མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤང་གོང་མཚོ་ཁར་རྒྱལ་དར་བསྒྲེངས་པ་ཆབ་སྲིད་གནད་དོན་ཆགས།

བོད་ཀྱི་དུས་བབ།
༢༠༡༧/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཁོན་ཊི་གསར་ཁང་གིས་ ༢༠༡༧།༧།༡༠ ཉིན་སྤེལ། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ས་མཚམས་རྩོད་རྙོག་བྱུང་སྟེ་འབྲོག་ལམ་ཁུལ་དུ་མཐའ་སྲུང་དམག་གི་གདོང་ཐུག་ཡང་ཡང་རྒྱག་བཞིན་པའི་སྐབས་འདིར། གསར་འགྱུར་བརྒྱུད་ལམ་ཁག་ཏུ་དྷ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ཕྱི་ཟླ་ ༧ པའི་ཚེས་ ༥ ཉིན་ལ་དྭགས་བྱང་ཐང་སྤང་གོང་མཚོའི་འགྲམ་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད།

སྤང་གོང་མཚོ་ནི་ཕྱོགས་གཅིག་བོད་དང་ཕྱོགས་གཅིག་ལ་དྭགས་སུ་འཁེལ་ཡོད་པ་དང་། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གཙོ་གནད་ཅིག་ཆགས་ཡོད་པ་རེད། སྤང་གོང་མཚོ་ཁ་ནས་ཕར་ངོས་བོད་ཀྱི་ས་ཆ་མཐོང་ཐུབ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ “ད་ལྟ་ང་ལངས་སྡོད་སའི་མཚོ་ཁ་འདིར་ཕྱི་ཚུལ་གྱི་ཆ་ནས་བོད་ནང་གི་བོད་མི་ཚོ་དང་ཁ་ཐག་ཉེ་བོ་ཡོད་ན་ཡང་། བོད་ནང་གི་ཆབ་སྲིད་གནས་སྟངས་ཐད་ནས་ཁོ་ཚོ་དང་ཁ་ཐག་ཧ་ཅང་རིང་བོ་ཡིན་པ་རེད།” ཅེས་བརྗོད་འདུག

གནས་སྟངས་དེར་རྒྱ་གར་གྱི་གསར་ལམ་ཁག་ཏུ་རྩོད་གླེང་ཞིག་ཡོང་གི་ཡོད་པ་དང་། ཁ་སང་བཟའ་ཉི་མའི་ཉིན་རྒྱ་གར་གྱི་( The Wire)གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། “འདི་ནི་གནད་དོན་ཆེན་པོ་ཞིག་ཡིན་པ་དང་། ལྷག་པར་དུ་ཆབ་སྲིད་ཀྱི་ཚོར་ཤུགས་ཆེ་བའི་ས་ཆ་དེར་ཐོག་དང་པོ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་ནི་ཆབ་སྲིད་ཀྱི་མཚོན་དོན་གནད་འགག་ཅན་ཞིག་ཆགས་ཡོད།” ཅེས་བརྗོད་ཡོད་པ་རེད། དེ་བཞིན་དུས་ཚོད་ཀྱི་ཆ་ནས་རྒྱ་དཀར་ནག་གཉིས་ཀྱིས་འབྲོག་ལམ་དང་འབྲས་ལྗོངས་ས་ཁུལ་དུ་གདོང་ཐུག་ཡང་ཡང་རྒྱག་གི་ཡོད་པའི་སྐབས་འདིར་བོད་ཀྱི་སྲིད་སྐྱོང་གིས་ས་མཚམས་ལ་རྒྱལ་དར་བསྒྲེངས་འཛུགས་ཀྱི་གནད་དོན་ནི་ཆབ་སྲིད་ཀྱི་རྣམ་འགྱུར་ཆེན་པོ་ཞིག་ཡིན་ཚུལ་བརྗོད་ཡོད་པ་རེད།

༧གོང་ས་ཏཱ་ལའི་བླ་མ་མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་སྤང་གོང་མཚོ་ནང་དུ་ཕྱག་ནས་གཏོར་བ་དང་ཆོས་དར་བསྒྲེངས་འཛུགས། དེ་བཞིན་གསོལ་བ་སྨོན་ལམ་འདེབས་པ་བཅས་ཀྱི་བྱེད་སྒོ་ཞིག་མཚོ་ཁར་ཚོགས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་གར་( The Wire)གསར་ཁང་ལ་ “འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་དྭགས་སུ་ལྟ་སྐོར་དུ་ཕེབས་པ་ཐེངས་དང་པོ་ཡིན་པ་དང་། དེར་བརྟེན། ཁོང་གིས་ཐེངས་དང་པོར་མཚོ་ཁར་བོད་ཀྱི་རྒྱལ་དར་དང་ཆོས་དར་ཁོང་རང་ཉིད་ཀྱིས་བསྒྲེངས་འཛུགས་བྱས་ཡོད་པ་རེད།” ཅེས་བརྗོད་ཡོད་འདུག

ཡིན་ན་ཡང་། ཁ་སང་གཟའ་ཉི་མའི་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་(The Wire)གསར་ཁང་ལ་བོད་ཀྱི་རྒྱལ་དར་དེ་སྲིད་སྐྱོང་གིས་བསྒྲེངས་འཛུགས་བྱས་པ་མིན་སྐོར་བརྗོད་ཡོད་པ་དང་། ཁོ་མོས་ “པར་ནང་དུ་མཐོང་བའི་བོད་ཀྱི་རྒྱལ་དར་དེ་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་བསྒྲེངས་འཛུགས་བྱས་པ་མ་ཡིན་པར་སྤང་གོང་མཚོ་ཁར་ཡོད་པའི་བོད་པའི་གཞིས་ཆགས་ཀྱི་མི་ཚོས་བསྒྲེངས་པ་ཡིན་ཞིང་། དེ་གའི་རྒྱལ་དར་དེ་ཕྱི་ལོ་ ༡༩༨༩ ཟླ་ ༡༢ པའི་ཚེས་ ༡༠ ཉིན་ནས་ཡོད་པ་རེད།” ཅེས་བརྗོད་ཡོད་འདུག ད་དུང་ཁོ་མོས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་ལམ་ཐོག་སྲིད་སྐྱོང་གིས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཚུལ་འཁོད་མེད་སྐོར་བརྗོད་ཡོད་འདུག

ཡིན་ན་ཡང་། དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་(The Wire)གསར་ཁང་ལ་སྤང་གོང་མཚོ་ཁ་དེ་བོད་མི་ཚོར་མཚོན་ན་ས་གནས་གལ་ཆེན་ཞིག་ཆགས་ཡོད་སྐོར་བརྗོད་དོན། “ཁྱེད་ཚོས་མཁྱེན་གསལ་ལྟར། སྤང་གོང་མཚོ་ཡི་ཕྱེད་ཀ་བོད་ནང་དུ་ཡོད་པ་དང་ཕྱེད་ཀ་རྒྱ་གར་ནང་དུ་ཡོད་པས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་དེ་ཆབ་སྲིད་དང་བློ་བཟང་སེང་གེ་མི་སྒེར་ལ་མཚོན་ན་གནད་དོན་གལ་ཆེན་ཞིག་ཆགས་ཡོད་པ་རེད།”ཅེས་བརྗོད་ཡོད་འདུག

གནད་དོན་དེར་རྒྱ་གར་གྱི་སྲིད་དོན་པ་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱ་གར་རྡུལ་ཕྲན་མཚོན་ཆ་དང་གནམ་རིག་རྟག་དཔྱད་ཁང་གི་འགན་འཛིན་ལྕམ་ར་རྗི་ས་ཝ་རི་པེ་ལི་ར་རྗ་གྷོ་པཱ་ལཱིན་(Dr Rajeswari Pillai Rajagopalan)ལགས་ཀྱིས་(The Quint)གསར་ཁང་ལ། ལས་དོན་དེ་རིགས་རྒྱ་གར་གཞུང་ལ་མཁྱེན་རྟོགས་མེད་པའི་ཐོག་ནས་དེ་ལྟར་གནང་མི་རུང་སྐོར་བརྗོད་ཡོད་པ་དང་། དེ་བཞིན། རྒྱ་གར་(Strartpost)གསར་ཁང་གི་རྩོམ་སྒྲིག་པ་(Saurabh Joshi)ཡིས་ཀྱང་། རྒྱ་གར་ནང་གི་བོད་མིའི་སྒྲིག་འཛུགས་དང་བོད་པ་སྐྱབས་བཅོལ་བ་ཚོ་ནི་རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་བཅག་བྱེད་ཀྱི་མཚོན་ཆ་གལ་ཆེན་ཞིག་ཆགས་ཡོད། དེ་ལ་ཕྱོགས་གཞན་ཞིག་ནས་བསལ་བློ་བཏང་ན། ཐེངས་འདིར་སྤང་གོང་མཚོ་ཁའི་གནད་དོན་དེ་ང་ཚོས་རྒྱ་ནག་ལ་གང་ཡང་བྱེད་ཀྱི་མེད་པ་མ་གཏོགས། གལ་སྲིད་བྱས་པ་ཡིན་ན་ང་ཚོར་བྱེད་རྒྱུ་ཡོད་པའི་བརྡ་ལན་ཞིག་ཆགས་ཡོད།

རྩོམ་སྒྲིག་པ་ཁོང་ནི་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཟུར་བ་དང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནད་དོན་ལ་ཉམས་མྱོང་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས། གནད་དོན་དེར་ཁོས་ཀྱང་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ཁོས་ “རྒྱ་གར་གྱི་ས་མཚམས་རྩོད་རྙོག་དེ་རྒྱ་ནག་དང་ཀཱ་ཤི་མིར་བར་གྱི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པའི་ཁ་ཐུག་ཅིག་ལ་འཁེལ་ཡོད་སྟབས། གཅིག་བྱས་ན་བོད་པ་ཚོས་གོ་སྐབས་དེ་དང་བསྟུན་ཏེ་ཁེ་ཕན་བླངས་པ་ཡིན་སྲིད།” ཅེས་བརྗོད་ཡོད་པ་རེད།

ཁོས་ད་དུང་ “༧ཏཱ་ལའི་བླ་མ་རྒྱ་གར་ནང་སྡོད་པའི་རིང་གནས་སྟངས་དང་ཆ་རྐྱེན་ཁག་ཅིག་ཡོད་པ་ལྟར། ཁོ་ཚོས་ཆོས་དར་འཛུགས་དགོས་ན་ཡང་ཅིའི་ཕྱིར་སྲིད་དོན་དང་འབྲེལ་བའི་དར་ཆ་དེ་འཛུགས་དགོས་པ་རེད།” ཁོས་ “རྒྱ་ནག་ལ་མཚོན་ན་གནད་དོན་དེར་རྣམ་འགྱུར་སྟོན་སྟངས་གཉིས་ཆགས་ཡོང་གི་ཡོད་པ་རེད། ཅིག་བྱས་ན་རྒྱ་ནག་གིས་དེ་ལ་རྩུབ་པོས་ངང་ནས་རྣམ་འགྱུར་སྟོན་སྲིད་པ་རེད། ཡང་ཕྱོགས་གཞན་ཞིག་ནས་བོད་པ་ཚོས་རྒྱ་གར་ས་ཁོངས་ལ་བདག་བཟུང་བྱེད་ཀྱི་འདུག་བསམ་ནས་དགའ་ཡང་སྲིད་པ་རེད།”ཅེས་བརྗོད་ཡོད་པ་རེད།

རྒྱ་གར་ནང་སྲིད་བློན་ཆེན་ཟུར་བ་(R.S. Kalha)ཡིས་ “ ལྷག་པར་དུ་དུས་ཚོད་འདི་ལྟ་བུ་ཞིག་ལ་སྤང་གོང་མཚོ་ཁར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཡོད་པ་རེད།” ཅེས་བརྗོད་ཡོད་འདུག

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་རྒྱ་གར་སྲིད་བློན་ན་རེན་ཌི་རྭ་མོ་ཌེ་གཉིས་ཡུ་རོབ་འཇར་མན་གྱི་(G20 )ཚོགས་འདུའི་དབུ་ཁྲིད་ལྷན་ཚོགས་ཐོག་ཟུར་དུ་སྐར་མ་ ༥ རིང་ཐུག་འཕྲད་གྱིས་བཀའ་མོལ་གནང་ཡོད་ཀྱང་། གནས་ཚུལ་ཞིབ་རྒྱས་ད་ལྟ་ཕྱི་ལ་བཏོན་མེད།

སངས་རྒྱས་དཀོན་མཆོག་གིས་བསྒྱུར་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༢ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 16

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    སྤང་གོན་དང་དཔལ་མགོན་གང་ཡིན་རུང་ལོ་རྒྱུས་ནས་ངོ་སྤྲོད་ཐུབ་རྒྱུ་དང་གལ་ཆེ་ཤོས་དེ་ལྷན་ཁང་གཅིག་གི་འགན་ཡོད་ལས་བྱེད་ནས་འབྲེལ་བཤད་མི་འདྲ་གཉིས་གནང་བ་དེ་ཡ་ཚན་མ་རེད་དམ་?

    Reply
  2. བོད་དགའ་ says:
    ལོ་ 8 སྔོན།

    ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་།བོད་རྒྱལ་ལོ་། སྲིད་སྐྱོངས་རྒྱལ་ལོ་།བདེན་པ་རྒྱལ་ལོ་།ནམ་ཞིག་བོད་རྒྱ་ཁབ་ཆེན་པོའི་རྒྱ་དར་བོད་གི་རྒྱལ་ས་ལ་བཙུགས་ངེས་རེད་།གང་ཡིན་ཟེར་ན་།ལོ་རྒྱུས་ཐོག་ལ་ོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་རེད་དོ་།།

    Reply
  3. gendun says:
    ལོ་ 8 སྔོན།

    ༡སྤང་གོང་མཚོ་ཞེས་པ་དེ་དཔལ་མགོན་མཚོའི་སྒྲ་འགྱུར་བ་ཡིན་པ་འདྲ། ཡིན་ནའང་དེ་གནད་དོན་མ་རེད། ༢གནད་དོན་གཙོ་བོ་དྭགས་པོ་བསོད་ནམས་ནོར་བུ་དང་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གཉིས་ཀྱིས་རྒྱ་གར་( The Wire)གསར་ཁང་ལ་གཅིག་གིས་སྲིད་སྐྱོང་གིས་རྒྱལ་དར་བསྒྲེངས་པ་རེད་དང་། གཅིག་གིས་བསྒྲེངས་པ་མ་རེད་ཀྱིས་འགྲེལ་བཤད་བྱས་ཡོད་པ་དེ་རེད། ༣སྲིད་སྐྱོང་གིས་རྒྱལ་དར་བསྒྲེང་བར་ཡོང་བ་ཡིན་གསུངས་མི་འདུག དར་ཆ་བསླང་གི་ཡོང་ཡིན་གསུང་འདུག དངོས་ཡོད་གནས་ཚུལ་བཤད་དགོས་པ་རེད། མ་གསུངས་པ་ཞིག་གསུང་འདུག་ལབ་ན་ཡག་པོ་མེད་པར་འདོད།

    Reply
  4. རིག་འཛིན་ says:
    ལོ་ 8 སྔོན།

    ང་ཚོས་ཕྱི་དྲིལ་ལས་ཁུང་གི་དྲུང་ཆེ་གཉིས་ཀྱི་བཀའ་མོལ་གསུངས་བཏང་ལ་ལྟ་དུ། ང་ཚོས་སོ་སོ་ག་རེ་བྱེད་ཀྱི་ཡོད་མེད་མ་ཤེས་པའི་བཟོ་འདྲ་བོ་ཆགས་འདུག། ད་རིང་སྲིད་སྐྱོང་སྦང་གོང་དུ་ཕེབས་ནས་ཆོས་དར་དང་མཚོ་ནང་རབ་གནས་དབྱུགས་ནས་རྒྱ་དཀར་ནག་གཉིས་ནས་བོད་པའི་སྐོར་གླེང་དགོས་པ་དེ་ཡག་པོ་བྱུང་བ་རེད། དོན་དུ་ང་ཚོས་བོད་དང་བོད་མི་ཤི་མེད་པའི་ད་ལན་ཞིག་ཀྱང་ཡིན།

    Reply
  5. གླིང་གཅེར་བུ། says:
    ལོ་ 8 སྔོན།

    http://lehladakhtravelguides.com/destinations/pangong-lake-lake-great-hollow/
    http://www.tibetcnr.com/xwnew/tpxwnew/201011/t20101123_65435.html
    http://www.khabdha.org/?p=65226
    http://bod.asia/2017/07/%E0%BC%B8%E0%BD%82%E0%BD%BC%E0%BD%84%E0%BC%8B%E0%BD%A6%E0%BC%8B%E0%BD%98%E0%BD%86%E0%BD%BC%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%96%E0%BE%B1%E0%BD%B2%E0%BD%93%E0%BC%8B%E0%BD%A2%E0%BE%B3/
    སྤང་གོང་དང་དཔལ་མགོན་མཚོ་གང་ཡིན་འདི་དག་ནས་ཐག་གཅོད་ཐུབ། དཔལ་མགོན་མཚོ་ཞེས་པ་ཞིག་བོད་ནང་དུ་ཡོད་ཚོད་འདུག་མོད། ཡིན་ན་ཡང་། མཚོ་འདི་རེད་མི་འདུག དབུས་བོད་མིའི་སྒྲིག་འཛུགས་དྲ་གནས་ན་ཡང་སྤང་གོང་མཚོ་ཞེས་བྲིས་འདུག

    Reply
  6. བློ་བཟང་དོན་ཡོད། says:
    ལོ་ 8 སྔོན།

    དྭངས་གཙང་མཚོ་མོ་གཞུང་ལ། །འུར་རྡོ་བསྐོར་ནས་གཡུགས་སོང་། །ཀླུ་རྒྱལ་དྲག་ཏུ་ཁྲོས་ནས། །ཆབ་མདོ་ཆུ་ཡིས་བསྣུབས་སོང་། །མཚོ་མོའི་འགྲམ་གྱི་སྤང་ལ། །སེང་གེའི་དར་ཆ་བསྒྲེངས་ནས། །ཡུལ་ལྷ་གཞི་བདག་མཆོད་སོང་། །གསེར་སྐྱེམས་ཕུལ་ཉེས་ཤོར་ཏེ། །རྒྱ་གར་ཕྱི་སྲིད་ཁང་གིས། །འཇིགས་སྐུལ་ཉེན་བརྡ་སླེབས་སོང་། །ཤར་གླིང་དྭགས་པོ་གཉིས་ལ། །གང་བཤད་འདི་བཤད་མི་འདུག །

    Reply
  7. ལྷ་སྲས། says:
    ལོ་ 8 སྔོན།

    བོད་གཞུང་གི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་དང་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གཉིས་ཀྱིས་སྲིད་སྐྱོང་གིས་ཆོས་དར་བསྒྲེངས་པ་ཡིན་ཚུལ་གསུངས་འདུག་ཀྱང་སྲིད་སྐྱོང་མཆོག་གིས་ང་རང་གཙོ་བོ་ད་རེས་རྒྱལ་དར་བསྒྲེང་བར་ཡོང་བ་ཡིན་གསུངས་འདུག

    Reply
  8. lhanortibet says:
    ལོ་ 8 སྔོན།

    དེ་ནི་དོན་མེད་རྒྱ་གར་སྲིད་དོན་པ་ཚོས་འུར་འདྲོགས་བྱས་པ་ཞིག་ཡིན་ལ། དོན་དངོས་ཐོག་མཚོ་ཁར་དེར་བོད་ཀྱི་རྒྱལ་དར་བཙུགས་པ་ནི་རྒྱ་ནག་སྡུག་དགོས་པ་ཞིག་ལས། རྒྱ་གར་སྡུག་དོན་དང་འུར་ལངས་དོན་མེད། བོད་ཀྱི་རྒྱལ་དེར་མཚོ་དེར་བཙུགས་པ་ནི་བོད་དང་རྒྱ་གར་གྱི་ས་མཚམས་རྒྱ་ནག་འབྲེལ་མེད་དང་། ཇུས་གཏོགས་མེད་པའི་བརྡ་ལན་ཞིག་ཏུ་ང་ཚོས་བསྒྱུར་བཤད་མི་ཆོག་པ་ཞིག་གང་ན་ཡོད། རྒྱ་གར་གྱི་ཆབ་སྲིད་པ་ཚོས་ཀྱང་དེ་ལུགས་ཀྱི་ལག་ཆ་ཞིག་ཏུ་བཀོད་ནས་ཆབ་སྲིད་ཀྱི་ཚོར་ཤུགས་གླེང་མི་ཆོག་པ་ཅི་ཡོད། དོན་དངོས་ཐོག་རྒྱ་གར་གྱི་ཆབ་སྲིད་པ་ཚོ་ཧ་ཅང་ལྐུགས་དྲགས་ོས་རེད། རྒྱ་ནག་ལ་དྭོགས་སློང་ཡོད་པ་ཞིག་དང་རྒྱ་ནག་དྭོགས་སློང་བྱེད་པའི་ལམ་ཁ་ཁོ་ཚོས་བཙལ་ནས་སྟེར་གྱིན་འདུག འདི་ནི་མི་རིགས་འདི་ཉམ་ཆུང་ཞིག་དང་བཤད་ཐུབ་ས་ཞིག་གིས་སྒང་ལ་སྨྱོ་ལངས་བྱེད་པ་ནི་ཁོ་ཚོའི་ལུགས་སྲོལ་དང་ལྐུགས་རྟགས་དེ་ཡིན།

    Reply
  9. འཆི་མེད། says:
    ལོ་ 8 སྔོན།

    རྒྱ་གར་གསར་འགྱུར་ནང་ས་མཚམས་རྩོད་ཉོག་ཛ་དྲག་ཆེ་བའི་སྐབས་འདིར་བཙན་བྱོལ་བོད་མིའི་སྲིད་འཛིན་བློ་བཟང་སངས་རྒྱས་ཀྱི་བྱེད་སྟངས་འདི་ལ་བརྟེན་ཏེ་རྒྱ་གར་ནག་བར་དམག་འཁྲུག་བྱུང་ན་དེའི་འགན་བཙན་བྱོལ་བོད་གཞུང་དང་སྲིད་འཛིན་བློ་བཟང་སངས་རྒྱས་ཀྱིས་འཁུར་དགོས་ལབ་འདུག

    Reply
  10. sangyal Tibet says:
    ལོ་ 8 སྔོན།

    གཞུང་པ་ཚེ་དབང་ལགས་སུ། མཚོ་མིང་ལ་དཔལ་གོང་མ་ཡིན་པར་སྤང་གོང་རེད་འདུག བོད་ཀྱི་ཚིག་མཚོད་ཁག་ན་ཡང་འདུག དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐད་ཆ་དེ་ཁུངས་ཐུབ་མིན་ན་ཁོ་ཚོས་གནས་ཚུལ་འདི་ལྟར་འགོད་མི་སྲིད་པ་ཞིག་རེད། གནས་ཚུལ་དེ་ཡོང་སའི་དྲ་གནས་གཉིས་ཀ་རྒྱ་གར་གྱི་ཆབ་སྲིད་གནད་དོན་དབྱེ་ཞིབ་དང་རྣོ་དབར་ཚ་བའི་སྲིད་དོན་དཔྱད་བརྗོད་རྐྱང་སྤེལ་ཡོད་པར་དཔག་ན་ཤེས་ངེས་པ་ཞིག་རེད་འདུག

    Reply
    • ཨ་ཕོ་མཐུ་ཆེན། says:
      ལོ་ 8 སྔོན།

      སྤང་གོང་མཚོ་མ་རེད་དོ། དཔལ་མགོན་མཚོ་རེད་དོ།

      Reply
  11. དགའ་བ། says:
    ལོ་ 8 སྔོན།

    ཧང་སང་རྒྱུ་ག་རེ་ཡོད་རེད། བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད། བཙན་བྱོལ་ནང་གི་བོད་པའི་གཞིས་ཆགས་ཁག་གི་མི་ཚང་རེ་རེས་བོད་ཀྱི་རྒྱལ་དར་བསྒྲེང་ཡོད་རེད།

    Reply
    • pema gyalpo says:
      ལོ་ 8 སྔོན།

      བདེན་པ་རེད།  བོད་མིའི་སློབ་གྲྭ་ཁག་ཁ་ཤས་དང་གཞིས་ཆགས་ཁག་ནང་ད་དུང་ཡང་བོད་ཀྱི་རྒྱལ་དར་བསྒྲེང་ཡོད་པ་དངོས་ཡོད་གནས་ཚུལ་རེད། བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།

      Reply
  12. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    དང་པོ་དཱོགས་འདྲི་ཞུ་རྒྱུར་སྤང་གོང་མཚོ་རེད་དམ་དཔལ་མགོན་མཚོ་རེད་?
    གཉིས་པ་དབུས་བོད་མིའི་མགྲིན་ཚབ་པ་དཱགས་པོ་བསོད་ནམས་ནོར་བུའི་གསལ་བཤད་དང་ཕྱི་དྲིལ་དྲུང་ཆེ་ཤར་གླིང་ཟླ་སྒྲོན་གྱི་གསལ་བཤད་དེ་གཉིས་སུ་ཁུང་བཙན་པ་རེད་གསལ་བཤད་གནང་རོགས་།

    Reply
  13. སྐལ་བཟང་ཚེ་རིང་། says:
    ལོ་ 8 སྔོན།

    གནས་ཚུལ་འདི་རྒྱ་གར་གྱི་གསར་འགྱུར་མང་ཆེ་བའི་ནང་འུར་སྒྲ་ཅུང་ཆེན་པོ་ཆགས་འདུག
    གསར་འགྱུར་འབྲེལ་ཐག་ཁ་ཤས་འདི་ལ་བཏང་ཡོད། དང་པོ། https://thewire.in/155657/lobsang-sangay-central-tibetan-administration-tibet-flag-india-china/
    གཉིས་པ། https://www.thequint.com/india/2017/07/08/tibetan-flag-hoisted-at-pang-gong-lake
    གསུམ་པ། http://www.ibtimes.co.in/tibetan-govt-exile-hoists-flag-ladakh-india-china-standoff-rages-sikkim-733940
    བཞི་པ། https://wholedude.com/2017/07/09/world-tibet-day-prayers-at-pang-gong-lake-for-tibet-equilibrium/
    ལྔ་པ། http://www.tibetanjournal.com/index.php/2017/07/08/tibetan-political-leader-hoisted-tibetan-flag-lake-bordering-tibet/
    དྲུག་པ། https://defence.pk/pdf/threads/tibet-card-added-to-india-china-border-mix-as-tibetan-flag-is-hoisted-at-pang-gong-lake.505591/page-2

    Reply
  14. སོག་ཚང་ལེགས་བཤད says:
    ལོ་ 8 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese