མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོཊ་དངུལ་མར་བཅཊ་པ་དེ་ད་ལན་སྤར་མ་ཐུབ་ན་ཊོམ་ཕུའི་ལས་ཡུན་ནང་སྤར་ཐུབ་རྒྱུ་ཁག་པོ་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཕྱི་སྲིད་ལས་ཁུངས་ཀྱི་རོགས་དངུལ་བརྒྱ་ཆ་ ༢༨ ཉུང་འཕྲི་གཏོང་བའི་གྲོས་འཆར་འོག བོད་མིའི་རོགས་དངུལ་ཁག་ཅིག་ལ་གཅོག་ཆ་གནང་རྒྱུ་མ་ཟད། ཁག་ཅིག་ཀླད་ཀོར་བཟོ་དགོས་པའི་སྔོན་རྩིས་འཆར་འབུལ་ཞུས་ཡོད་པའི་ཞིབ་ཕྲའི་གནས་ཚུལ་སྐོར་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས།

དྲི་བ། ཊིམ་ཕུ་སྲིད་གཞུང་གསར་པས་བོད་པའི་རོགས་དངུལ་མཚམས་འཇོག་བྱ་རྒྱུ་རེད་ཟེར་བ་དེའི་བརྒྱུད་རིམ་ག་འདྲ་ཡིན་པ་དང་། ཕྱི་སྲིད་ལས་ཁུངས་ཀྱི་རོགས་དངུལ་མཚམས་འཇོག་བྱེད་པར་ཐག་གཅོད་ཀྱི་བརྒྱུད་རིམ་ག་འདྲ་ཡོད་པ་རེད།

ལན། དང་པོ་འཛིན་སྐྱོང་གི་ངོས་ནས་སྲིད་འཛིན་གྱི་སྔོན་རྩིས་ཤིག་འདོན་གྱི་ཡོད་པ་དང་། སྲིད་འཛིན་གྱི་སྔོན་རྩིས་དེ་ཁོང་རང་གི་འཆར་སྣང་དང་འདོད་པ་ལྟར་འདོན་གྱི་ཡོད་པ་རེད། ཡིན་ནའང་དེ་མཐའ་མ་ཆགས་ཀྱི་ཡོད་པ་མ་རེད། སྲིད་འཛིན་གྱི་སྔོན་རྩིས་དེ་ལ་གྲོས་ཚོགས་གོང་མའི་སྔོན་རྩིས་ཚོགས་ཆུང་དང་། གྲོས་ཚོགས་འོག་མའི་སྔོན་རྩིས་ཚོགས་ཆུང་གཉིས་ནས་འདི་ལོའི་ཕྱི་ཟླ་ ༡༠ པ་བར་དུ་གནད་དོན་རེ་རེའི་སྒང་ལ་གྲོས་བསྡུར་གྱིས་རིམ་བཞིན་གཏན་འབེབས་གནང་ནས་འགྲོ་དགོས་ཀྱི་ཡོད་པ་རེད། ཨ་རིར་ཆ་བཞག་ན་སྔོན་རྩིས་སྒང་ལ་གྲོས་ཚོགས་དབང་ཆེན་པོ་ཞེ་དྲགས་རེད།

དྲི་བ། ད་ལན་གྱི་སྔོན་རྩིས་འཆར་འབུལ་ནང་བོད་པའི་རོགས་དངུལ་གང་དག་མཚམས་འཇོག་གནང་འཆར་ཡོད་པ་རེད།

ལན། ད་ལྟ་བར་དུ་རོགས་དངུལ་རག་བསྡད་པའི་རྩིས་མགོ་གཅིག་དེ་དཔལ་འབྱོར་གྱི་རོགས་སྐྱོར་དང་འཛུགས་སྐྲུན་གྱི་མ་དངུལ་(Economic Aid Development Fund)ཞེས་པ་དེའི་འོག་ནས་USAID བརྒྱུད་དེ་བོད་པར་རོགས་དངུལ་རག་གི་ཡོད་པ་རེད། ཡིན་ནའང་། བོད་ནང་གི་རོགས་དངུལ་ཡིན་ན་རྒྱ་ནག་ནང་གི་རྩིས་མགོར་ལྟ་དགོས་པ་དང་། བཙན་བྱོལ་ནང་གི་རོགས་དངུལ་ཡིན་ན་རྒྱ་གར་ནང་གི་རྩིས་མགོར་ལྟ་དགོས་ཀྱི་ཡོད་དུས། དཔེར་ན། རྒྱ་ནག་ནང་གི་རྩིས་མགོ་ཀླད་ཀོར་བཟོས་བཞག་ཡོད་དུས་དེའི་ནང་བོད་ཚུད་བསྡད་ཡོད་པ་རེད། སྤྱིར་བཏང་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་རྩིས་མགོ་དེའི་འོག་ནས་ཨ་སྒོར་ས་ཡ་ ༨ ཞིག་རག་གི་ཡོད་ཀྱང་དེ་ཆ་ཚང་བོད་པ་ལ་ཡིན་དང་མིན་བཤད་ཚོད་ཐུག་ཁག་པོ་རེད། ད་ལྟའི་ཆར་ང་ཚོས་ཆ་ཚང་ཞིག་རྒྱུས་ལོན་བྱེད་ཐུབ་ཀྱི་མི་འདུག་ཀྱང་། ང་ཚོས་གང་ཤེས་པ་དེ་ནི་(Bridge Fund)ནས་ལོ་ལྔ་ནང་ལོགས་ལ་ས་ཡ་ ༨ སྤྲོད་ཀྱི་ཡོད་དུས། ལོ་གཅིག་ནང་ཨ་སྒོར་ས་ཡ་གཅིག་དང་འབུམ་དྲུག་རག་གི་ཡོད་པ་རེད། དེ་ནས་གཞན་པ་ཞིག་(Vanguard International Funds)ཟེར་བ་ཞིག་འདུག་པ་དེས་ཕལ་ཆེར་ལོ་ལྔ་ནང་ཨ་སྒོར་ས་ཡ་ ༨ ཞིག་སྤྲོད་ཀྱི་འདུག་པ་དེ་ཀླད་ཀོར་བཟོས་བཞག་འདུག གཞན་པ་བོད་ནང་ལ་ཡོད་པའི་སློབ་ཕྲུག་ཚོ་ཨ་རིར་ཡོང་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་དེ། སྔོན་མ་བོད་དུ་ཕེབས་ནས་འཛིན་བཟུང་བྱས་པའི་བོད་ཀྱི་ཟློས་གར་ཟུར་པ་ངག་དབང་ཆོས་འཕེལ་ལགས་ལ་དྲན་རྟེན་ཆེད། ཁོང་གི་མཚན་ཐོག་ཏུ་ཡོད་པའི་རོགས་དངུལ་དེ་ལ་སྔོན་ཆད་ཨ་སྒོར་འབུམ་ ༦ ཡས་མས་ཤིག་རག་གི་ཡོད་པ་དེ་ཀླད་ཀོར་བཟོས་འདུག དེ་ཚོ་བོད་ནང་གི་ལས་འཆར་རེད།

དེ་ནས་བཙན་བྱོལ་ནང་གི་USAID འོག་ལ་ཡོད་པའི་རོགས་དངུལ་གཅིག་ནི་དཔལ་ལྡན་སྲིད་སྐྱོང་མཆོག་ནས་འབྱུང་འགྱུར་ལོ་བཞིའི་ནང་ཨ་སྒོར་ས་ཡ་ ༢༣ ཡོད་གསུངས་པ་དེ་རེད། ལོ་གཅིག་ནང་ཨ་སྒོར་ས་ཡ་ ༦ ཙམ་(USAID)བརྒྱུད་ནས་རག་གི་ཡོད་པ་རེད། དེ་མིན་དམིགས་བསལ་གྱིས་སློབ་ཕྲུག་བརྗེ་ལེན་(Special Exchange Program)གྱི་ལས་འཆར་ང་ཚོས་ད་ལྟ་(Fullbright)ལབ་བསྡད་པ་དེ་རེད། དེ་ནི་ཨ་རིའི་ངོས་ནས་དམིགས་བསལ་བྱས་ཏེ་ཡར་རྒྱས་འགྲོ་བཞིན་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་མང་པོ་ཞིག་ལ་སློབ་སྦྱོང་གི་གོ་སྐབས་བསྐྲུན་གྱི་ཡོད་པ་དང་། དེ་ཚོ་ཡིག་ཚད་བཏང་སྟེ་རྒྱུགས་འབྲས་ཞེ་དྲགས་ཚད་མཐོ་བོར་མ་གཏོགས་ཐོབ་ཐུབ་པ་ཞིག་མ་རེད། ཡིན་ནའང་། ང་ཚོ་བོད་པར་དམིགས་བསལ་བྱས་ཏེ་ད་ལྟ་བོད་པའི་སློབ་ཕྲུག་ ༡༡ ལ་ཨ་རིའི་ནང་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་བསྡད་ཡོད་པ་རེད། ད་ལན་རོགས་དངུལ་དེའི་སྤྱི་ཡོངས་ཀྱི་སྔོན་རྩིས་ནས་བརྒྱ་ཆ་ ༥༠ ཞིག་བཅགས་འདུག ཡིན་ནའང་། ནང་གསེས་གང་ལ་བཅགས་ཡོད་པ་དང་གང་ལ་བཅགས་མེད་པ་ཞིབ་ཕྲ་ད་ལྟ་ལྟ་ས་ཡོད་པ་མ་རེད།

ཡང་ USAID ཁོངས་མིན་ཡང་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་པ་(Publication Refugee Migration)ཞེས་པའི་རྩིས་མགོ་དེའི་འོག བོད་པར་ཨ་སྒོར་ས་ཡ་གཉིས་དང་འབུམ་དྲུག་ནས་བརྒྱད་བར་རག་གི་ཡོད་པ་དང་། དེ་ནི་གཙོ་བོ་བོད་ནས་གསར་དུ་ཕེབས་མཁན་ཚོའི་བདེ་སྡུག་ལ་ལྟ་སྐྱོང་བྱེད་པའི་ཆེད་དུ་རེད་འདུག དཔེར་ན། ཕྱི་ལོ་ ༢༠༡༥  དང་ ༢༠༡༦ ལོར་བོད་པར་ཨ་སྒོར་ས་ཡ་གསུམ་དང་འབུམ་གཅིག་ཙམ་སྤྲད་ཡོད་ས་རེད། དེ་གང་རེད་ཟེར་ན། བལ་ཡུལ་ནང་ས་ཡོམ་བརྒྱབ་སྟེ་བོད་པ་ཚོར་རོགས་སྐྱོར་འཕར་མ་བྱེད་དགོས་པའི་གནས་སྟངས་དེ་འདྲ་ཆགས་པ་རེད། ད་ལོར་རྩིས་མགོ་དེའི་སྤྱི་ཡོངས་ཀྱི་དངུལ་འབོར་ཨ་སྒོར་ས་ཡ་ ༦༨ དེ་ས་ཡ་ ༩༤ བཟོས་ཏེ་ཡར་སྤར་འདུག རྩིས་མགོ་དེ་ནས་བོད་པར་ཨ་སྒོར་ས་ཡ་གཉིས་དང་འབུམ་དྲུག་བདུན་རག་གི་ཡོད་པ་དེ་སྤར་གྱི་ཡོད་མེད་བཤད་ཚོད་མི་ཐུག་ཀྱང་ད་ལྟ་གང་རག་གི་ཡོད་པ་དེ་མུ་མཐུད་རག་རྒྱུ་རེད་འདུག

དེ་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་རྒྱང་སྲིང་གི་རྩིས་མགོའི་ནང་ལྟ་དགོས་ཀྱི་ཡོད་པ་དང་། ང་ཚོས་སྲིད་འཛིན་གྱི་སྔོན་རྩིས་ཡི་རྩིས་མགོ་རེ་རེ་བྱས་ནས་ཞེ་དྲགས་ཞིབ་ཚགས་ཀྱིས་ལྟ་ཐུབ་ཀྱི་མི་འདུག་ཀྱང་། རླུང་འཕྲིན་ཁང་དེ་གཉིས་ཀྱི་མགོ་འཁྲིད་ཚོས་ཕྱི་ལོ་ ༢༠༡༨ ལོའི་སྔོན་རྩིས་མར་བཏོན་ཡོད་པ་དེའི་ནང་གསལ་བ་ལྟར་ན། བོད་སྐད་སྡེ་ཚན་གཉིས་ལས་གཅིག་ལ་ཨ་སྒོར་ཁྲི་གཉིས་ཙམ་ཡར་སྤར་ཡོད་པ་དང་། སྡེ་ཚན་གཅིག་ལ་ཁྲི་དྲུག་ཙམ་མར་བཅགས་ཡོད་ས་རེད། སྲིད་འཛིན་གྱི་སྔོན་རྩིས་ནང་བཤད་སྟངས་ལྟར་བྱས་ན། དཔེར་ན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་དངུལ་གང་འཚམ་མར་བཅགས་ཏེ་སྤྱི་ཚོགས་དྲ་ལམ་(Social Media)གཅིག་པུ་མ་གཏོགས་གཞན་པ་མེད་པ་བཟོ་འཆར་ཡོད་འདུག དེ་ནས་ཨ་རིའི་རླུང་འཕྲིན་ཁང་ལ་མཚོན་ན་ཀང་ཏུང་སྐད་(Cantonese)མེད་པ་བཟོ་འཆར་ཡོད་དུས། རྒྱ་སྐད་ནང་བོད་པའི་གནས་ཚུལ་གཏོང་རྒྱུ་ཤུགས་ཆུང་དུ་འགྲོ་ཡི་ཡོད་པ་རེད་མ་གཏོགས་བོད་སྐད་སྡེ་ཚན་གཉིས་རང་གི་སྒང་ལ་གནོད་སྐྱོན་ཆེན་པོ་འགྲོ་ཡི་ཡོད་ས་མ་རེད།

དྲི་བ། དམངས་གཙོ་ཐེབས་རྩ་(NED)ནས་བོད་པའི་ཚོགས་པ་ཁག་མང་པོ་ཞིག་ལ་རོགས་རམ་གནང་གི་ཡོད་དུས། སྲིད་འཛིན་གསར་པའི་སྔོན་རྩིས་ནང་དེ་ལ་གཅོག་ཆ་སྤར་ཆ་དེ་འདྲ་གནང་གི་ཡོད་དམ།

ལན། དམངས་གཙོ་ཐེབས་རྩ་སྤྱི་ཡོངས་ཀྱི་ཐོག་ནས་སྔོན་རྩིས་རྒྱ་ཆེན་པོ་རེད། ག་རེ་རེད་ཟེར་ན། ཁོང་ཚོས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་གི་ནང་ལོགས་སུ་ལས་གཞི་སྤེལ་གྱི་ཡོད་པ་དང་། དེའི་ནང་བོད་མིའི་ལས་གཞི་དེ་ཚུད་ཀྱི་ཡོད་པ་རེད། ཡིན་ནའང་། ལོ་གཅིག་ནང་བོད་པར་ཁྱོན་བསྡོམས་རོགས་དངུལ་ག་ཚོད་ཅིག་གཏོང་གི་ཡོད་མེད་གསལ་པོ་ཤེས་ཀྱི་མི་འདུག་ཀྱང་ཕལ་ཆེར་ས་ཡ་ ༢ ཙམ་གཏོང་གི་ཡོད་པ་འདྲ། ད་ལན་གྱི་སྔོན་རྩིས་ནང་དམངས་གཙོ་ཐེབས་རྩའི་སྤྱི་ཡོངས་ཀྱི་དངུལ་འབོར་ལས་ཁ་ཤས་ཤིག་མར་བཅགས་ཡོད་སྟབས། དམངས་གཙོ་ཐེབས་རྩ་ཁོ་རང་ཚོའི་ངོས་ནས་སྤར་ཆ་གནང་ཐུབ་པར་འབད་བརྩོན་ཞུ་ཡི་ཡོད་པ་དང་། ང་ཚོས་ཀྱང་ཞ་དང་ཞོར་དུ་དམངས་གཙོ་ཐེབས་རྩའི་སྔོན་རྩིས་དེའང་སྔར་ལྟར་འཇོག་དགོས་ཀྱི་འདུག་ཅེས་ཞུ་ཡི་ཡོད་ལ། སྔོན་མ་ལྟར་བཞག་པ་ཡིན་ན་བོད་དོན་ཁྱབ་བསྒྲགས་དང་བོད་དོན་དང་འབྲེལ་བ་ཡོད་པའི་ལས་གཞི་ཁག་མུ་མཐུད་ནས་གནས་ཐུབ་པ་ཞིག་ཡོང་གི་རེད།

དྲི་བ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཨ་སྒོར་ས་ཡ་ ༢༣ གནང་གཏན་འཁེལ་ཡོད་པ་དེར་སྲིད་འཛིན་གསར་པའི་སྔོན་རྩིས་འཆར་འབུལ་ནང་འགྱུར་བ་འགྲོ་ཡི་ཡོད་དམ།

ལན། རོགས་དངུལ་དེ་ལ་འགྱུར་བ་ག་འདྲ་ཡོང་དང་མི་ཡོང་གྲོས་ཚོགས་ལ་རག་ལས་ཡོད་པ་རེད། སྤྱིར་བཏང་ཨ་རིའི་སྲིད་འཛིན་ལ་དགོངས་པ་ག་རེ་ཡོད་མེད་དེ་འདི་ལོའི་ཕྱི་ཟླ་གཉིས་པ་གསུམ་པ་ནས་སྤྱི་ཚོགས་ནང་སྐད་ཆ་འགྲོ་ཡི་ཡོད་པ་དང་། དེ་བཞིན་བརྒྱུད་ལམ་ཁག་གི་ནང་དུའང་སྐད་ཆ་འགྲོ་བསྡད་པ་རེད་ལ། སྲིད་འཛིན་གྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཀྱི་བརྒྱ་ཆ་ ༣༧ མར་བཅག་གི་རེད་ཅེས་པའི་སྐད་ཆ་ཞིག་དེ་དུས་ནས་ཡོང་ཡོད་པ་རེད། ཡིན་ནའང་། ད་ལྟ་དངོས་སུ་སྲིད་འཛིན་གྱིས་སྔོན་རྩིས་མར་བཏོན་ཡོང་དུས་ཕྱི་ལོ་ ༢༠༡༨ ལོའི་ཕྱི་སྲིད་ལས་ཁུངས་ཀྱི་ཁྱོན་ཡོངས་ཀྱི་སྔོན་རྩིས་ཕྱི་ལོ་ ༢༠༡༧ དང་བསྡུར་བ་ཡིན་ན་བརྒྱ་ཆ་ ༢༨ མར་བཅགས་ཡོད་པ་དང་། མཐའ་མ་གྲོས་ཚོགས་ནས་བརྒྱ་ཆ་ ༢༨ དེ་ཡར་སྤར་ཐུབ་ཀྱི་རེད་དང་མ་རེད་ཅེས་པ་དེ་བཤད་ཚོད་ཐུག་ཁག་པོ་རེད། ཡིན་ནའང་། བརྒྱ་ཆ་ ༢༨ བཅགས་ན་མཐོ་དྲགས་པ་རེད་ཅེས་ང་ཚོས་མཇལ་འཕྲད་ཞུ་སའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཚང་མས་གསུངས་ཀྱི་འདུག འོན་ཀྱང་། སྲིད་འཛིན་གྱི་དགོངས་འཆར་ལ་ཏོག་ཙམ་བསྟུན་དགོས་པའི་གནས་སྟངས་ཆགས་མི་སྲིད་པ་མ་རེད་བསམ་གྱི་འདུག བརྒྱ་ཆ་དེ་གང་ཡིན་མིན་ལ་མ་ལྟོས་པར་བྱེ་བྲག་པར་མར་བལྟས་པ་ཡིན་ན། ཨ་མེ་རི་ཀ་ཟེར་དུས་རྒྱལ་ཁབ་སྟོབས་ཆེན་ཞེ་དྲགས་ཤིག་ཡིན་པ་དང་། སྲིད་འཛིན་གྱི་སྔོན་རྩིས་གཅིག་པུའི་ནང་དུ་ལོ་གཅིག་རེའི་ནང་ཨ་སྒོར་དུང་ཕྱུར་གཅིག་སྟོང་ལྷག་གི་འགྲོ་སོང་གཏོང་མཁན་ཞིག་ཡིན་དུས། ལོ་གཅིག་ནང་བཙན་བྱོལ་བོད་མི་ཚོར་ས་ཡ་ ༩ ཞིག་དང་བོད་ནང་ལོགས་ལ་ས་ཡ་བཞི་ལྔ་ཞིག་སྤྲོད་རྒྱུ་དེ་ཆེན་པོ་ཞེ་དྲགས་ཆགས་ཀྱི་ཡོད་པ་མ་རེད།

དྲི་བ། རོགས་དངུལ་ས་ཡ་ ༢༣ གནང་གཏན་འཁེལ་བ་ཁྱབ་བསྒྲགས་གནང་ཏེ་ལོ་གཅིག་མ་ཟིན་ཙམ་འགྲོ་ཡི་ཡོད་དུས། ད་སྔ་དངུལ་འབོར་དེའི་ཁོངས་ནས་ག་ཚོད་ཅིག་ཚུར་བླངས་ཡོད་པ་རེད།

ལན། ཕྱི་ལོ་ ༢༠༡༧ ལོར་ཨ་སྒོར་ས་ཡ་ ༦ རག་པའི་འཆར་གཞི་ཡོད་པ་དང་། ཨ་རིའི་གཞུང་ལ་མཚོན་ན་དངུལ་འབོར་ཆེན་པོ་ཞེ་དྲགས་ཤིག་མ་རེད་དེ། ང་རང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཤུགས་ཆེན་པོ་ཞེ་དྲགས་ཡོད་པའི་གནས་བབ་དེ་ཕར་འགྲེལ་བཤད་རྒྱག་ཐུབ་དགོས་ཀྱི་ཡོད་པ་རེད། ཁོ་རང་ཚོ་ཚོགས་ཆུང་ནང་ཉན་ཞིབ་དེ་འདྲ་བྱེད་སྐབས་བོད་པར་ག་རེ་བྱས་ནས་རོགས་པ་བྱེད་ཀྱི་ཡོད་པ་རེད་ཟེར་དུས། ཤེས་ཡོན་དང་འཕྲོད་བསྟེན། བོད་སྐད་ཡིག་སྲུང་སྐྱོབ། རིག་གཞུང་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པ་དེ་ཚོ་ང་ཚོས་འགྲེལ་བཤད་རྒྱག་ཐུབ་དགོས་པ་རེད། ད་ལྟ་ང་ཚོའི་རེ་བར་ཕྱི་ལོ་ ༢༠༡༧ ལོར་ག་ཚོད་རག་གི་ཡོད་ནའང་ཆ་ཚང་བ་ཞིག་རག་ཐུབ་པའི་རེ་བ་རྒྱག་གི་ཡོད། ཡིན་ནའང་། ད་ལྟ་མཐའ་གཅིག་ཏུ་དེ་གཏན་འཁེལ་གྱི་རེད་ཅེས་ཞུ་ཐུབ་ཀྱི་མི་འདུག

དྲི་བ། ད་ལན་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐུན་མོང་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་ལ་ཆེད་བཅར་གྱིས་ཞུ་གཏུག་གནང་ཡོད་པ་ལྟར། ཁོང་རྣམ་པས་རོགས་དངུལ་མཚམས་འཇོག་གི་སྔོན་རྩིས་འཆར་འབུལ་སྐོར་ལ་དགོངས་འཆར་ག་རེ་འདོན་གྱི་འདུག

ལན། ང་ཚོས་བྱེད་དགོས་པ་དེ་གྲོས་ཚོགས་གོང་འོག་གཉིས་ཀྱི་སྔོན་རྩིས་ཚོགས་ཆུང་གཉིས་ལ་འབྲེལ་བ་ཞུ་དགོས་ཀྱི་ཡོད་པ་དེ་རེད། སྟབས་ལེགས་པ་ཞིག་ལ་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་པར་རྒྱབ་སྐྱོར་ཡག་ཐག་ཆོད་ཅིག་ཡོད་པ་རེད། དེའི་སྒང་ལ་ང་ཚོར་རོགས་པ་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཆར་ཌི་གྷར་(Richard Gere)ལགས་ལ་ཆ་བཞག་ན། དངོས་གནས་གཞན་དང་མི་འདྲ་བར་དུས་ཚོད་བཏོན་ཏེ་ད་ལོའི་ཕྱི་ཟླ་ ༢ ཚེས་ ༢༨ དང་ ༢༩ བོད་ཀྱི་ལོ་གསར་ཚེས་ ༢ ཉིན་ཁོང་ཝ་ཤིང་ཊོན་དུ་ཡོང་སྟེ། ང་ཚོས་གྲོས་ཚོགས་འོག་མའི་འཐུས་མི་ཁག་ཅིག་དང་། གོང་མའི་འཐུས་མི་ཁག་ཅིག་བཅས་ལ་མཇལ་ཡོད་པ་དང་། གོང་མའི་འཐུས་མི་ཚོའི་ནང་ནས་གྲོས་ཚོགས་གོང་མའི་སྔོན་རྩིས་ཚོགས་ཆུང་གི་ཚོགས་གཙོ་ལིན་སི་གྷར་ཧམ་(Lindsey Graham)མཆོག་ལ་མཇལ་ཏེ། ཕྱི་ཟླ་ ༢ པའི་ཟླ་མཇུག་ནས་བཟུང་སྔོན་རྩིས་སྒང་ལ་སྐད་ཆ་འདི་འདྲ་གོ་ཡི་འདུག བོད་པར་ག་འདྲ་ཆགས་ཡོང་ན་ཞེས་ཞུ་སྐབས། ཁོང་གིས་ཁྱེད་རང་ཚོས་སེམས་ཁྲལ་བྱེད་དགོས་པ་མ་རེད། ཅེས་གསུངས་སོང་།

དེ་ནས་ད་ལན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་དོན་གཅོད་ཁང་ཐུན་མོང་གི་ཐོག་ནས་འཁྲུངས་སྐར་སྔ་ནུར་གྱིས་སྲུང་གཙི་ཞུས་པ་དང་སྟབས་བསྟུན། ཕྱི་ཟླ་ ༦ ཚེས་ ༢༧ དང་ ༢༨ ཉིན་ང་ཚོས་དཔོན་རིགས་ཁག་མང་པོ་ཞིག་མཇལ་བའི་ནང་ལོགས་ནས་གྲོས་ཚོགས་གོང་མའི་སྔོན་རྩིས་ཚོགས་ཆུང་གི་ཚོགས་མི་དང་། དམངས་གཙོ་ཚོགས་པའི་འཐུས་མི་སྔོན་མ་ནས་༧རྒྱལ་བ་རིན་པོ་ཆེར་ཐུགས་རྒྱུས་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་ལ་ཤུགས་ཞེ་དྲགས་རྒྱག་མཁན་བགྲེས་སོང་འཐུས་མི་པཱ་ཊིག་ལི་ཧི་(Patrick Leahy)མཆོག་དང་། དེ་བཞིན། བོད་དོན་ལ་དཔེ་མི་སྲིད་པས་ཐུགས་འཁུར་ཆེན་པོ་གནང་མཁན་དང་། སྔོན་མ་སྔོན་རྩིས་ནང་ས་ཡ་ ༢༣ རག་བར་ཤུགས་གཙོ་བོ་རྒྱག་མཁན་གྱི་གྲས་དམངས་གཙོ་ཚོགས་པའི་མགོ་འཁྲིད་དང་། གྲོས་ཚོགས་འོག་མའི་སྔོན་རྩིས་ཚོགས་ཆུང་གི་ཚོགས་མི་ལྕམ་ནི་ཌ་ལོ་ཝེ་(Nita Lowey)མཆོག་དང་མཇལ་སོང་ལ། ཁོང་རྣམ་པ་གཉིས་ནས་བོད་པར་མུ་མཐུད་རྒྱབ་སྐྱོར་དང་སྔོན་རྩིས་ཐོག་ཤུགས་རྒྱག་གི་ཡིན་ཞེས་གསུངས་བྱུང་།

གཞན་ཡང་། གྲོས་ཚོགས་འོག་མའི་ཚན་པ་བྱེ་བྲག་པ་(State and Foreign Obsition Service)ཞེས་པ་དེ་ང་ཚོ་ལ་འབྲེལ་བ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ཕྱི་རྒྱལ་གྱི་ལུང་པ་རེ་རེའི་ནང་རོགས་དངུལ་ག་ཚོད་སྤྲོད་དགོས་མིན་གྱི་ཞིབ་ཕྲ་ཁོང་ཚོས་བལྟས་རྗེས། སྔོན་རྩིས་ཚོགས་ཆུང་ཆེ་བའི་ནང་གྲོས་བསྡུར་གྱིས་ཐག་གཅོད་དགོས་ཀྱི་ཡོད་སྟབས། ད་ལན་ང་ཚོས་ཚོགས་ཆུང་དེའི་ཚོགས་གཙོ་ཧཱ་རོལ་ཌི་རའོ་གྷར་སི་(Harold Rogers)ལགས་མཇལ་བ་དང་། ཁོང་གིས་ཕྱི་ལོ་ ༢༠༡༧ ལོར་ཁྱེད་རང་ཚོར་ག་ཚོད་རག་གི་ཡོད་ན་དེ་རང་རག་ན་འགྲིག་གི་འདུག་བཱ་ཞེས་གསུངས་སོང་ལ། འགྲིག་གི་འདུག་ཞུས་པ་ཡིན།

ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་སོ་སོའི་ངོ་ཤེས་པ་ནང་ཁུལ་དུ་ཡི་གེ་གཏོང་རེས་བྱས་ཏེ། གནད་དོན་འགྲེལ་བཤད་བརྒྱབ་ནས་དེ་འདྲ་དེ་འདྲ་བྱེད་དགོས་ཀྱི་འདུག་ཅེས་གྲོས་བསྡུར་བྱེད་པའི་འགྲོ་སྟངས་ཤིག་འདུག་པས། ང་ཚོའི་ངོ་ཤེས་པ་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་ཐུན་མོང་ནས་ཡི་གེ་དེ་འདྲ་གཏོང་བའི་འཆར་གཞི་ཞིག་སྒྲིག་གི་ཡོད་པ་རེད་ལ། ཕྱི་ཟླ་ ༨ པ་ཧྲིལ་པོར་གྲོས་ཚོགས་འཚོགས་ཀྱི་མེད་ཀྱང་ཕྱི་ཟླ་བདུན་པའི་ཚེས་ ༡ ནས་ ༩ བར་གྱི་ཨ་རིའི་རང་བཙན་ཉིན་མོ་དང་སྟབས་བསྟུན་གྱི་གུང་སེང་ཕུད་ལྷག་མའི་དུས་ཚོད་དེ་དང་། ཕྱི་ཟླ་དགུ་པའི་ནང་ལ་ང་ཚོས་ཕན་ཚུན་འབྲེལ་བ་ཞུས་ཏེ། ཕྱི་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཚང་མ་གཏན་འབེབས་མ་ཚར་བར་དུ་ང་ཚོས་མཐོ་ས་ནས་རྒྱབ་སྐྱོར་རག་སོང་བསམ་ནས་ལྷོད་གཡེང་དུ་མ་སོང་བའི་ཐོག་ནས་ག་ཚོད་ཐུབ་ཐུབ་ཀྱིས་གྲོས་ཚོགས་འཐུས་མི་གཞན་རྣམས་ལའང་འབྲེལ་བ་ཞུ་དགོས་པ་དེ་གལ་ཆེན་པོ་ཆགས་འདུག

སྤྱིར་བཏང་ང་ཚོས་ཨ་མེ་རི་ཀ་གཞུང་ལ་གཙོ་བོ་ཆབ་སྲིད་ཀྱི་སྒང་ལ་ཞུ་གཏུག་བྱེད་ཀྱི་ཡོད་པ་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་ལ་བོད་དོན་དང་འབྲེལ་བ་ཡོད་པའི་ཁྲིམས་འཆར་དང་། དེ་བཞིན་ད་ལྟ་སྲིད་འཛིན་གསར་པ་ཕེབས་ཏེ་གཞུང་འཛིན་གྱི་མི་སྣ་གསར་པ་མང་པོ་ཞིག་བསྐོ་བཞག་བྱེད་དགོས་ཀྱི་ཡོད་དུས། ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་བྱས་པའི་བོད་དོན་ཐོག་ལ་འཛིན་པའི་སྲིད་བྱུས་(Tibet Policy Act 2002 )ཀྱི་ཆ་རྐྱེན་འོག བོད་དོན་སྐོར་གྱི་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་བཞག་བྱེད་དགོས་ཀྱི་འདུག་ཅེས་ད་ལན་གྲོས་ཚོགས་འཐུས་མི་ ༣༧ གྱིས་མཚན་རྟགས་བརྒྱབ་སྟེ་སྲིད་འཛིན་ལས་ཁུངས་ལ་སྙན་གསེང་ཞུས་ཡོད་པ་དང་། དེ་བཞིན་བོད་ནང་ལོགས་ཀྱི་གནས་སྟངས་དང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ་བཅས་ཀྱི་ཐོག་ང་ཚོས་ཞུ་གཏུག་གཙོ་བོ་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༡༨ ལོའི་སྔོན་རྩིས་དེ་ཕྱི་ཟླ་ ༡༠ པའི་ནང་གཏན་འཁེལ་དགོས་ཀྱི་ཡོད་དུས། ད་ལྟ་ང་ཚོས་བོད་དོན་ཐོག་དཔལ་འབྱོར་གྱི་རོགས་སྐྱོར་མུ་མཐུད་ཡོང་བར་ཞུ་གཏུག་བྱེད་བཞིན་ཡོད།

དྲི་བ། མ་འོངས་པར་གྲོས་ཚོགས་ནང་ཐག་གཅོད་ག་འདྲ་ཞིག་ཡོང་རྒྱུར་ཚོད་དཔག་གནང་གི་ཡོད།

ལན། ང་ཚོའི་རེ་བར་དེ་སྔ་ག་ཚོད་རག་གི་ཡོད་པ་ཆ་ཚང་ཞིག་རག་ཐུབ་དགོས་པ་དེ་རེད། ད་ལན་ཤུགས་རྒྱག་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་འདུག གང་ཡིན་ཟེར་ན། གཞུང་གསར་པ་ཕེབས་ཏེ་སྔོན་རྩིས་ནང་རོགས་དངུལ་མར་བཅགས་པ་དེ་གྲོས་ཚོགས་ནས་ཡར་སྤར་ཐུབ་པ་ཡིན་ན། གཞུང་གསར་པའི་མ་འོངས་ལོ་ ༤ ནང་མུ་མཐུད་དེ་གནས་ཐུབ་པར་ཁྱད་པར་ཤུགས་ཆེན་པོ་ཡོད་པ་རེད། ད་ལན་མར་བཅགས་པ་དེ་ཡར་སྤར་མ་ཐུབ་པ་ཡིན་ན། སྲིད་འཛིན་ཊོམ་ཕུ་ཡི་ལས་ཡུན་ནང་དཔལ་འབྱོར་གྱི་རོགས་སྐྱོར་རག་རྒྱུ་ཁག་པོ་ཆགས་ཡོད་སྟབས། ད་ལན་ཤུགས་རྒྱག་རྒྱུ་ཡོད་པ་ཆ་ཚང་ཞིག་རྒྱག་དགོས་ཀྱི་ཡོད་པ་རེད།

དྲི་བ། བོད་མིའི་སྒྲིག་འཛུགས་དང་སྐུ་ཚབ་དོན་གཅོད་ཁང། དེ་བཞིན་གཞུང་འབྲེལ་ཡིན་མིན་གྱི་ཚོགས་སྒེར་བཅས་ནས་རོགས་དངུལ་གཅོག་ཆ་དང་མཚམས་འཇོག་མི་ཡོང་བར་ཞུ་གཏུག་གི་ལས་འགུལ་ག་འདྲ་སྤེལ་དགོས་པ་རེད།

ལན། སྲིད་འཛིན་གྱི་སྔོན་རྩིས་དེ་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་བཏོན་ཡོད་པ་དང་། ཟླ་དེའི་ཚེས་ ༢༣ ནས་ ༢༥ བར་དཔལ་ལྡན་སྲིད་སྐྱོང་མཆོག་ས་གནས་འདིར་ཕེབས་ཏེ་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་དགོས་སྐོར་ཞུ་གཏུག་གནང་ཡོད་པ་དང་།
དེའི་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ལགས་ཀྱིས། ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོས་ཞུ་གཏུག་ག་འདྲ་བྱེད་དགོས་ཀྱི་ཡོད་མེད་སྐོར་ལ་ལམ་སྟོན་ཆ་ཚང་ཞིག་གནང་ཡོད་པ་དང་། དེའི་ནང་དུ་དྲ་ལམ་བརྒྱུད་ནས་འགེངས་ཤོག་ཅིག་བརྒྱངས་ཏེ་གྲོས་ཚོགས་འཐུས་མི་ཚོར་ཡི་གེ་གཏོང་བའི་ལས་འགུལ་ཞིག་ཡོད་སྟབས། དོན་གཅོད་ཁང་བརྒྱུད་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་དེར་ཆ་ཤས་ལེན་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད། སྤྱིར་བཏང་བོད་པར་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་རེད། དཔེར་ན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལྟ་བུར་མཚོན་ན། ཚོགས་པ་དེའི་དངུལ་ཡོང་ས་གཙོ་བོ་དེ་ཚོགས་མི་ནས་ཡོང་གི་ཡོད་དུས། འཛམ་གླིང་སྤྱིའི་ནང་ཁོང་ཚོར་ཕལ་ཆེར་ཚོགས་མི་འབུམ་གཅིག་ཡོད་པ་དང་། ཨ་རི་རང་གི་ནང་ལ་ཕལ་ཆེར་ཁྲི་ ༦ ཙམ་ཡོད་དུས། ཚོགས་མི་དེ་ཚོར་གྲོས་ཚོགས་འཐུས་མི་དང་ལྷག་པར་དུ་སྔོན་རྩིས་ཚོགས་ཆུང་ནང་ཡོད་པའི་གྲོས་ཚོགས་འཐུས་མི་དེ་ཚོར་བོད་དོན་ཐོག་དཔལ་འབྱོར་གྱི་རོགས་སྐྱོར་གནང་རོགས་ཞེས་ཡི་གེ་གཏོང་བའི་ལས་འགུལ་ཞིག་འགྲོ་བཞིན་ཡོད་པ་རེད། དེ་ནས་བོད་ནང་གི་ལས་འཆར་དེ་ཚོའི་ནང་ནས་(Bridge Fund)ང་ཚོ་དང་འབྲེལ་བ་ཕྲན་བུ་ཞིག་འདུག་མ་གཏོགས་གཞན་དེ་ཚོར་འབྲེལ་བ་གང་ཡང་མི་འདུག་པས། མ་འོངས་པར་ང་ཚོས་གནས་ཚུལ་ཆ་ཚང་ཞིག་རྒྱུས་ལོན་བྱེད་དགོས་པ་དེ་དཔེ་གལ་ཆེན་པོ་རེད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 5

  1. ལོ་དར། says:
    ལོ་ 8 སྔོན།

    དྲི་བ་ཧ་ཅང་གནད་དུ་ཁེལ་བ་ཁ་ཡོད་ལག་ཡོད་བཏང་འདུག་ལ་སྐུ་ངོས་དྲི་ལན་ཡང་ཁ་གསལ་ཚིག་གསལ་གནང་འདུག འདི་བོད་ཀྱི་དུས་བབ་ཚང་གི་ཁྱད་ཆོས་གཙོ་བོ་ཞིག་ཡིན། རྣམ་པ་གཉིས་ཀར་ཐུགས་རྗེ་ཆེ།

    Reply
  2. chacha says:
    ལོ་ 8 སྔོན།

    གང་ལྟར་སྐུ་ཉིད་ཀྱི་འཇོན་ཐང་ལ་ལྟར་རྒྱུ་རེད།དགོས་ཡ་དེ་མ་རག་ན་རྐུབ་བཀྱག་ཟིན་བསྡད་པར་ཞིག་ངོས་འཛིན་བྱེད་ཀྱི་ཡོད།

    Reply
  3. Gendun says:
    ལོ་ 8 སྔོན།

    དཔལ་ལྡན་སྲིད་སྐྱོང་མཆོག་གི་རྩ་དོན་གསུམ་ལས་རང་ཁ་རང་གསོ་འམ་རྗེས་སུ་རང་མགོ་རང་ཐོན་དུ་བསྒྱུར་ཡོད་པའི་རྩ་དོན་དེ་གང་དུ་ཕེབས་སོང་ངམ།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ཨ་རིའི་སྲིད་གཞུང་གསར་པས་བོད་མི་བཙན་བྱོལ་བར་རོགས་དངུལ་གནང་རྒྱུ་དེ་དག་ཨ་རིའི་སྲིད་འཛིན་གྱིས་སྔོན་རྩིས་འཆར་འབུལ་ནས་ཕྱིར་འཐེན་གནང་འཆར་ལ་ང་ཚོའི་འགན་འཁུར་ནས་རང་ཁ་རང་གསོ་དང་རང་མི་རང་ལས་རང་དོན་རང་གཅེས་ཟེར་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་སྲིད་ཇུས་འོག་རང་ཁ་རང་གསོའི་མདུན་ལམ་ཚོལ་དགོས་པ་ལས་རྒྱལ་ཁབ་གཅིག་དང་མི་རིགས་ཤིག་མི་ཐོག་ནས་མི་ཐོག་བརྒྱུད་ནས་གཞན་བསྟེན་གྱི་བསམ་བློ་ངན་པ་དེ་བརྡོར་དགོས་པའི་དུས་ལ་སླེབ་པ་མ་རེད་དམ་???

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ཨ་རིའི་རོགས་དངུལ་ལས་གལ་ཆེ་བ་དེ་ཨ་རིའི་སྲིད་འཛིན་གསར་པ་གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་དེ་རོགས་དངུལ་ཨ་སྒོར་ས་ཡ་23ལས་བརྒྱ་འགྱུར་སྟོང་འགྱུར་གྱི་གལ་ཆེ་བར་ངོས་འཛིན་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese