མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་གནའ་རྫས་ཞིབ་འཇུག་གི་གྲུབ་དོན་ཁག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བའི་ཁོངས་ནས་འགྲེལ་བརྗོད་བྱེད་ཉེན་འདུག

Professor Mark Aldenderfer giving talks on the topic of what does archaeology tell us about the Tibet’s Past ?

ཨ་རིའི་ཁ་ལི་ཧྥོ་ནེ་ཡ་གཙུག་ལག་སློབ་ཆེན་གྱི་གནའ་རྫས་ཞིབ་འཇུག་གི་ཆེད་མཁས་སློབ་དཔོན་ཆེན་མོ་ཟུར་བ་མག་ཨལ་ཌན་ཌར་ཧྥར་(Mark Aldenderfer) ལགས་ཀྱིས། བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱིས་བོད་ཀྱི་འདས་པའི་སྐོར་ལ་ཅི་ཞིག་ཤོད་ཀྱི་ཡོད་དམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། བོད་ཀྱི་ལོ་རྒྱུས་གནའ་རྫས་ཞིབ་འཇུག་གི་གྲུབ་དོན་དག་རྒྱ་ནག་གི་ཆབ་སྲིད་དང་འགྲེལ་བརྗོད་ཀྱི་ས་མཚམས་ལས་བརྒལ་ཐུབ་ཐབས་མེད་པའི་གནས་སྟངས་ཤིག་ཏུ་གྱུར་དང་འགྱུར་ཉེན་ཡོད་སྐོར་བརྗོད།

སློབ་དཔོན་ཆེན་མོ་མག་ཨལ་ཌན་ཌར་ཧྥར་ལགས་ཀྱིས་བརྗོད་པ་ལྟར་ན།  རྒྱ་ནག་གིས་ཕྱི་ལོ་ ༡༩༧༠ དང་༡༩༨༠ ཡས་མས་ཙམ་ནས་བོད་ཀྱི་ལོ་རྒྱུས་གནའ་རྫས་ཞིབ་འཇུག་གི་ལས་དོན་ཐོག་མ་རྩ་འབོར་ཆེན་བཏང་ཡོད་ཀྱང་། ད་ལྟ་རྒྱ་ནག་གཞུང་གིས་བོད་ཀྱི་གནའ་རྫས་ཞིབ་འཇུག་གི་གྲུབ་དོན་ཁག་ལ་ཉེ་ལམ་གཏན་འབེབས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བའི་ཁོངས་ནས་འགྲེལ་བཤད་རྒྱག་པ་དང་། ཡང་རྒྱུད་གཅིག་ལམ་གཅིག་ལ་འབྲེལ་བ་འདོགས་པ། དེ་བཞིན།  བོད་དེ་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བའི་ལོ་རྒྱུས་ཀྱི་འགྲེལ་ལོག་ལ་སྦྱོར་བ། ཞང་ཞུང་ནི་བོད་ཀྱི་དཔལ་ཡོན་དང་ནང་ཆོས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་ཀྱིན་པ་སོགས་རྒྱ་ནག་གི་འགྲེལ་བཤད་ཁོ་ན་མ་གཏོགས་རང་དབང་ཅན་གྱི་ཞིབ་འཇུག་གྲུབ་དོན་འདོན་ཁག་པོར་གྱུར་ཡོད་པ་རེད།

དེ་བཞིན། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་གལ་འགངས་ཆེ་བའི་བོད་ཀྱི་བཙན་པོའི་བང་སོ་ཁག་ཅིག་རྙེད་སོན་བྱུང་བ་དང་འབྲེལ། རྒྱ་ནག་གི་གནའ་རྫས་རྟོག་ཞིབ་པ་དག་གིས། ཕྱི་ལོ་ ༡༩༩༠ ནས་ ༢༠༠༠ ལོ་མགོའི་བར་མཚོ་ནུབ་ཁུལ་གཏེར་ལམ་རྫོང་གི་ཤེའུ་བཙན་པོའི་བང་སོ་སྔོག་འདོན་བྱས་ཏེ་རིག་དངོས་མང་པོ་རྐུ་འཁྱེར་བྱས་སྟབས། ད་ལྟ་ཤུལ་བཞག་གི་གནའ་རྫས་རིག་དངོས་ཅུང་ཙམ་ལས་ལྷག་མེད་ཅིང་། བོད་དབུས་ཁུལ་གྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ནས་འུ་དུམ་བཙན་པོ་བར་གྱི་བང་སོ་མཆིས་པའི་འཕྱོངས་རྒྱས་བཙན་པོའི་བང་སོ་འགའ་ལ་གང་བྱུང་སྔོན་འདོན་བྱས་པ་དང་འགའ་རེའི་རིག་དངོས་རྐུ་འཁྱེར་བྱས་པ། དེ་བཞིན། ཕྱི་ལོ་ ༡༩༦༠ ནང་རྒྱ་ནག་གིས་བོད་ནང་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་ཏེ།  གུ་གེ་རྒྱལ་རྒྱུད་དང་འབྲེལ་ཞིང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཕྱག་བཏབ་པའི་མངའ་རིས་ཕྱོགས་ཀྱི་མཐོ་ལྡིང་དགོན་པ་དང་ལྷ་ཁང་སོགས་ནང་པའི་ཤུལ་བཞག་རིག་དངོས་ཕལ་ཆེ་བ་གཏོར་བཅོམ་བྱས་པ་དང་། ཕྱི་ལོ་ ༢༠༠༡ ལོར་རྒྱ་ནག་གཞུང་གིས་མཐོ་ལྡིང་གི་རིག་དངོས་བསྐྱར་བསྐྲུན་ཟེར་བ་བྱས་ཏེ་ལོ་རྒྱུས་ཀྱི་དོན་སྙིང་བརླག་པའི་ཡུལ་སྐོར་ལྗོངས་རྒྱུ་ལྟ་ས་ཞིག་ཏུ་བསྒྱུར་ཡོད་འདུག

རྒྱ་ནག་གཞུང་གིས། བོད་ཀྱི་གནའ་རྫས་ཞིབ་འཇུག་གི་གྲུབ་དོན་དག་གིས་བོད་ཀྱི་དོན་དངོས་ལོ་རྒྱུས་མཚོན་པའི་ཕྱོགས་སུ་མ་ལྷུང་བའི་འགྲེལ་བརྗོད་བྱེད་བཞིན་མེད་པར། རྒྱ་ནག་གཞུང་འབྲེལ་གྱི་བོད་ལ་འཛིན་པའི་འགྲེལ་བརྗོད་དུ་བསྒྱུར་དང་སྒྱུར་མུས་ཡིན་པའི་དཔེ་མཚོན་གལ་ཆེ་ཤོས་ཤིག་ནི་ཞང་ཞུང་ཡིན་ཞིང་། ཕྱི་ལོ་ ༢༠༠༠ ལོ་ཙམ་ནས་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་དག་གིས། ཞང་ཞུང་ནི་བོད་ཀྱི་དཔལ་ཡོན་གྱི་འབྱུང་ཁུངས་ཡིན་པ་མ་ཟད། ནང་ཆོས་ཀྱི་འབྱུང་ཁུངས་ཀྱང་ཡིན། ཞང་ཞུང་ནི་རྒྱ་ནག་གི་གནའ་བོའི་དར་གོས་ཚོང་ལམ་སྟེ། རྒྱུད་གཅིག་ལམ་གཅིག་ལ་འབྲེལ་བ་ཡོད་པར་བརྗོད་དེ། ཚོང་འབྲེལ་དང་གནས་སྤོ། རིག་གཞུང་རྗེས་རེས། ཆབ་སྲིད་ཀྱི་འབྲེལ་བ། གནའ་བོའི་ཚོང་ལམ། ས་ཁོངས་འབྲེལ་མཐུད། བོད་ཀྱི་ལོ་རྒྱུས་སོགས་ཡོད་ཚད་རྒྱ་ནག་གི་མངའ་ཁོངས་གཅིག་གྱུར་གྱི་འགྲེལ་བརྗོད་ལ་བསྒྱུར་མུས་ཡིན་ཞིང་། ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༦ ནང་སློབ་དཔོན་ཆེན་མོ་མག་ཨལ་ཌན་ཌར་ཧྥར་ལགས་ཀྱིས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་གཏམ་བཤད་ཅིག་སྤེལ་སྐབས། རྒྱ་ནག་གི་གནའ་རྫས་རྟོག་ཞིབ་པ་ཞིག་གིས་ཁོང་གི་གཏམ་བཤད་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ལ་འབྲེལ་བ་བཏགས་ནས། རྒྱ་ནག་གི་འགྲེལ་བརྗོད་ཀྱི་ངོ་བོར་བསྒྱུར་ཡོད་པས། གལ་འགངས་ཆེ་བའི་བོད་ཀྱི་ལོ་རྒྱུས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་དོན་རྣམས་དུས་ནས་དུས་སུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བའི་ཁོངས་ནས་འགྲེལ་བརྗོད་བྱེད་ཉེན་ཡོད་པ་བསྟན་ཡོད།

Archaeological sites in Tibet that Professor Mark Aldenderfer gave talks on.

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གནའ་རྫས་རྟོག་ཞིབ་པ་རྣམས་བོད་ནང་དུ་བོད་ཀྱི་ལོ་རྒྱུས་གནའ་རྫས་ཞིབ་འཇུག་བྱེད་པར་བསྐྱོད་རྒྱུར་བཀག་སྡོམ་བྱས་དང་བྱེད་མུས་ཡིན་ཞིང་། སློབ་དཔོན་ཆེན་མོ་མག་ཨལ་ཌན་ཌར་ཧྥར་ལགས་ཐོག་མར་ཕྱི་ལོ་ ༡༩༩༠ ནང་བོད་ནང་གནའ་རྫས་རྟོག་ཞིབ་བྱེད་པར་རྒྱ་ནག་གི་གནའ་རྫས་རྟོག་ཞིབ་པའི་འགན་ལེན་འོག་བསྐྱོད་ཡོད་ཅིང་། དེ་མིན་ཕྱི་རྒྱལ་གྱི་གནའ་རྫས་ཞིབ་འཇུག་པ་བོད་ནང་དུ་རང་དབང་ཐོག་བསྐྱོད་དུ་བཅུག་ཚེ། རྒྱ་ནག་གཞུང་བོད་ཀྱི་ལོ་རྒྱུས་རིག་གཞུང་སོགས་དང་འབྲེལ་བའི་དོན་དངོས་མང་པོ་ཞིག་ཕྱིར་འཐོན་པར་སྐྲག་གི་ཡོད་སྟབས། ད་ལྟ་ཕྱི་རྒྱལ་གྱི་གནའ་རྫས་རྟོག་ཞིབ་པ་བོད་ནང་ཆེད་དུ་འགྲོ་མི་ཐུབ་པ་ནི་དོན་དངོས་ཆགས་ཡོད་འདུག

ཁོང་གི་གཏམ་བཤད་ལས། བོད་བླ་བྲང་བཀྲ་ཤིས་འཁྱིལ་ཉེ་འཁྲིས་ཀྱི་གནས་རི་རྩ་ཆེན་རྒན་གྱའི་བྲག་དཀར་གནས་ཁང་ནས་ཐོན་པའི་མིའི་འགྲམ་རུས་འགྱུར་རྡོ་དེ་ནི། ལོ་ངོ་ ༡༦༥༠༠༠ ཡར་སྔོན་དུ་བྱུང་བའི་ཌན་ནི་སོ་ཝན་(Denisovan)མི་རིགས་ཀྱི་འགྲམ་རུས་ཤིག་ཡིན་པས། དེས་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་ཉ་དེའུ་གནའ་ཤུལ་ལས་ལོ་ངོ་ ༣༠༠༠༠ ནས་ ༤༠༠༠༠ གོང་བོད་དུ་འགྲོ་བ་མི་བྱུང་ཡོད་པའི་གྲུབ་དོན་བརྟོལ་ཡོད། རྒན་གྱའི་བྲག་དཀར་ནང་ནས་རྙེད་པའི་གནའ་རྫས་དེ་དག་གིས་གདོད་མའི་དུས་རབས་བར་མའི་སྐབས་(Middle Pleistocene) བོད་དུ་འགྲོ་བ་མིའི་རིགས་འཚོ་གནས་བྱས་ཡོད་པ་ར་འཕྲོད་བྱུང་ཡོད་ལ། ཌན་ནི་སོ་ཝན་གྱི་རིགས་རྒྱུད་ལ་བརྟེན་ནས་མཐོ་སྒང་དུ་གནས་པའི་བོད་མི་རྣམས་ཀྱི་ལུས་སྟེང་དུ་(epas1)སྲོག་རླུང་འཁོར་རྒྱུག་གི་ཁྱད་ཆོས་དམིགས་བསལ་ལྡན་ཡོད། འོན་ཀྱང་། ཌན་ནི་སོ་ཝན་ནི་ད་ལྟའི་བོད་མི་རྣམས་ཀྱི་ཕ་མེས་ཡ་མེས་ཡིན་པར་བཤད་ཚོད་མི་ཐིག་པར་བཤད།

ད་དུང་བོད་མཐོ་སྒང་གི་འཚོ་གནས་ལ་མེད་དུ་མི་རུང་བའི་རྩམ་པ་ནི་ལོ་ངོ་ ༤༠༠༠ ཙམ་གྱི་གོང་ནས་བྱུང་བ་དང་རྩམ་པའི་སྔོན་ལ་ཁྲེ་ (millet) ཟས་སུ་སྤྱོད་ཀྱི་ཡོད་ཅིང་། ཁྲེ་ནས་རྩམ་པར་འགྱུར་དོན་ནི་གནམ་གཤིས་འགྱུར་ལྡོག་གི་དབང་གིས་ཡིན་ཞིང་། བོད་དུ་གཡག་བྱུང་བའི་དུས་སྐབས་ལ་བཤད་སྲོལ་མང་བས་གཏན་འཁེལ་མེད་ཀྱང་། ཁུངས་གནས་བཙན་ཤོས་ནི་ལོ་ངོ་ ༢༥༠༠ ནས་ ༣༠༠༠ གོང་ཡིན་པར་བཤད།

People interestingly listening to Professor’s talk.

ཁོང་གིས་མ་འོངས་པའི་བོད་ཀྱི་གནའ་རྫས་རྟོག་ཞིབ་ཐད། སྤྱིར་བོད་ཀྱི་བྱང་ཤར་དང་ནུབ་ཁུལ་དུ་གནའ་རྫས་རྟོག་ཞིབ་གང་འཚམ་བྱས་ཟིན་པ་དང་བོད་ཀྱི་གནའ་རྫས་རྟོག་ཞིབ་མུ་མཐུད་རྒྱ་སྐྱེད་རྒྱུ་ཡིན་ཡང་། བོད་ཀྱི་དབུས་ཁུལ་གྱི་གནའ་བོའི་དགོན་སྡེ་ཁག་ཏུ་རྟོག་ཞིབ་བྱེད་མི་སྲིད་པ་དང་། བོད་དུ་འབུམ་རམས་པའི་བོད་མི་གནའ་རྫས་རྟོག་ཞིབ་པ་མང་པོ་སྐྱེད་བསྲིང་ཡོང་གི་ཡོད་ཀྱང་། ཁོ་ཚོས་ཀྱང་རྒྱ་ནག་གི་ཆབ་སྲིད་དང་བསམ་མཛོད་ཀྱི་ཁོར་ཡུག་ནང་བོད་ཀྱི་གནའ་རྫས་ཞིབ་འཇུག་གི་ལས་ཀ་བྱེད་དགོས་པ་ལས་རང་དབང་ལྡན་པའི་ཞིབ་འཇུག་གི་ཁོར་ཡུག་མེད་པས། བོད་དུ་འགྲོ་བ་མིའི་བྱུང་རིམ་དང་གཞིས་ཆགས་ཚུལ། དེ་བཞིན་བོད་ཀྱི་ལོ་རྒྱུས་དང་། ལྷག་པར་དུ་ཞང་ཞུང་དང་བོད་ཀྱི་དཔལ་ཡོན། བོད་ཀྱི་རྒྱལ་རབས་སོགས་འགྲེལ་བརྗོད་བྱེད་སྐབས། ངེས་པར་དུ་གནའ་རྫས་རྟོག་ཞིབ་ཀྱི་བདེན་དཔང་དག་སྲིད་གཞུང་གིས་རྒྱབ་རྟེན་བྱས་པའི་འགྲེལ་བརྗོད་དང་ཆབ་སྲིད་སོགས་ལས་ལོགས་སུ་དབྱེ་དགོས་པ་ནན་བཤད་བྱས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese