མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་དང་བོད་མི་ཚོ་ཅིའི་ཕྱིར་ཁུ་སིམ་མེར་བསྡད་པ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༧/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱ་གར་གྱི་(thestatesman)ཞེས་པའི་དྲ་ཚིགས་སྟེང་། རྒྱ་གར་གྲོས་ཚོགས་གོང་མའི་བྷེ་ཇེ་པི་(BJP)སྲིད་དོན་ཚོགས་པའི་འཐུས་མི་(R K Sinha)ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། དེང་སྐབས་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་ཛ་དྲག་ཆགས་ཡོད་པའི་སྐབས་འདིར། བོད་མིའི་སྐྱབས་མགོན་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་མི་ཚོས་རྣམ་འགྱུར་གང་ཡང་མི་སྟོན་པར་ཁུ་སིམ་མེར་བསྡད་པ་དེས་རྒྱ་གར་གཞུང་དམངས་ལ་བསླབ་བྱ་སྐྱུར་མོ་ཞིག་སྤྲད་ཡོད་སྐོར་སོགས་བརྗོད་འདུག

རྩོམ་ཡིག་དེའི་ནང་འདི་ལྟར་འཁོད་འདུག རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་གནད་དོན་གསར་བ་ཞིག་ཏུ་ཆགས་ཏེ་ས་མཚམས་རྩོད་རྙོག་དང་དམག་འཁྲུག་གི་སྨུག་སྤྲིན་ཇེ་མཐུག་ཏུ་འགྲོ་བཞིན་པའི་སྐབས་འདིར། བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐད་ཆ་ཅུང་ཙམ་ཡང་མི་བཤད་པ་ནི་ཡིད་མི་ཆེས་པ་ཞིག་རེད། ཏཱ་ལའི་བླ་མ་གཅིག་པུ་མ་ཡིན་པར་མཐའ་ན་རྒྱ་གར་ནང་དུ་འཚོ་གནས་བྱས་ཡོད་པའི་བོད་མི་ཚོ་ཡང་ཁུ་སིམ་མེར་རེད་འདུག

ད་དུང་ཁོ་ཚོ་མཐོང་སར་ཡང་མི་འདུག རྒྱ་ནག་གིས་བཙན་རྒྱལ་རིང་ལུགས་ཐབས་བྱུས་ཀྱིས་དབང་བསྒྱུར་དང་རྒྱ་གར་དང་ལྟ་ཚུལ་མི་མཐུན་པའི་སྐད་ཆ་བཟོ་བཞིན་དམག་འཁྲུག་གི་འཇིགས་སྣང་སྐུལ་བཞིན་ཡོད་སྐབས། ཏཱ་ལའི་བླ་མས་ཛ་དྲག་གི་དུས་སྐབས་འདིར་རྒྱ་ནག་ལ་འཐབ་རྒོལ་མི་བྱེད་པར་ཅིའི་ཕྱིར་ཁུ་སིམ་མེར་འདུག་རྒྱུ་དེ་བདམས་པ་ཡིན་ནམ།

ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་རྒྱང་ཐག་སྤྱི་ལེ་ ༤.༠༠༠ ཡོད་པའི་ས་མཚམས་ཉེ་སར་གཏུག་སྟེ། རྩོད་རྙོག་ཆེན་པོ་ཞིག་གི་གནས་སྟངས་ཆགས་བཞིན་ཡོད་པ་རེད། དམག་མི་ ༦.༠༠༠ ལྷག་གིས་ཕན་ཚུན་གདོང་དང་གདོང་ཐུག་ཡོད་པའི་གནད་དོན་དེ་ཆུང་ཆུང་ཞིག་རེད་ཅེས་བཤད་མི་ཐུབ་པ་ལྟར། གནད་དོན་འདི་ལྟ་བུའི་སྐབས་སུ་བཀུར་འོས་བོད་ཀྱི་དབུ་ཁྲིད་ཁོང་མཐོང་ཡུལ་དུ་མི་འདུག དུས་ཚོད་འདི་ལྟ་བུར་ཁོང་གིས་རང་གི་འགན་དབང་དང་རྒྱལ་སྤྱིའི་སྒང་གི་སྣང་བརྙན་དེ་སྤྱད་ནས་འཛམ་གླིང་གི་དབུ་ཁྲིད་ཚོར་ད་ལྟའི་ཛ་དྲག་གི་གནས་སྟངས་དངོས་གསལ་སྟོན་དང་། དེ་བཞིན། འཛམ་གླིང་གི་དབུ་ཁྲིད་ཚོར་རྒྱ་ནག་གིས་བོད་ནང་དུ་གདུག་རྩུབ་ག་ཚོད་སྤེལ་བཞིན་པ་སོགས་བཤད་དགོས།

སྐྱེས་བུ་དམ་པ་ཏཱ་ལའི་བླ་མ་མཆོག་གིས་ ༡༩༥༩ ལོའི་ཟླ་ ༣ པའི་ཚེས་ ༡༧ ཉིན་དྲན་སོས་དགོས་པ་རེད། སྐབས་དེའི་ ༡༩༥༩ ལོའི་ཟླ་ ༣ པའི་ཚེས་ ༢༦ ཉིན་ཁོང་གིས་ལྷ་ས་བཞག་ནས་ལྷ་རྩེ་རྫོང་ལ་འབྱོར་ཞིང་། རྒྱ་གར་དང་བོད་ཀྱི་ས་མཚམས་མོན་མཱ་ཧན་ས་ཐིགས་ལ་མ་འབྱོར་བའི་ཉིན་ཤས་གོང་། ཁོང་གིས་རྒྱ་གར་གྱི་སྲིད་བློན་ནཱེ་ཧཱ་རུ་ལགས་སུ་འཕྲིན་ཡིག་ཕུལ་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་ཆོག་པའི་རེ་ཞུ་བྱས་ཡོད། སྲིད་བློན་ནཱེ་རུས་དེ་མ་ཐག་ཁོང་དང་ཁོང་གི་མི་མང་ཚོ་སྐྱབས་བཅོལ་དུ་ཡོང་བཅུག་སྟེ། རོགས་རམ་གང་ཐུབ་གནང་ཡོད་པ་རེད།

སྲིད་བློན་ནཱེ་རུས་ཏཱ་ལའི་བླ་མ་མཆོག་ལ་ལན་ཕུལ་བ་ “ང་དང་ངའི་ལས་རོགས་ཚོས་ཁྱེད་ཉིད་བསུ་མ་བྱེད་ཀྱི་ཡོད་ལ་སྐུ་ཉིད་རྒྱ་གར་ནང་དུ་བདེ་འབྱོར་བྱུང་བར་འཚམ་འདྲི་ཡོད། རྗེས་ཕྱོགས་ཉིད་ལ་དགོས་མཁོ་རིགས་ག་རེ་ཡོད་ན་ང་ཚོ་དགའ་བའི་ངང་ཕུལ་ཆོག ཉིད་ཀྱི་ནང་མི་ཚོ་དང་ཞབས་རོགས་ཚོ་རྒྱ་གར་ནང་དུ་གནས་སྡོད་བྱོས་དང་། རྒྱ་གར་མི་མང་གིས་ཉིད་ལ་གུས་གཙི་གནང་བ་ལས་ཁོ་ཚོའི་སྲོལ་རྒྱུན་ལམ་ལུགས་སོགས་ཀྱིས་ཉིད་ལ་གུས་གཙི་ཡོང་མིན་ལ་དོགས་གཞི་ཡོང་དགོས་མ་རེད།”ཅེས་ཕུལ་ཡོད།

དེ་ནས་བཟུང་ཏཱ་ལའི་བླ་མ་མཆོག་རྒྱ་གར་མི་མང་ཁྲོད་ཀྱི་ཆེས་གུས་བརྩི་བྱེད་སའི་མི་སྣ་ཞིག་ཆགས་ཡོད་པ་རེད། ཁོང་ནི་རྒྱ་གར་མི་མང་གིས་ཆེས་བརྩི་མཐོང་བྱེད་ཡུལ་དང་ཁོ་རང་ཉིད་ཀྱིས་ཀྱང་ “ངོས་རང་རྒྱ་གར་གྱི་བུ་ཡིན” ཞེས་གསུང་གི་ཡོད་པ་དང་། ཁོང་གིས་རྒྱ་གར་རྒྱལ་ཡོངས་སུ་ཆོས་ལུགས་རིས་མེད་ཀྱི་རིང་ལུགས་དར་སྤེལ་བཏང་ཡོད་པ་རེད། ཉེ་ཆར་བཅར་འདྲི་ཞིག་གི་སྐབས་སུ་ཁོང་གིས་ “ ང་ ༡༩༥༩ ནས་རྒྱ་གར་ནང་དུ་བསྡད་པ་ཡིན་ལ། དེར་བརྟེན་ང་རང་རྒྱ་གར་གྱི་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།”ཅེས་གསུངས་ཡོད་པ་རེད།

འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ཁོང་གིས་དེ་སྔོན་བྷེ་ཧར་མངའ་སྡེའི་ནང་དུ་ཚོགས་པའི་རྒྱལ་སྤྱིའི་ནང་བའི་བགྲོ་གླེང་ལྷན་ཚོགས་ཀྱི་དབུ་འབྱེད་གཏམ་བཤད་སྐབས། ༧ཏཱ་ལའི་བླ་མས་རྒྱ་ནག་གིས་རྒྱ་གར་གྱི་དམངས་གཙོ་ལ་སློབ་སྦྱོང་བྱས་ཏེ་སྐད་ཡིག་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་མང་ཁྲོད་འཆམ་མཐུན་བསྐྲུན་དགོས་པ་གསུངས་ཡོད།

ཁོང་གིས་དེ་སྔོན་ཐཱའེ་ལཱན་ཌིའི་ཉིན་རེའི་གསར་ཁང་ལ་ “རྒྱ་གར་སྤྱི་ཚོགས་དེ་རིགས་གནས་དང་ཆོས་ལུགས། སྐད་ཡིག་སོགས་སྣ་མང་མཉམ་གནས་ཐུབ་སའི་འཆམ་མཐུན་གྱི་རྒྱལ་ཁབ་ཅིག་དང་། དམངས་གཙོ་ནི་རྒྱལ་ཁབ་འདིའི་ནང་ཧ་ཅང་གཏིང་ཟབ་མོར་ཟུག་ཡོད་པ་ནི་རྒྱལ་ཁབ་སྐྱོ་བོ་ཡིན་པའི་རྟགས་མ་ཡིན་པར། ཕྱི་གསལ་ནང་གསལ་ཡིན་པའི་རྐྱེན་གྱིས་རེད།” ཅེས་བརྗོད་ཡོད།

འདི་ལྟ་བུའི་བསམ་བློའི་ཀུན་སློང་ནི་ཧ་ཅང་རིན་ཐང་ལྡན་པ་ཞིག་ཡིན་ན་ཡང་། ད་ལྟའི་གནས་སྟངས་གཉེན་འཕྲེང་གི་སྐབས་འདིར་རྒྱ་གར་ལ་ཏཱ་ལའི་བླ་མ་མཆོག་གི་རྒྱབ་སྐྱོར་ཧ་ཅང་དགོས་གལ་ཆེ་མོད། འོན་ཀྱང་ཡིད་ཕངས་པ་ཞིག་ལ་དེ་ལྟར་མེད་སོང་། ཁོང་གིས་རྒྱ་ནག་ཕ་རོལ་བོར་བཙན་འཛུལ་དང་རྒྱ་སྐྱེད་ཐབས་བྱུས་ལ་མཐའ་ན་ཚིག་གཅིག་གིས་རྒོལ་བ་བྱས་མ་སོང་། ཅིའི་ཕྱིར། ཏཱ་ལའི་བླ་མས་སྐད་ཆ་དྲང་བདེན་ཞིག་བཤད་དགོས་པ་ལས་རྒྱ་གར་གྱིས་ཁོང་ཉིད་ང་ཚོའི་མགྲིན་ཚབ་པ་བྱས་ན་བསམ་པའི་རེ་བ་རྒྱག་གི་མེད། གང་ལྟར་ཡང་། རྒྱ་གར་གྱིས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་གི་བྱས་ཉེས་གསལ་སྟོན་ཞིག་བྱས་ན་སྙམ་པའི་རེ་བ་རྒྱག་གི་ཡོད།

དེ་བཞིན། རྒྱ་གར་ནང་དུ་ཡོད་པའི་བོད་པ་ཚོའང་གཅིག་པ་རེད། ཁོ་ཚོས་རྒྱ་ནག་གཞུང་གིས་བོད་ནང་དུ་གདུག་རྩུབ་དང་མནར་གཅོད་ཀྱི་སྲིད་ཇུས་ལ་རང་དབང་གིས་ངོ་རྒོལ་བྱེད་ཆོག་པ་རེད་ལ། རྒྱ་གར་ནང་དུ་རོབ་རྩིས་བྱས་ན་བོད་པ་ ༡༠༠.༠༠༠ལྷག་ཅིག་འཚོ་སྡོད་བྱས་ཡོད་མོད། ཁོ་ཚོ་ནམ་རྒྱུན་སྐྱབས་བཅོལ་བའི་ངོ་བོའི་སྒང་ནས་བསྡད་ཡོད་ན་ཡང་། དོན་དངོས་སུ་ཁོ་ཚོ་མང་པོ་ཞིག་གིས་རྒྱ་གར་མི་སེར་ལག་འཁྱེར་བླངས་ཡོད་པ་རེད། རྒྱ་གར་གྱི་ ༡༩༨༦ ལོའི་མི་སེར་རྩ་ཁྲིམས་བསྐྱར་བཅོས་གཏན་འབེབ་ནང་དུ། ༡༩༥༠ ལོའི་ཟླ་ ༡ པོའི་ཚེས་ ༢༦ དང་ ༡༩༨༧ ལོའི་ཟླ་ ༧ པའི་ཚེས་ ༡ པོའི་བར་རྒྱ་གར་ནང་དུ་སྐྱེས་མཁན་སུ་ཞིག་ཡིན་ཀྱང་རྒྱ་གར་མི་སེར་ཆགས་པའི་ཐོབ་ཐང་སྤྲད་ཡོད་པ་རེད།

དེ་ཡིས་རྒྱ་གར་ནང་གི་བོད་པ་བཙན་བྱོལ་བ་མང་པོ་ཞིག་ལ་རྒྱ་གར་མི་སེར་ལག་འཁྱེར་ལེན་ཆོག་པའི་ལམ་ཁ་བཟོས་ཡོད། མང་པོ་ཞིག་གིས་ཡུན་རིང་སྔོན་ནས་མི་སེར་ལག་འཁྱེར་བླངས་ཡོད་པ་རེད། བོད་པ་ཚོས་རྒྱ་གར་ནང་དུ་རྒྱ་ནག་གི་དབུ་ཁྲིད་མཐོ་བོ་ཚོ་སླེབས་སྐབས་ངོ་རྒོལ་བྱེད་སྲོལ་གྱི་ལམ་ལུགས་ཤིག་ཡོད་པ་རེད་ལ། མཐའ་ན་ཁ་ཤས་རྒྱ་ནག་གཞུང་ཚབ་ཀྱི་གྱང་ངོས་སུ་འཛེགས་ཀྱི་ཡོད་པ་རེད། ཁོ་ཚོས་སུན་ཙེར་བཟོས་པར་རྒྱ་གར་ཉེན་རྟོག་པས་བརྡུང་བརྡེག་དང་བཀག་འགོག་བྱེད་ཀྱི་ཡོད་ན་ཡང་ཁོ་ཚོས་ད་དུང་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད་པ་རེད། དེ་ལྟར་ཁོ་ཚོས་རྒྱ་གར་ནང་དུ་རང་དབང་ལོངས་སུ་སྤྱོད་བཞིན་ཡོད་ན་ཡང་ཁོ་ཚོ་ད་དུང་ཕྱི་ལ་ཐོན་ནས་རྒྱ་གར་ལ་རྒྱབ་སྐྱོར་བྱ་འཆར་མེད་པ་རེད། ཁོ་ཚོས་མཐའ་ན་ལྡི་ལི་གཙོས་པའི་རྒྱ་གར་གྱི་ས་ཆ་གང་དུའང་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གཅིག་ཀྱང་བྱས་མ་སོང་།

དེ་ནི་རྒྱ་གར་ལ་མཚོན་ན་ཅུང་ཙམ་མགོ་འཐོམ་པ་ཞིག་ཏུ་གྱུར་ཡོད་པ་རེད། རྒྱ་གར་གྱིས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་པ་ཚོའི་ཕྱོགས་ནས་ཚུལ་མཐུན་གྱི་རྒྱབ་སྐྱོར་ཡོང་བར་རེ་བ་བརྒྱབ་ཡོད་ན་ཡང་། ཡིད་སྐྱོ་བ་ཞིག་ལ་དེ་ནི་རིང་མིན་ཡོང་ཐུབ་པ་ཞིག་མ་རེད། འདི་ནི་རྒྱ་གར་ལ་མཚོན་ན་བསླབ་བྱ་སྐྱུར་མོ་ཞིག་རེད། ཅེས་འཁོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 17

  1. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 8 སྔོན།

    སྐྱར་དུ་ཞུ་རྒྱུ། བོད་པ་ཚོ་ མགོ་སྐོར་མ་ཐེབ་བྱེད།

    Reply
  2. བསམ་གྲུབ། says:
    ལོ་ 8 སྔོན།

    འབྲོང་བུ་སོག་ཚ།
    ཁྱོད་ལ་འཇོན་ཐང་ཡོད་ན་དབུ་ལམ་མིན་པར། ཁྱོད་ཀྱིས་རང་བཙན་རྩོད་དང་། རང་གིས་ལས་ཀ་སྣེ་གཅིག་མི་བྱེད་པར། ད་དུང་དབུ་མའི་ལམ་མ་འགྲིགས་མདོག་མདོག་མ་བྱས་ན་དགའ། མ་གཞི་ནས་ཁྱོད་ཀྱིས་རང་བཙན་ཆེད་བྱས་རྗེས་ག་རེ་བཞག་ཡོད་དམ། འུད་སྒྲོག་དང་། དཀྲུགས་ཤིང་། དཀྲོགས་གཏམ་མ་སྤེལ་ཨོ། ཁྱོད་དབུ་ལམ་ལ་མ་དགའ་ནའང་། རང་ཀྱིས་རང་བཙན་རྩོད་དང་། ཁྱོད་ལ་རང་དབང་ཆ་ཚང་ཡོད་ཡོད་པ་རེད། ཧ་གོ་ཨེ་སོང་།

    Reply
    • འབྲོང་བུ་སོག་ཚ། says:
      ལོ་ 8 སྔོན།

      བསམ་གྲུབ། ལས་ཀ་འདི་འཇོང་ཐང་ཡོད་མེད་ལ་རག་མ་ལས་པར་བོད་མི་ཡོངས་ཀྱི་མགོ་ཐོག་ཏུ་བབས་པའི་ལས་དབང་ཞིག་ཡིན་པར་ཤེས་དགོས་དང་པོ། ངས་རང་བཙན་དང་རང་དབང་གི་དོན་དུ་ལས་ཀ་སྣེ་གཅིག་ཀྱང་མ་བྱས་པའི་ལོ་རྒྱུས་ཁྱོད་ཀྱི་ཤོད་དང་གཉིས་པ། ཁྱེད་ཚོས་སྐད་ཆ་འདི་འདྲ་བ་ཞེ་ཅིག་གིས་བོད་མི་ནང་ཁུལ་ཐུག་པ་དཀྲུགས་དཀྲུགས་འདི་བ་འདྲ་བ་བྱུང་བ་རེད། ང་ལ་མཚོན་ན་ཁྱོད་ཀྱི་བོད་དོན་ཆེད་ལས་ཀ་བཟང་ངན་གང་བྱས་ཡོད་མེད་མི་ཤེས་ལ་བྱ་འཆར་ཡང་ཅི་ཡོད་མི་ཤེས། ང་དབུ་མའི་ལམ་ལ་དགའ་དང་མི་དགའ་བའི་སྐད་ཆ་མིན་པར་སོ་སོའི་བོད་སྤྱི་པའི་རྩ་དོན་ལ་བསམ་བློས་མངོན་དུ་ཕྱོགས་པའི་ཞིབ་དཔྱོད་ཀྱི་ལྟ་བ་ཞིག་ཡིན། མ་ཟད་མི་ང་ལ་ཆ་བཞག་ན་བོད་ལ་བདེ་སྐྱིད་བྱུང་ན་རྒྱལ་པོ་ཨ་ནིའི་བྱེད་ནའང་ཁྱད་པར་མེད་མཁན་ཞིག་ཡིན། ངེས་པར་བླ་མ་དང་སྤྲུལ་པའི་སྐུའི་བོད་འདི་སྐྱོང་དགོས་པའི་བསམ་བློ་གང་ཡང་མེད། རང་དབང་ཆ་ཚང་ཡོད་ཡོད་པ་རེད་ཟེར་བ་དེ་དོགས་པ་ཞིག་ཡོད། ངས་བསམ་ན་ད་དུང་ཞེན་ཐག་མ་ཆོད་པར་སྐུ་སྒེར་ལས་ཁུངས་ནས་མ་འོངས་མཚན་དོན་ལ་དམིགས་པའི་བྱེད་སྒོ་སྣ་ཚོགས་ཤིག་གནང་གི་ཡོད་པའི་བཟོ་ལྟ་ཞིག་མཐོང་གི་འདུག །ནོར་འཁྲུལ་བྱུང་ན་དགོངས་དག

      Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 8 སྔོན།

    བོད་པས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ན་གོང་ས་མཆོག་དང་། བཙན་བྱོལ་གཞུང་གི་དབུ་ཁྲིད་སྲིད་སྐྱོང་གཙོས་ཕལ་ཆེར་དགོངས་པ་ཚོམ་རྒྱུར་གདོན་མི་ཟ། དེའི་ནང་ནས་དབུ་མའི་ལམ་ཁ་ལ་ཁྱེར་ནས་སྒེར་དོན་གཉེར་མཁན་ཚོར་གོ་སྐབས་ཡག་པོ་ཞིག་ཐོབ་ནས། རང་དང་ལྟ་སྤྱོད་མི་མཐུན་མཁན་ཚོ་སྤྱི་ཚོགས་ནང་ནས་ཕོ་རོག་དཀར་པོ་བཟོ་རྒྱུའི་གོ་སྐབས་དམ་འཛིན་གྱིས་ཡང་དུ་རྙོག་གྲ་བཟོ་རྒྱུར་གོར་མ་ཆགས། རྒྱུ་མཚན་དེ་དག་ལ་བརྟེན་ཁུ་སིམ་མེར་སྡོད།

    Reply
  4. gendun says:
    ལོ་ 8 སྔོན།

    རྒྱ་གར་གྲོས་ཚོགས་གོང་མའི་མི་གཅིག་གི་རྩོམ་ཡིག་ལ་དེ་འདྲའི་ཡ་མཚན་པོ་རང་མི་འདུག མ་གཞི་ནས་རྒྱ་ནག་གིས་རྫིག་མདོག་བསྟན་དུས་རྒྱ་གར་གྱི་ངོ་ཤོར་འགྲོ་བ་དེ་ནེ་ཧ་རོའུ་དུས་ནས་དར་ཡོད་པ་རེད། སྲིད་བློན་མུ་རྡེ་མཆོག་གིས་ཀྱང་རྒྱ་གར་ནང་ལོག་ལ་རྒྱུག་པ་ལེབ་རྡུང་བྱེད་ཐུབ་པ་ལས། རྒྱ་ནག་ལ་སྒྱིད་པ་ཞ་ཞ་བྱས་ཏེ་ལྕེ་སྣར་རྒྱུ་ལས་གཞན་ཁག་པོ་རེད།

    Reply
  5. བསམ་གྲུབ། says:
    ལོ་ 8 སྔོན།

    རྒྱ་གར་གཞུང་གིས་བོད་དེ་ལོ་སྟོང་ཕྲག་རིང་གི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་དང་། ཁྱབ་བསྒྲགས་བྱས་ན། ཉིན་དེ་ནས་བཙན་བྱོལ་བོད་མི་ཚོས་ཀྱང་རྒྱ་མི་བོད་ནས་ཕར་རྒྱུགས། བོད་ཀྱི་བདག་པོ་བོད་མི་ཡིན། བོད་དང་རྒྱ་གར་གྱི་ས་མཚམས། བོད་དང་འབྲུག་པའི་ས་མཚམས། བོད་དང་བལ་པོའི་ས་མཚམས་ཟེར་བ་སོགས་ཡོད་པ་ལས། རྒྱ་གར་ནག་གི་ས་མཚམས་ཤིག་ཡོད་པ་མ་རེད། རྒྱ་ནག་གིས་ཅུས་མེད་ཅུས་གཏོགས་མི་དགོས། ཞེས་ང་ཚོས་སྐད་རྒྱག་ཆོག་ཆོག་རེད།
    གཞན་རྒྱ་གར་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་བླངས་ནས། རྒྱ་དཔོན་ཚོའི་ལམ་སྟོན་ལྟར་ས་ཡིག་བརྒྱབས། དེ་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བ་ཞིག་གི་ཆེད་ཁོང་ཚོ་རྒྱག་རེས་བྱས་ནའང་བོད་མི་སྐྱབས་བཅོལ་བ་ཚོས་ཅི་ཞིག་བྱེད་དགོས་པ་རེད།
    རྒྱ་གར་གཞུང་གིས་སྔ་སེ་ནས་བོད་རང་བཙན་ཡིན་པར་འཛམ་གླིང་སྟེང་གསལ་བསྒྲགས་མ་བྱས་ན། མ་འོངས་པར་མོན་ཡུལ་དང་། འབྲས་ལྗོངས། ལ་དྭགས་སོགས་ཧི་མ་ལའི་རི་རྒྱུད་ཡོངས་རྫོགས་རྒྱ་དམར་སྲིད་གཞུང་གིས་བཙན་འཕྲོགས་བྱས་ངེས་རེད། དེ་ཙམ་མིན་པར་ལྗ་མོས་ཀ་སི་མིར་རང་བཙན་ལ་རྒྱབ་སྐྱོར་དང་། བྷང་གྷད་དང་། ཀོར་ཁའི་མི་རིགས་རང་བཙན་ཆགས་ཐབས་དང་། རྒྱ་གར་གྱི་དམར་ཤོག་ལ་རྒྱབ་སྐྱོར་བྱས་ཏེ། ད་ལྟའི་རྒྱ་གར་གཞུང་དེ་མགོ་སྟེངས་སློག་རྒྱུ་སོགས་རྒྱ་ནག་གཞུང་ལ་གསང་བའི་འཆར་གཞི་མང་པོ་ཡོད་པ་རེད་ལ། ལས་ཀ་དེ་ཚོ་རིམ་བཞིན་ལམ་སློང་འབྱུང་སྲིད་པ་རེད། དེ་དུས་ཡོད་ཕྱི་སོང་བ་རེད། སྐབས་དེར་བོད་རང་བཙན་རེད། ཅེས་ཁས་བླངས་ཀྱང་། ཅི་ཡང་ཕན་གི་མ་རེད།

    Reply
  6. བཀྲ་ཡེ་ཚང་། says:
    ལོ་ 8 སྔོན།

    ད་རྒྱ་གར་སྡུག་ཐུག་ཡིན་ས་རེད། རྒྱ་ནག་ལ་ལག་མ་ཁེལ་དུས་བོད་པ་བེད་སྤྱོད་བཏང་ཡ་རེད་འདུག ད་ལྟ་བར་དུ་གནས་ཚང་གཡར་ཙམ་མ་གཏོགས་རྒྱབ་སྐྱོར་ཡག་པོ་ཞིག་བྱེད་མེད་པར་ཧ་གོ་གོ་ཁ་རེད། རྒྱ་གར་ནག་གི་དམག་འཁྲུག་ལ་ང་ཚོར་ཇུས་གཏོགས་མི་འདུག

    Reply
  7. ལྷ་བུ། says:
    ལོ་ 8 སྔོན།

    རྒྱ་གར་མི་གཅིག་གིས་སྐད་ཆ་འདི་རྒྱ་གར་མི་དམངས་ཀྱི་སྐད་ཆ་མིན་ཙང་འདི་ལ་དེ་འདྲ་ཧ་སེང་སེང་བྱེད་དགོས་པ་འུ་ཡོད་དམ། གང་ལྟར་རྒྱ་གར་འདི་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཞིག་དང་མང་གཙོ་རང་དབང་དྲང་བདེན་སྐྱོང་མཁན་ཞིག་ཡིན་པ་ཤེས་གསལ་རེད། དེ་འདྲ་སོང་ཙང་འཐུས་མི་ཞིག་གིས་བསམ་ཚུལ་འདི་འདྲ་བརྗོད་པ་ནི་དེ་འདྲ་ཡ་མཚན་སྐྱེ་དགོས་པ་མ་རེད། ད་དུང་ཧ་མ་གོ་བར་གནས་ཚུལ་འདྲ་མིན་མི་གླེང་བར་རང་ཚིག་འཛིན་དགོས་པ་མ་རེད་དམ།

    Reply
  8. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    རྒྱ་གར་གཞུང་མང་གཉིས་ནས་ང་ཚོ་ལ་རོགས་མགོན་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡོད་ལ་བོད་དང་རྒྱ་ནག་བར་ས་མཚམས་དང་བོད་དང་རྒྱ་གར་བར་ས་མཚམས་དང་བོད་དང་འབྲུག་བར་ས་མཚམས་དང་བོད་དང་ཤིང་ཅང་བར་ས་མཚམས་དང་བོད་དང་བལ་ཡུལ་བར་ས་མཚམས་ལས་བོད་མ་རྒྱུད་ནས་རྒྱལ་ཁབ་དེ་ཚོ་དང་རྒྱ་ནག་བར་ས་མཚམས་མེད་ན་རྒྱ་གར་གཞུང་ནས་བོད་དོན་ལ་ཁ་ཡོད་ལག་ཡོད་རྒྱབ་སྐྱོར་གནང་གི་ཡོད་ན་ང་ཚོའི་ངོས་ནས་ལས་འགུལ་སྤེལ་རྒྱུ་དང་ཁ་སྒྲགས་ལ་
    སྒུགས་ནས་བསྡད་།

    Reply
  9. འབྲོང་བུ་སོག་ཚ། says:
    ལོ་ 8 སྔོན།

    ང་ཚོ་དབུས་མའི་ལམ་རེད་ལ་རྒྱ་འོག་ཏུ་སྡོད་རྒྱུར་ཁས་བླངས་ཟིན་པ་རེད། ད་རྒྱ་དཀར་གཉིས་རྩོད་པ་རྒྱག་རྒྱུ་ལས་བོད་པར་བྱུས་ཏོག་ཅི་ཡོད།

    Reply
  10. ལྷོ་བྲག says:
    ལོ་ 8 སྔོན།

    རྡ་རི་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཟེར་བ་དེ་དག་གིས་ནམ་རྒྱུན་དགོས་མི་དགོས་གཉིས་ཀ་ལ་རྒྱ་གར་ཡུལ་མི་སུན་པོ་བཟོ་བཞིན་ཡོད་རེད། ད་རེས་ལས་འགུལ་མ་སྤེལ་བ་དེ་ཞབས་འདྲེན་རེད།

    Reply
  11. རྣམ་རྒྱལ། says:
    ལོ་ 8 སྔོན།

    སྲན་མ་སོ་ཡིས་མ་མུར་ནས་ལ་མུར། ཞེས་པའི་གཏམ་དཔེ་རང་རེད། རྒྱ་གར་གྲོས་ཚོགས་འཐུས་མི་དེས་བོད་པ་སྣང་བར་མ་སོང་ནས་བཤད་པ་ཞིག་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་ཡོད་པ་རེད། ཉེ་ལམ་ཨ་རི་ན་ཅལ་མོན་རྟ་དབང་ལ་ཕེབས་སྐབས་གསར་འགོད་པ་ཚོར་ཤུགས་ཆེན་པོ་གསུངས་ཡོད་་རེད།

    Reply
  12. ལྷ་སྲས། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ཚང་གིས་གནས་ཚུལ་ཀ་ནས་ཨ་བར་བཏང་བ་ཐུགས་རྗེ་ཆེ། ཁ་ཤས་ཀྱིས་གནས་ཚུལ་མགོ་མཇུག་མི་ཚང་བ་རེ་སྤེལ་ཏེ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དཀྲོགས་སྐྱེན་བཟོ་བཞིན་འདུག

    Reply
  13. ཞོལ་པ། says:
    ལོ་ 8 སྔོན།

    ད་རྒྱ་གར་སྐད་ངན་ཤོར་གྱི་འདུག་ག ད་ལྟ་སྐུ་མདུན་དང་བོད་པ་ཚོ་ཁ་རོག་གེར་བསྡད་པ་དེ་ཏག་ཏག་འགྲིག་བསྡད་ཡོད་རེད།
    སྤྱིར་བཏང་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་ཞིག་དང་། རྒྱ་དཀར་ནག་གི་ས་མཚམས་རྩོད་ཉོག་ཟེར་བ་ཞིག་ཡོད་པ་མ་རེད། བོད་དང་རྒྱ་གར་གྱི་ས་མཚམས་དང་། བོད་དང་བལ་ཡུལ་གྱི་ས་མཚམས། བོད་དང་འབྲུག་གི་ས་མཚམས་རེད། གལ་སྲིད་དེ་ན་རྩོད་པ་ཞིག་ཡོད་པ་ཡིན་ནའང་བོད་དང་རྒྱ་གར་གྱི་ས་མཚམས་རྩོད་པ་རེད།

    Reply
  14. རིན་ཆེན་ says:
    ལོ་ 8 སྔོན།

    ཁ་སྐྱེངས་པོ་བཟོས་འདུག་།

    Reply
  15. Tenzin Nyima says:
    ལོ་ 8 སྔོན།

    India and China border issues are baseless. Non of these areas belongs to either China or India by history. China forcefully captured Tibet and India also put Sikkim, Jammu and Arunachal regions in their map. So, on what ground, we have to support India. Also Tibetan issue is also depend on Mainland China’s policy. Sorry, India we can’t help at this point of time. Tibetans also have done enough during the Bangladesh War and Kargill war, but most of credit taken by indian armies. Tibetans taking refugee in India. We are not tools of Indian government.

    Reply
  16. དཀོན་མཆོག says:
    ལོ་ 8 སྔོན།

    ཡ
    ད་རྒྱ་གར་ཡང་འཇུག་སུ་རོང་བ་ཞིག་མི་འདུག་གམ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese