མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གསར་འགོད་རང་དབང་བཀག་སྡོམ་བྱེད་མཁན་ཉེན་རྟོག་དཔོན་གཏེ་པོ་དེ་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དང་ཁེ་ན་ཌའི་གཞུང་བར་ཚོང་གི་འབྲེལ་ལམ་འཛུགས་འདོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། གསར་འགོད་རང་དབང་སོགས་བཀག་སྡོམ་བྱེད་ཀྱིན་ཡོད་སྟབས། ཚོང་འབྲེལ་གྲོས་ཆོད་འཇོག་མ་ཐུབ་པར་ལྷག་ཡོད་འདུག

ཁ་སང་ཧུ་ཧྥིན་ཊོན་(Huffington Post)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ན་ཌའི་གསར་ཁང་(The Canadian Press)ཞེས་བས་ཁེ་ན་ཌའི་ནང་གི་རྒྱ་ནག་གཞུང་ཚབ་པ་ལའོ་ཧྲ་ཡེ་ལ་(Lu Shaye)ཟླ་འདིའི་ནང་འཚོགས་འཆར་ཡོད་པའི་རྒྱ་ནག་དང་ཁེ་ན་ཌ་བར་གྱི་ཚོང་འབྲེལ་ཚོགས་འདུ་ཐེངས་གསུམ་པའི་སྐོར་ལ་བཅར་འདྲི་བྱས་སྐབས། རྒྱ་ནག་གཞུང་ཚབ་པས། ཁེ་ན་ཌའི་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་ཞིག་དང་དམངས་གཙོ་མེད་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཏེ། རྒྱ་ནག་ལ་སྣང་བརྙན་ངན་པ་སྐྲུན་བཞིན་ཡོད་པ་དེ་མཚམས་འཇོག་དགོས་སྐོར་དང་། ཁེ་ན་ཌའི་གཞུང་གིས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གྲོས་ཆོད་འཇོག་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་ཡོད་འདུག

རྒྱ་ནག་གི་གཞུང་ཚབ་པ་ལའོ་ཧྲ་ཡེ་ཡིས་ཁེ་ན་ཌའི་གསར་འགྱུར་བརྒྱུད་ལམ་ཁག་ལ་སྐྱོན་བརྗོད་བྱས་བ་དེས་རྒྱལ་ཁབ་གཉིས་བར་གྱི་འགལ་བ་འགྲོ་བ་མིའི་ཐོབ་ཐང་དང་ཚོང་འབྲེལ་རང་དབང་སོགས་ཐེངས་འདིའི་ཚོགས་ཐོག་ཏུ་མ་གླེང་ག་མེད་ཀྱི་བརྗོད་གཞི་ཞིག་ཆགས་ཡོད་པ་དང་། ཁེ་ན་ཌའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ནི་རྒྱ་ནག་དང་ཁེ་ན་ཌའི་བར་གྱི་ཚོང་འབྲེལ་གྲོས་ཆོད་ཀྱི་ཆ་ཤས་ཤིག་ཡིན་དགོས་ཞེས་རྗོད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེར་ངོས་ལེན་མེད་པ་མ་ཟད། དགག་པ་བརྒྱབ་སྟེ་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང་གཉིས་འབྲེལ་བ་མེད་སྐོར་རྗོད་བཞིན་ཡོད།

ལའོ་ཧྲ་ཡིས་ཁེ་ན་ཌའི་གསར་འགྱུར་བརྒྱུད་ལམ་སྐོར་བརྗོད་དོན། ངས་བལྟས་ན་ཁེ་ན་ཌའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཁེ་ན་ཌའི་གཞུང་ལ་གནོད་ཤུགས་སྤྲད་དེ་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ཐབས་བྱེད་བཞིན་འདུག ཅེས་དང་། ཁེ་ན་ཌའི་ནང་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་འདུག ཅེས་སོགས་བརྗོད་ཡོད་པ་མ་ཟད། ཁོས་ད་དུང་ཁེ་ན་ཌའི་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་མགོ་བཏགས་འདུག་ཅེས་ཁེ་ན་ཌའི་ཆབ་སྲིད་པ་ཚོར་གནོད་ཤུགས་སྤྲོད་ཐབས་ཀྱང་བྱས་ཡོད་པ་རེད།

བཅར་འདྲི་དེའི་སྐབས་སྐུ་ཞབས་ལའོ་ཧྲ་ཡིས་རྒྱ་ནག་དམར་ཤོག་ཚོགས་པས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཚོད་འཛིན་བྱས་ཕྱོགས་སྐོར་བརྗོད་དོན། “རྒྱ་ནག་གཞུང་གིས་མི་མང་གི་བསམ་ཚུལ་ལ་ཡག་པོ་ཉན་གྱི་ཡོད། འོན་ཀྱང་། མི་མང་གིས་སྤྱི་ཚོགས་ནང་ཟིང་ཆ་བསླངས་ན་དེར་གཞུང་གིས་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད་”ཅེས་བརྗོད་ཡོད་པ་དང་། ལའོ་ཧྲ་ཟླ་བ་བཞིའི་གོང་ལ་ཁེ་ན་ཌར་ཡོང་སྐབས། ཁོས་རྒྱ་ནག་དང་ཁེ་ན་ཌའི་བར་ཚོང་ལས་མཉམ་འབྲེལ་ཇེ་ཟབ་དུ་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད་སྐོར་བརྗོད་ཡོད།

ཁེ་ན་ཌའི་སྲིད་བློན་ཇཱ་སི་ཊིན་ཊོར་ཌའོ་(Justin Trudeau)ལགས་ལོ་སྔོན་མའི་དབྱར་ཁར་རྒྱ་ནག་ཏུ་བསྐྱོད་ཡོད་པ་དང་། བདུན་ཕྲག་འགའི་རྗེས་ལ་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆཱང་ཁེ་ན་ཌའི་རྒྱལ་ས་འོ་ཊ་ཝར་སྐོར་སྐྱོད་བྱས་ཡོད། ཁེ་ན་ཌའི་སྲིད་བློན་ལ་རྒྱ་ནག་དང་ལྷན་དུ་ཚོང་དང་ཆབ་སྲིད་གནས་བབ་སོགས་ཡར་རྒྱས་གཏོང་འདོད་ཡོད་ཀྱང་། སྲིད་བློན་ཁོང་རྒྱ་ནག་ནང་སྐྱོད་སྐབས་ཁོས་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེ་བའི་བརྗོད་གཞི་འགའ་ཐད་ཀར་གླེང་སློང་བྱས་ཡོད།

སྲིད་བློན་ཊོར་ཌའོ་ཡིས་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ནང་གཏམ་བཤད་ཅིག་སྤེལ་སྐབས། ང་ཚོས་རྒྱ་ནག་མི་མང་གི་གནས་བབ་ཡར་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུར་རྒྱ་ནག་གཞུང་ལ་རེ་ལྟོས་ཆེན་པོ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་འདུག

ཁེ་ན་ཌའི་རྒྱ་ནག་གཞུང་ཚབ་ལའོ་ཧྲ་ཁེ་ན་ཌའི་ནང་འབྱོར་རྗེས། ཁོས་ཁེ་ན་ཌའི་ནང་རྒྱ་ནག་ལ་ལྟ་སྟངས་ངན་པ་འཛིན་གྱི་ཡོད་པའི་གནས་སྟངས་དེ་ཁེ་ན་ཌའི་གསར་འགྱུར་བརྒྱུད་ལམ་ཁག་གིས་བཟོ་བཞིན་ཡོད་སྐོར་བརྗོད་དོན། “ངས་ཁེ་ན་ཌའི་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་ལ་ལྟ་སྟངས་མི་ལེགས་པ་འཛིན་བཞིན་ཡོད་པ་དེ་གོ་བ་ལོག་གི་ཡོད་པ་ཞིག་ལ་མཐོང་གི་ཡོད། དེས་རྒྱ་ནག་དང་ཁེ་ན་ཌའི་བར་གྱི་འབྲེལ་ལམ་ལའང་གནོད་འཚེ་གཏོང་གི་རེད།”ཅེས་སོགས་བརྗོད་ཡོད།

༼  ཁེ་ན་ཌས་རྒྱ་ནག་ལ་མཐོང་ཆུང་བྱེད་པ།  ༽

སྐུ་ཞབས་ལའོ་ཧྲ་ཡིས་ཁེ་ན་ཌས་རྒྱ་ནག་ལ་བཟང་ཕྱོགས་ཀྱི་ཁྱད་ཆོས་གང་ཡང་མེད་པར་མཐོང་གི་ཡོད་སྟབས་རྒྱ་ནག་ལ་ཚོང་འབྲེལ་བྱ་རྒྱུར་ཡང་རིན་ཐང་དུ་མཐོང་གི་མེད། ཅེས་དང་། ཁོས་མུ་མཐུད་དུ་ཁེ་ན་ཌས་རྒྱ་ནག་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན། རང་དབང་སོགས་མེད་པར་ངོས་འཛིན་བྱས་ཏེ་རྒྱ་ནག་ལ་མཐོང་ཆུང་བྱེད་ཀྱི་འདུག ཅེས་སོགས་བརྗོད་ཡོད།

ལའོ་ཧྲ་ཡིས་རྒྱ་ནག་གཞུང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གླེང་རྒྱུར་ཞེད་སྣང་མེད་ཚུལ་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ནི་ཚོང་འབྲེལ་དང་འབྲེལ་བ་མེད་པར་རྗོད་ཀྱི་ཡོད་སྟབས། ཁོས་“ཆབ་སྲིད་པ་ཚོས་བློ་སྟོབས་ལྡན་པའི་ཐོག་ནས་འོས་འགན་ཕྲག་ཏུ་བླངས་ཏེ་མི་མང་ལ་རྒྱལ་ཁབ་ཀྱི་རྩ་བའི་ཕུགས་འདུན་གང་ཡིན་པ་དེ་འགྲེལ་བཤད་རྒྱག་དགོས”ཞེས་བརྗོད་ཡོད།
ཁེ་ན་ཌའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ནི་རྒྱ་ནག་དང་ཁེ་ན་ཌའི་བར་གྱི་ཚོང་འབྲེལ་གྱི་ཆ་ཤས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། དེ་སྔ་ཁེ་ན་ཌའི་གཞུང་གིས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གྲོས་ཆོད་འཇོག་རྒྱུའི་ཐད་ཞིབ་འཇུག་བྱས་སྐབས། ཁེ་ན་ཌའི་མི་མང་གིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས། ཕོ་མོ་དབྱེ་འབྱེད་དང་། ལས་གནས་འདྲ་མཉམ། དེ་བཞིན། ཁོར་ཡུག་སོགས་ཀྱི་ཐད་དཀའ་ངལ་ཚབས་ཆེན་ཡོད་པའི་སེམས་ཚབས་བསྟན་ཡོད་སྟབས། ཐེངས་འདིར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་དང་ལྷན་དུ་གྲོས་མོལ་ཞིབ་ཚགས་བྱས་ཏེ། མི་མང་ལ་དཀའ་ངལ་དེ་དག་ཐད་ལན་འདེབས་གསལ་བཤད་བྱེད་དགོས་ཁེལ་ཡོད།

ཁེ་ན་ཌའི་གཞུང་གིས་ “ང་ཚོས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གྲོས་ཆོད་བཞག་ཀྱང་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་སྐྱོན་བརྗོད་ཡོང་གི་ཡོད་པའི་དཀའ་ངལ་དེ་ཁེ་ན་ཌས་སེལ་ཐུབ་པ་ཞིག་མ་རེད”ཅེས་བརྗོད་ཡོད་པ་དང་། སྲིད་བློན་ཊོར་ཌའོ་ལགས་ཀྱིས་ཀྱང་ཁེ་ན་ཌས་གསར་འགོད་རང་དབང་ལ་ནམ་ཀུན་བརྩི་བཀུར་བྱེད་ཀྱིན་ཡོད་སྐོར་བརྗོད་དོན། “དམངས་གཙོ་ཡང་དག་ཅིག་ཡོང་ཐབས་སུ་སྲིད་གཞུང་ཞིག་གི་མདུན་དང་རྒྱབ་གཉིས་ལ་གསར་འགོད་རང་དབང་དགོས་བ་གལ་ཆེན་ཡིན་”ཞེས་བརྗོད་ཡོད།

༼ གསར་འགོད་རང་དབང་གི་གནད་འགག ༽

རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་གསར་འགོད་རང་དབང་བཀག་སྡོམ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། ཉེ་ཆར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Borders)ཀྱིས་ཀྱང་ “གོ་ལའི་གསར་འགོད་རང་དབང་སྒེར་གཅོད་དང་འཕྲོག་བཅོམ་བྱེད་མཁན་གྱི་ཉེན་རྟོག་པ་ལྟེ་པོ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཡིན་པ་དང་། ཁོས་རྒྱ་ནག་ནང་གི་གསར་འགོད་རང་དབང་བཀག་སྡོམ་གྱི་སྣེ་ཁྲིད་དེ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་རང་དབང་ལའང་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་སྐོར་བརྗོད་ཡོད།

ཁེ་ན་ཌའི་རྒྱ་ནག་གཞུང་ཚབ་པ་ལའོ་ལ་ཁེ་ན་ཌའི་གསར་ཁང་གི་གསར་འགོད་པ་གཉིས་ཀྱིས་དུས་ཡུན་སྐར་མ་ ༩༠ རིང་བཅར་འདྲི་བྱས་ཡོད་པ་དང་། སྐུ་ཞབས་ལའོ་ཡིས་བཅར་འདྲི་དེའི་དཀྱུལ་མ་ཙམ་ནས་རྒྱ་ནག་དང་ཁེ་ན་ཌའི་བར་གྱི་མི་མཐུན་པའི་ཕྱོགས་ཏེ་ཚོང་འབྲེལ་རང་དབང་དང་མ་འཛུགས། དྲ་ལམ་རྒོལ་གཏོར་སོགས་ཀྱི་གནད་དོན་མང་པོ་ཞིག་གླེང་ཡོད་ཅིང་། དེ་ནི་ཐེངས་འདིར་རྒྱ་ནག་གཞུང་གིས་ཁེ་ན་ཌ་དང་རྒྱ་ནག་བར་གྱི་མི་མཐུན་པའི་ཕྱོགས་ཕྱིར་བསྒྲགས་བྱས་པ་ཐོག་མ་དེ་ཆགས་ཡོད་པ་རེད།

མི་འགྱངས་བར་ཁེ་ན་ཌའི་རྒྱལ་སྤྱིའི་གསར་ཁང་ཞིག་གིས་སྐུ་ཞབས་ལའོ་ལ་བཅར་འདྲི་ཐེངས་བཞི་བ་དེ་བྱེད་རྒྱུ་ཡིན་སྟབས། སྐབས་དེར་ལའོ་ཡིས་ཁེ་ན་ཌའི་གསར་འགོད་པ་མང་པོ་ཞིག་གི་དྲི་བར་ལེན་འདེབས་བྱེད་ཀྱི་ཡིན་སྐོར་བརྗོད་དོན། “ཁེ་ན་ཌའི་གསར་འགོད་པས་མི་མང་གི་ཚབ་མཚོན་གྱི་ཡོད་པ་དང་། གསར་འགོད་པའི་དྲི་བ་རེ་རེ་ཡིས་ཁེ་ན་ཌའི་མི་མང་གི་རྣམ་རྟོག་མཚོན་གྱི་ཡོད་”ཅེས་སོགས་བརྗོད་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

སྐར་མ ༢༣ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༢༠ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༢༡ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese