་འཐབ་རྩོད་བྱས་དང་བྱེད་བཞིན་པ་དེའང་རླབས་ཆེན་པོ་ཞིག་རེད། དེ་འདྲའི་འཐབ་རྩོད་ཤུགས་ཆེན་པོ་བྱེད་པར་ལུས་སེམས་བག་ཕེབས་དང་ཞི་བདེ་ལྷིང་འཇགས་ངང་གནས་རྒྱུ་ཁག་པོ་ཡིན་ཡང་། ཁྱེད་རྣམ་པས་ལུས་སེམས་དེ་ལྟར་ཞི་བདེ་བག་ཕེབས་དུ་གནས་ཡོད་པར་བསྔགས་བརྗོད་ཞུ་བཞིན་ཡོད།

ང་རང་སྐྱེས་ས་ནི་རའོ་མ་ནི་ཡཱ་ (Romania) དང་ངའི་མི་རིགས་ནི་ཧང་གྷ་རི་བ་ (Hungarian)ཡིན། ཧང་གྷ་རི་མི་རིགས་ཀྱང་གྲངས་ཉུང་མི་རིགས་ཤིག་ཡིན་སྟབས། ངས་ཁྱེད་རྣམ་པའི་འཐབ་རྩོད་ཀྱི་དཀའ་སྡུག་དེ་ཚོར་ཐུབ་ཀྱི་འདུག དངོས་གནས་ཁྱེད་རྣམ་པའི་སྙིང་སྟོབས་ལ་སུས་ཀྱང་འགྲན་ཟླ་བྱེད་མི་ཐུབ་པ་ཞིག་རེད། ང་ཚོས་ཀྱང་རང་གི་མི་རིགས་དང་སྐད་ཡིག་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད། གང་ཡིན་ཟེར་ན། ང་ཚོའི་མི་རིགས་དེ་རང་གི་རྒྱལ་ཁབ་ནང་གྲངས་ཉུང་མི་རིགས་ཆགས་བསྡད་ཡོད། ང་ཚོས་ཁྱེད་རྣམ་པར་རོགས་སྐྱོར་ཤུགས་ཆེན་པོ་བྱེད་ཐུབ་ཀྱི་མེད་སྟབས། ང་འདིར་ཡོང་ནས་ཁྱེད་རྣམ་པ་མཐོང་རྗེས་རང་ཉིད་རང་ལ་ངོ་ཚ་བའི་ཚོར་སྣང་ཞིག་བྱུང་སོང་།

རི་མཐོ་སར་མ་འཛེགས་པར་རི་མཐོ་སར་སླེབ་ཐབས་མེད་པ་ལྟར། ཁྱེད་ཅག་གིས་མུ་མཐུད་དུ་འཐབ་རྩོད་མ་བྱས་པར་གྲུབ་འབྲས་ཡོང་ཐབས་མེད་སྟབས། ཁྱེད་རྣམ་པས་མུ་མཐུད་དུ་འཐབ་རྩོད་གནང་དགོས། ང་ཚོས་ཀྱང་གང་ཐུབ་ཅི་ནུས་ཀྱིས་ཁྱེད་ཅག་ལ་རོགས་སྐྱོར་བྱེད་པའི་དམ་བཅའ་འཇོག་རྒྱུ་ཡིན། དེ་བཞིན། དེ་རིང་ནས་ང་མི་སུ་ལ་ཐུག་ཀྱང་བོད་མིའི་འཐབ་རྩོད་སྐོར་འགྲེལ་བཤད་བྱས་ཏེ། བོད་ཀྱི་བདེན་དོན་མྱུར་དུ་གསལ་བར་རོགས་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

ལྕམ་ཧྥོར་རའོ་ (Gyongyver Forro) ལགས་ཀྱིས། ངའི་མིང་ལ་ཌན་ཡག་ཟེར་ཞིང་ཧྥ་རན་སིའི་མི་ཡིན། རོ་མ་ནིའི་གྲོས་ཚོགས་འཐུས་མིའི་ནང་ལས་ཀ་བྱེད་ཀྱིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་སྤངས་བླངས་ལྡན་པའི་གཏམ་བཤད་དག་གིས་ང་ཚོར་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཆགས་སོང་བས་ཐུགས་རྗེ་ཆེ་ཞུ་བ་དང་། སྦར་སིལ་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་དོན་གཅོད་ཁང་ནས་འབད་བརྩོན་ཆེན་པོས་སྦར་སིལ་ནང་གི་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་དང་། ང་ཚོའི་ལས་ཀར་རྒྱབ་སྐྱོར་གནང་བཞིན་པར་ཡང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ང་ཚོ་འདིར་ཡོད་པ་ཚང་མ་བོད་དོན་གྱིས་ཧ་ཅང་དམ་དུ་སྦྲེལ་ཡོད་པ་རེད།

ང་ཚོའི་དམིགས་ཡུལ་ད་ལྟའི་བོད་ནང་གི་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཤེས་རྟོགས་ཡོང་ཆེད་རེད། མ་འོངས་པར་ང་ཚོར་གོ་སྐབས་ནམ་བྱུང་ན་བོད་དོན་སྐོར་ངོ་སྤྲོད་གནང་ངེས་ཡིན། ང་ཚོ་འདིར་ཉིན་ཤས་བསྡད་པའི་རིང་མ་འོངས་པར་བོད་དོན་ཐོག་ལས་དོན་བྱེད་ཕྱོགས་ཐོག་སྔར་ལྷག་གི་གོ་རྟོགས་རྙེད་བྱུང་། སྤྱིར་བཏང་བོད་དོན་སྐོར་ལྟ་ཀློག་བྱེད་རྒྱུ་མང་པོ་ཡོད་ཀྱང་བོད་མིའི་སྒྲིག་འཛུགས་ཀྱིས་ང་ཚོར་ཉམས་མྱོང་སྤེལ་བ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་སོང་། དེ་བཞིན། ང་ཚོ་ཤེས་ཡོན་པའི་སྡེ་དང་ཚོགས་པ་ཁག་གི་མི་སྣར་ཐུག་འཕྲད་བྱས་ཏེ། ཁོང་ཚོའི་ཕྱག་ལས་གནང་སྟངས་ལ་རྒྱུས་ལོན་བྱས་པ་བརྒྱུད་དེ་མ་འོངས་པའི་གཞོན་སྐྱེས་ཚོ་ལའང་དེ་རྒྱུན་མཐུད་ཐུབ་དགོས་པ་ཧ་ཅང་གལ་ཆེན་ཡིན་པ་ཚོར་སོང་། ཡུ་རུབ་མཉམ་འབྲེལ་ལ་མཚོན་ན་ཕྱི་ནང་གཉིས་ཀར་གདོང་ལེན་བྱེད་དགོས་པ་མང་པོ་ཞིག་ཡོད་ཀྱང་། བོད་དོན་ནི་ང་ཚོའི་ཉིན་རེའི་ལས་ཀའི་ནང་གི་རྩོད་ལེན་བྱེད་དགོས་པ་གཙོ་བོ་ཞིག་ཆགས་ཡོད། ཅེས་བརྗོད་སོང་།

སྐུ་ཞབས་གྷོར་གྷེ་ (Francesco Giorgi) ལགས་ཀྱིས། ད་ཆར་ཡུ་རོབ་ཀྱི་གནས་སྟངས་དང་བོད་མིའི་གནས་སྟངས་ཧ་ཅང་འདྲ་བོ་ཆགས་ཡོད་པ་དང་། དམིགས་བསལ་ཡུ་རོབ་མཐུན་ཚོགས་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གཉིས་ལ་འཛམ་གླིང་ཞི་བདེ་གཟེངས་རྟགས་ཐོབ་ཡོད་པ། དེ་བཞིན། ཁོ་ཚོ་ཐེངས་འདིར་དྷ་རམ་ས་ལར་ཡོང་བ་ནི་སོ་སོའི་ནང་ལ་ཐོན་པ་འདྲ་བའི་ཚོར་སྣང་བྱུང་སྐོར། མ་འོངས་པར་ཁོང་གིས་བོད་དོན་སྐོར་ཡུ་རོབ་མཐུན་ཚོགས་དང་ཡུ་རོབ་མི་མང་ལ་འགྲེལ་བཤད་རྒྱག་རྒྱུ་ཡིན་པ་དང་། དམིགས་བསལ་ཐེངས་འདིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་སློབ་གསོའི་གནས་སྟངས་དང་། བོད་མི་ཚོས་མུ་མཐུད་ཞི་བའི་ཐོག་ནས་བོད་དོན་འཐབ་རྩོད་གནང་བཞིན་པ་དེས་ཁོ་རང་གཅིག་པུ་མིན་པར་ནུབ་གླིང་རྒྱལ་ཁབ་ཁག་ལའང་བློ་སྤོབས་སྐྱེ་གཞི་ཞིག་ཆགས་ཡོད་སྐོར། ཁོང་ཚོ་ཕྱིར་ཡུ་རོབ་ཏུ་ལོག་རྗེས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་སྐོར་ཡུ་རོབ་གྲོས་ཚོགས་ནང་སྙན་གསེང་རྒྱུ་ཡིན་པ་མ་ཟད། ཁོང་རྣམས་པས་ད་དུང་བོད་རྒྱ་འབྲེལ་མོལ་ཡོང་ཐབས་སྐོར་ལའང་ཡུ་རོབ་གྲོས་ཚོགས་ནང་སྙན་གསེང་ཞུ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

ལྕམ་བྷིར་ནར་ཌི་ (Dalila Bernard) ལགས་ཀྱིས། ངའི་མིང་ལ་ཁཱེ་ཊར་ཟེར་གྱི་ཡོད།  ང་དབྱིན་ཡུལ་ནས་ཡིན། སྐབས་བབ་བརྗོད་སྙིང་གི་ཐད་ནས་བཤད་ན་དང་པོ་ངའི་ལས་ཁུངས་ངོས་ནས་བོད་དོན་ལ་དོ་སྣང་ཡོད་པ་དེར་རྒྱུ་མཚན་ཅུང་མ་འདྲ་བ་ཞིག་ཡོད། ཚོགས་འདུ་འདི་ནི་བོད་མཐོ་སྒང་གི་ཁོར་ཡུག་ཉམས་རྒུད་སྐོར་རེད། ང་རང་གི་ངོས་ནས་ཚོར་སྣང་ག་རེ་བྱུང་ཟེར་ན། འདིར་བོད་མིའི་སྤྱི་ཚོགས་ཀྱི་མི་སྣ་མང་ཆེ་བ་ཞིག་གིས་བཀའ་མོལ་ནི་བོད་ཀྱི་རྩ་དོན་དང་ལས་འགུལ་སྤེལ་ཕྱོགས་སྐོར་ཡིན་པ་ལས་ཁོར་ཡུག་མ་རེད། ཡུ་རོབ་ཀྱི་མི་ཞིག་གི་ལྟ་ཚུལ་གྱི་ངོས་ནས་བསྔགས་འོས་པ་ཞིག་ནི་བོད་མིའི་གོ་རྟོགས་དེ་རེད། ང་ཚོ་ཐེངས་འདིར་ཐུག་འཕྲད་བྱུང་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་ཁོར་ཡུག་གི་ཉམས་རྒུད་སྐོར་དང་། ཆུའི་འབག་བཙོག་སོགས་ཀྱི་གནད་དོན་ཐད་གོ་རྟོགས་དང་ཐུགས་སྣང་ཆེན་པོ་ཡོད་པ་དེ་ནི། ང་ཚོ་ཕྱིར་ལོག་སྟེ་སློབ་སྦྱོང་བྱ་འོས་པ་ཞིག་རེད། ཕུགས་རྒྱང་རིང་པོར་བསམ་བློ་བཏང་ན་གནད་དོན་འདི་དག་འགྲོ་བ་མིའི་ཐོང་ཐང་ཆགས་ཡོང་གི་ཡོད་སྟབས། རང་བྱུང་ཁམས་ཀྱི་ཐོན་ཁུངས་ནི་རང་བཞིན་གྱིས་མིའི་རིགས་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ཁྱེད་རང་ཚོའི་སྤྱི་ཚོགས་ཀྱི་མགོ་ཁྲིད་རྣམ་པ་ནས་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་བར་ཁོར་ཡུག་སྐོར་ལ་དོ་སྣང་དང་གོ་རྟོག་འདི་ལྟ་བུ་ཞིག་ཡོད་པ་དེ་ཧ་ཅང་གི་རིན་ཐང་ལྡན་པ་ཞིག་རེད། ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

མཇུག་ཏུ། ཐེངས་འདིའི་ཡོ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་ལས་བྱེད་རྣམས་པ་དང་ལྷན་དུ་ཕེབས་པའི་སྦར་སིལ་སྐུ་ཚབ་དོན་གཅོད་ཁང་གི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚན་པའི་འབྲེལ་ཡོད་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། བོད་དོན་རྒྱབ་སྐྱོར་བ་ཁོང་རྣམ་པ་འདིར་ཕེབས་དོན་གཙོ་བོ་ང་ཚོས་ནམ་རྒྱུན་ཁོང་རྣམ་པར་བོད་དོན་རྒྱབ་སྐྱོར་ཞུ་གི་ཡོད་པ་དང་། ཁོང་ཚོའི་ཕྱག་རོགས་མེད་ན་ང་ཚོས་བོད་དོན་རྒྱབ་སྐྱོར་ཞུ་ཐབས་ཡོད་པ་མ་རེད། དེར་བརྟེན། ཁོང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་བཅས་སུ་གཟིགས་སྐོར་གནང་སྟེ། ཁོང་རྣམ་པས་ད་ལྟའི་བར་ཕྱག་རོགས་གནང་བ་དེ་ག་བར་འགྲོ་གི་ཡོད་མེད་དང་། མ་འོངས་པར་ཕྱག་རོགས་གནང་ཕྱོགས་བཅས་ལ་ཁོ་རང་ཚོ་སོ་སོའི་སྤྱན་གྱིས་གཟིགས་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད། ཁོང་རྣམ་པ་ཐེངས་འདིར་བོད་དོན་ཐོག་ཉམས་མྱོང་མང་པོ་ཐོབ་པ་དང་། ཕྱིར་ཕེབས་ནས་བོད་མིའི་ཞི་བའི་འཐབ་རྩོད་ཀྱི་གནས་སྟངས་འདི་འདྲ་རེད་ཅེས་ནུབ་གླིང་མི་མང་ལ་གསུང་གི་རེད་ལ། དེ་ང་ཚོའི་དམིགས་ཡུལ་གཙོ་བོའང་ཡིན། ཞེས་སོགས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ་དང་པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༦ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༨ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese