མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཧཱེཎྜའི་མི་རིགས་ཀྱི་ལར་ཞེན་དང་དགེ་འདུན་ཆོས་འཕེལ་གྱི་གསང་བ།

བོད་ཀྱི་དུས་བབ།
༢༠༡༧/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བཞུགས་སྒར་དུ་དཔེ་དེབ་གསར་པ་ཞིག་དབུ་འབྱེད་གནང་བའི་ནང་ལོ་ངོ་བརྒྱའི་གོང་དུ་འབྲས་ལྗོངས་ཀྱི་བོད་པའི་དགེ་སློང་ཞིག་སིདྒ་ལར་ཕེབས་ཏེ་ཡུལ་དེར་ཆོས་དང་རིག་གནས་ཆབ་སྲིད་གང་ཐད་ནས་སྐད་གྲགས་ཆེན་པོ་བྱུང་ཡོད་འདུག

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤།༠༠ སྟེང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག་གིས་ ༼   སིདྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི། ༽   ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་། དཔེ་དེབ་དབུ་འབྱེད་སྟེང་ཨ་རྨྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་མཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་དགེ་རྒན་དཀོན་མཆོག་རྒྱ་མཚོ་གཉིས་ཕེབས་ཏེ་དཔེ་དེབ་དང་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་སོང་།

དཔེ་དེབ་དེ་ནི་དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་མིང་ལ་སྤེན་པ་དོན་གྲུབ་ཞེས་པའི་འབྲས་ལྗོངས་ཀྱི་བོད་མི་ཞིག་སིངྒལའི་ཡུལ་དུ་སོང་བའི་སྐོར་ཡིན་པ་དང་། བོད་མི་ཁོང་ནི་ ༡༩༡༤ ལོར་སིངྒལའི་ཡུལ་དུ་ཕེབས་ཡོད་པ་དང་། རྗེས་སུ་ཁོ་སིངྒལའི་རྒྱལ་ཡོངས་ལ་སྐད་གྲགས་ཡོད་པའི་སྙན་ངག་པ་གྲགས་ཆེན་ཞིག་ཆགས་པ་མ་ཟད། སིངྒལའི་རང་བཙན་འཐབ་རྩོད་ཁྲོད་དུའང་བྱས་རྗེས་ཆེན་པོ་བཞག་མྱོང་མཁན་ཞིག་ཡིན་འདུག ཁོང་གིས་སིངྒལའི་སྐད་ཡིག་དང་རིག་གནས་ལ་ཞབས་འདེགས་ཆེན་པོ་ཞུས་ཡོད་སྟབས། ཡུལ་དེར་ཁོང་གི་མིང་ལ་དགེ་སློང་མཧཱེཎྜ་ཞེས་སྙན་གྲགས་ཆེན་པོ་ཡོད་པའི་བོད་མི་ཞིག་ཡིན་འདུག

རྩོམ་པ་པོས་དཔེ་དེབ་སྐོར་གསུངས་དོན། སིངྒལའི་རྒྱལ་ཡོངས་དཔེ་མཛོད་ཁང་དུ་ཁོང་གི་པར་དང་ལོ་རྒྱུས་བཀོད་པའི་ཁོང་ལ་ཆེ་བསྟོད་གནང་བ་སོགས་ཡོད་པ་དང་། ཁོ་བོས་དཔེ་དེབ་འདི་འབྲི་དགོས་པའི་རྒྱུ་མཚན་གཙོ་བོ་ཡང་ཁོ་རང་ད་ལོ་སིངྒལར་སོང་བར་ཡུལ་དེའི་མི་རྣམས་ཀྱིས་བོད་པ་ཡིན་ཞེས་ན་དགའ་གུས་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཁོ་ཚོས་སྔོན་ཆད་སིངྒལར་བོད་པ་མཧཱེཎྜ་ཞུ་བ་ཞིག་ཡོང་ནས་ཁོ་ཚོར་ཕན་ཐོགས་ཆེན་པོ་བྱུང་རབས་སོགས་མང་པོ་ཞིག་བཤད་སོང་བས། ལོ་རྒྱུས་ཀྱི་མི་སྣ་རླབས་ཆེན་དེ་འདྲ་ཞིག་ཁུ་སིམ་མེར་ནུབ་འགྲོ་སོང་ན་ཕངས་པོ་རེད་བསམ་ནས་དཔེ་དེབ་འདི་འབྲི་མགོ་བརྩམས་པ་ཡིན། ཞེས་བརྗོད་སོང་།

ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་དགེ་རྒན་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་དཔེ་དེབ་ཀློག་པའི་མྱོང་ཚོར་དང་འབྲེལ་དེ་དགེ་ཚན་ཆེན་པོ་ ༤ དང་ཞན་ཆ་ ༢ བཤད་སོང་། ཁོང་གིས་བརྗོད་དོན། དཔེ་དེབ་འདིའི་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་གཉིས་བསྐངས་ཐུབ་ཡོད་ཅིང་། སིངྒལའི་ཡུལ་དུ་ནང་བའི་ཆོས་ལུགས་ཉམས་ཆགས་སོང་བ་དེ་གླང་དར་སྐབས་སུ་བོད་དུ་ནང་ཆོས་ཉམས་ཆགས་སོང་བ་ལས་ཀྱང་སྡུག་པ་ཡིན་པ་དང་། ང་ཚོས་དེབ་འདི་ལས་ནང་བསྟན་ཆོས་ལུགས་བོད་ཙམ་མ་ཟད་ཡུལ་གཞན་ནས་ཉམས་ཆགས་ཇི་ལྟར་སོང་བའི་སྐོར་གྱི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཐུབ་ཡོད་པ་དང་། གཉིས་པ་དེ་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ལས་དགེ་སློང་དེ་འདྲ་ཞིག་ངའི་སྔོན་ལ་འཕུར་ནས་སོང་བ་མིན་ན་ཇི་ལྟར་སོང་བ་རེད་ཅེས་པའི་སྐད་ཆ་ཞིག་ཡོད་པ་དེའང་གསལ་བོ་ཆགས་ཡོད་པ་རེད། མ་ཟད་དགེ་སློང་ཁོང་སྐབས་དེར་སིངྒལ་ནས་ཡོད་པ་མ་ཟད་སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་དགེ་ཆོས་སྐོར་གྱི་དེབ་༼   དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ། ༽   ལས་པར་དང་བཅས་ཡོད་པ་རེད། དེ་བཞིན། དགེ་མཚན་གཞན་ཞིག་ནི་བོད་ཀྱི་མི་རབས་གསར་བའི་གཞོན་སྐྱེས་དག་ལ་རང་གི་མི་རིགས་དང་རྒྱལ་ཁབ་བསྐྱར་གཙོ་དང་འཐབ་རྩོད་བྱ་དགོས་པའི་སློབ་གསོ་ཡག་པོ་ཞིག་བསྟན་ཡོད་པ་རེད། དགེ་སློང་སྤེན་པ་དོན་གྲུབ་ལ་མཚོན་ན་སིངྒལའི་རང་དབང་འཐབ་རྩོད་ལ་བྱས་རྗེས་ཆེན་པོ་བཞག་མྱོང་མཁན་ཞིག་དང་སིངྒལའི་རང་དབང་འཐབ་རྩོད་པ་དག་ལ་གོ་རིམ་བསྒྲིགས་ན་ཨང་གསུམ་པར་སླེབས་ཡོད་པའི་མི་སྣ་ཞིག་རེད།

དགེ་མཚན་བཞི་པ་དེ་དེང་སང་བོད་ནང་སོགས་ཀྱི་ནང་ཆོས་ཀྱི་སྐོར་ལ་ཡག་བཙོག་མང་པོ་ཞིག་བཤད་བཞིན་ཡོད་པ་ལྟར། སྤྱིར་ན་བོད་ཀྱི་ཆོས་ལུགས་དེ་ནམ་ཡིན་ན་མེ་མདའི་ཁ་ནས་ཉམས་ཆགས་སུ་འགྲོ་བཞིན་པ་ལས་གནས་ལུགས་དང་རྒྱུ་མཚན་བཤད་པ་ལས་འགྲོ་ཡི་མེད་པ་རེད། དཔེ་དེབ་འདིའི་ནང་དུ་དགེ་སློང་སྤེན་པ་དོན་གྲུབ་ཀྱིས་ཀྱང་ནང་ཆོས་དང་ཡི་ཤེས་ཆོས་ལུགས་བར་ལ་རྩོད་པ་ཆེན་པོ་བྱུང་བར། ཕན་ཚུན་མཉམ་གཅིག་ཏུ་བསྡད་ནས་ཉི་མ་གསུམ་ལྷག་ལ་རྩོད་པ་བྱས་མཐར་ནང་ཆོས་གནས་ལུགས་དང་རྒྱུ་མཚན་གྱིས་རྒྱལ་ཁ་ཐོབ་ཡོད་སྟབས། ང་ཚོ་སུ་ཡིན་ན་ཆོས་ལུགས་ལ་ཡག་བཙོག་མང་པོ་ཞིག་ལབ་བཞིན་པར་སྐྲག་དགོས་དོན་མེད་པའི་དགེ་མཚན་ཞིག་མཐོང་ཐུབ་པ་རེད། ཅེས་བརྗོད་སོང་།

ཁོས་དཔེ་དེབ་ཀྱི་ཞན་ཆའི་སྐོར་ལ། དེབ་ཀྱི་ཞིབ་མཇུག་གི་སྐབས་སུ་ཟིན་བྲིས་ལ་བྲེལ་འཚུབ་ཀྱི་རྣམ་པ་དང་ཡང་ན་ཞིབ་མཇུག་ཞིབ་ཚགས་མིན་པའི་རྣམ་པ་དང་བརྗོད་བྱེད་ཚིག་འགྲོས་ཀྱི་སྐོར་ནས་མ་འགྲིག་པའི་རྣམ་པ་ཞིག་མངོན་མཐོང་སོང་། དཔེར་ན། བོད་ཀྱི་སྐད་ལ་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་ལ་འགྲོ་བ་ཞིག་ཡོད་པ་རེད། འདིའི་ནང་དུ་ཐ་སྙད་སྦྱར་སྟངས་དང་སྡེབ་སྦྱོར་གྱི་ལྷུ་ལག་བསྒྲིགས་སྟངས་སྐོར་ནས་ཞན་ཆ་ཞིག་ཡོད་པར་མཐོང་སོང་། ཞེས་བརྗོད་སོང་།

དེ་རྗེས་ཨ་རྨྱ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་མཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དཔེ་དེབ་དང་འབྲེལ་བའི་སྐོར་ལ། དང་པོ་གནད་འགག་ཆེ་ཤོས་དེ་མཧཱེཎྜ་ཁོ་རང་གི་དེབ་བྲིས་ཚད་ཚང་མའི་ནང་དུ་བོད་ཀྱི་རྩོམ་པ་པོ་ཞེས་བྲིས་ཡོད་པ་རེད། དེའི་རྒྱུ་མཚན་དེ་ ༡༨༡༦ ལ་དབྱིན་ཇིའི་དང་འབྲས་ལྗོངས་བར་ལ་ཐོག་དང་པོ་དམག་བརྒྱག་མགོ་ཚུགས་པ་རེད། ༡༨༣༥ ནས་རྡོ་རྗེ་གླིང་ཤོར་ཚར་བ་དང་ ༡༨༦༥ ལོ་ནས་འབྲས་ལྗོངས་ཕལ་ཆེར་བོད་སྡེ་བ་གཞུང་གི་ལག་ནས་ཤོར་མགོ་ཚུགས་བཞིན་ཡོད་པ་རེད། ༡༨༦༥ ནས་ ༡༩༠༠ བར་དུ་དབྱིན་གཞུང་གིས་འབྲས་ལྗོངས་ནང་དུ་པར་བརྒྱབ་པའི་དགོན་པ་དང་བླ་མ་སྔགས་པ་གྲྭ་བ་ཚང་མར་བོད་ཀྱི་དགོན་པ་དང་བོད་ཀྱི་གྲྭ་པ། བོད་ཀྱི་སྔགས་པ་ཞེས་འགྲེལ་བཤད་བརྒྱབ་ཡོད་པ་རེད། དེང་སང་གི་བཤད་སྟངས་ནང་བཞིན་གྱི་ང་ཚོ་བོད་པ་དང་ཁོ་ཚོ་འབྲས་ལྗོངས་ཟེར་བ་ལྟ་བུ་དེ་དག་ཐ་སྙད་གསར་བ་ཆགས་ཀྱི་ཡོད་པ་རེད། གནའ་སྔ་མོ་དུས་རབས་ ༡༤།༡༥།༡༦།༡༧། ནང་བོད་པ་ཡིན་ལབ་ན། གྲོ་མོ་དང་འབྲས་ལྗོངས་འབྲུག་སོགས་ཚང་མར་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་ལྷོ་པ་ཞེས་ལབ་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་སྤེན་པ་དོན་གྲུབ་ལ་མཚོན་ན་ཕྱི་རྒྱལ་གྱི་ལུང་པར་སླེབས་ཡོད་སྟབས། འབྲས་ལྗོངས་ནས་ཡིན་ལབ་ན་ཧ་གོ་མཁན་མེད་སྟབས་བོད་པ་ཡིན་ལབ་ན་ཤེས་ཀྱི་ཡོད་པ་རེད་ལ། དེ་དག་བོད་ཆེན་པོའི་ཁོངས་གཏོགས་སུའང་ཚུད་ནས་ཡོད་པས་རྒྱུ་མཚན་དེ་འདྲ་རེད་དྲན་གྱི་འདུག དེ་བཞིན། སྤེན་པ་དོན་གྲུབ་སྐོར་ལ་སྔོན་ཆད་ནས་གོ་མྱོང་ཐོས་མྱོང་མང་པོ་ཡོད་ལ་ ༡༩༨༠ ལོར་དཔེ་མཛོད་ཁང་གིས་བོད་ཡིག་དཔེ་སྐྲུན་སྡེ་ཚན་འགན་འཛིན་ལ་བཞག་རྗེས་དཔེ་སྐྲུན་བྱེད་པའི་དེབ་ཐོག་མ་དེ་རཀ་ར་རིན་པོ་ཆེའི་དགེ་འདུན་ཆོས་འཕེལ་སྐོར་གྱི་དེབ་དེ་བཀླགས་རྗེས་བསྐྱར་དུ་ངེས་ཤེས་གསལ་བོ་ཞིག་སྐྱེས་བྱུང་། ཞེས་བརྗོད་སོང་།

རྩོམ་པ་པོས་དེབ་འདི་འབྲི་བར་ལོ་ངོ་གཅིག་དང་ཟླ་དྲུག་ལྷག་བཏང་ཡོད་པ་དང་། ཞིབ་མཇུག་གི་རྒྱུ་ཆ་གཙོ་བོ་དགེ་འདུན་ཆོས་འཕེལ་གྱི་སིངྒལའི་ལོ་རྒྱུས་དང་རཀ་ར་རིན་པོ་ཆེའི་དགེ་ཆོས་སྐོར་གྱི་དེབ། དེ་བཞིན་སིངྒལའི་རྒྱལ་ཡོངས་དཔེ་མཛོད་ཁང་དུ་ཡོད་པའི་ཡིག་རྙིང་དང་ཚགས་པར་རྙིང་པ། དེ་བཞིན་ ༡༩༡༤ དང་ ༡༩༡༥ ལོའི་བར་ལ་ཁོ་རང་གི་ནང་མི་དང་ཡིག་འབྲེལ་བྱས་ཡོད་པའི་ཡིག་ཚགས་རྙིང་པ་སོགས་གཞི་རྩར་བཟུང་སྟེ་དཔྱད་ཞིབ་བྱས་པ་ཞིག་ཡིན་ཞེས་བརྗོད་སོང་།

རྩོམ་པ་པོ་ནི་བོད་ཨ་མདོ་རྔ་པ་ནས་ཡིན་པ་དང་ ༡༩༩༢ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ། བོད་ཁྱིམ་སློབ་གྲྭར་ ༡༩༩༤ སློབ་སྦྱོང་བྱས་ཡོད་པ་དང་། ༡༩༩༤ ལོ་ནས་སྤྲུལ་སྐུ་ལ་ངོས་འཛིན་གནང་རྗེས་ ༡༩༩༧ ལོའི་བར་ཀིརྟི་བྱེས་པ་གྲྭ་ཚང་ལ་ཞུགས་ཡོད་པ་དང་། ཀིརྟི་གྲྭ་ཚང་དུ་བསྡད་ནས་མཚན་ཉིད་གྲྭ་ཚང་དུ་ལོ་ངོ་བཅུ་དྲུག་རིང་ལ་སློབ་གཉེར་བྱས་ཏེ་རིས་མེད་དགེ་བཤེས་ཀྱི་དམ་བཅའ་བཞག་ཡོད་འདུག ད་ལྟ་ཁོང་ཀིརྟི་བྱེས་པ་གྲྭ་ཚང་གི་ཚད་མ་རིག་པའི་དགེ་རྒན་གྱི་འགན་བཞེས་ཡོད་པ་རེད།

ཁོང་གིས་སྔ་བཞུག་ཏུ་རྗེ་རིན་པོ་ཆེའི་ཀུན་བཞིའི་རྩ་བ་དང་ཀླད་པ་ལས་འདས་པ་དང་ཤི་བའི་རྗེས་ཀྱི་གནད་དོན་ཞེས་པའི་ཚན་རིག་དང་འབྲེལ་བ་ཡོད་པའི་དེབ་གཅིག་བཅས་ད་ལྟ་དེབ་གསུམ་བཏོན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 1

  1. འབྲོང་བུ་སོག་ཚ། says:
    ལོ་ 9 སྔོན།

    རིན་པོ་ཆེ་ཐུགས་རྗེ་ཆེ། ཁ་དྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese