མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་དར་རྒྱས་ལགས་སུ་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་སྒོར་ས་ཡ་མང་པོའི་ཕྱུག་བདག་བོད་རིགས་བློ་བཟང་དར་རྒྱས་ལགས་སུ་བདུན་ཕྲག་སྔོན་མའི་ནང་ལོ་ ༡༠ ཁྲིམས་ཐག་གཅོད་རྩིས་བྱས་ཀྱང་དར་རྒྱས་ལགས་དང་ཨ་རིའི་གཞུང་གི་ཁྲིམས་རྩོད་པའི་བར་ལྟ་ཚུལ་མ་མཐུན་སྟབས་འདང་ནུབ་བསྐྱར་དུ་ཁྲིམས་བཤེར་བྱས་ཏེ་ལོ་ ༤ ཡི་ཁྲིམས་ཐག་བཅད་ཡོད་འདུག

ཁ་སང་ཨ་རིའི་གྲོང་ཁྱེར་ཚོང་འབྲེལ་གསར་ཁང་(ACBJ)གིས་གནས་ཚུལ་སྤེལ་བ་ལྟར་ན། སྔོན་ཆད་ཨ་རིའི་ནང་ས་ཁང་འཛུགས་སྐྲུན་བྱེད་མཁན་ཕྱུག་བདག་བོད་རིགས་བློ་བཟང་དར་རྒྱས་ལགས་ཀྱིས་ས་ཁང་འཛུགས་སྐྲུན་ཁྲོད་མི་གཞན་གྱི་ལག་ནས་དངུལ་འབོར་ཆེན་གཡོ་ལེན་བྱས་པ་དང་། ཁྲིམས་འགལ་ཐོག་དངུལ་འབོར་ཆེན་ཉར་བ་བཅས་ཀྱི་ཉེས་མིང་འོག བདུན་ཕྲག་སྔོན་མའི་རེ་གཟའ་པ་སངས་ཉིན་ཁོང་ལ་ལོ་ངོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་གཅོད་རྩིས་བྱས་ཡོད། སྐབས་དེར་ཁྲིམས་ཁང་དུ་ཨ་རིའི་གཞུང་གི་ཁྲིམས་རྩོད་པ་དང་བློ་བཟང་དར་རྒྱས་ཀྱི་ཁྲིམས་རྩོད་པའི་བར་ལྟ་ཚུལ་མི་མཐུན་པ་མང་པོ་བྱུང་སྟེ། ཁྲིམས་ཁང་དེའི་ཁྲིམས་དཔོན་རོ་བྷར་ཊི་(Robert Lasnik)ལགས་ཀྱིས། གལ་སྲིད་བློ་བཟང་དར་རྒྱས་ཀྱི་ཁྲིམས་རྩོད་པར་རྒྱུ་མཚན་ཡང་དག་མཁོ་སྤྲོད་བྱེད་རྒྱུ་ཡོད་ཚེ། བློ་བཟང་དར་རྒྱས་ཀྱིས་འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ཝ་ཤིན་ཊོན་མངའ་སྡེ་ཁྲིམས་ཁང་ལ་ནག་ཉེས་ཁས་ལེན་བྱས་གནང་བ་ལྟར་ཁོ་བོར་ལོ་ ༡ དང་ཉིན་གཅིག་གི་བཙོན་འཇུག་ཁྲིམས་ཆད་འབབ་པ་དང་། གལ་སྲིད་དེ་ལྟར་མེད་ཚེ་མང་ན་ལོ་ངོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག དེ་རིང་ཞོགས་པར་བསྐྱར་དུ་གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་བློ་བཟང་དར་རྒྱས་ལགས་སུ་བསྐྱར་དུ་ཁྲིམས་བཤེར་བྱས་མཐར་ལོ་ ༤ བཙན་འཇུག་ཁྲིམས་ཐག་བཅད་ཡོད་པ་གསལ་བསྒྲགས་བྱས་ཡོད་འདུག

བདུན་ཕྲག་སྔོན་མའི་ཁྲིམས་བཤེར་སྐབས། ཨ་རིའི་གཞུང་གི་ཁྲིམས་རྩོད་པས་བློ་བཟང་དར་རྒྱས་ཀྱིས་འདོད་རྔམ་བཅངས་ཏེ་ཕྱི་མི་གནས་སྤོ་བ་དང་གཞན་མ་འཇོག་བྱེད་མཁན་མང་པོ་ཞིག་གི་ལག་ནས་ཨ་སྒོར་ས་ཡ་ ༢༣༥ ལྷག་གཡོ་ལེན་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་ཀྱང་། དར་རྒྱས་ཀྱི་ཁྲིམས་རྩོད་པས་ཁྲིམས་དཔོན་རོ་བྷར་ཊི་ལགས་ཀྱིས་དར་རྒྱས་ཀྱི་བྱམས་བརྩེ་རང་བཞིན་ལྡན་པའི་ཡ་རབས་བཟང་སྤྱོད་དང་མགོ་སྙོག་རང་བཞིན་ཅན་གྱི་རྒྱབ་ལྗོངས་སོགས་ལ་བསམ་གཞིགས་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

སྐབས་དེར་དར་རྒྱས་ལགས་ཀྱི་ཁྲིམས་རྩོད་པས་ཁྲིམས་དཔོན་ལ་རེ་སྐུལ་ཞུས་དོན། དར་རྒྱས་ནི་དེ་སྔོན་བོད་ཀྱི་དབུལ་ཕོངས་ས་ཁུལ་ཞིག་ནས་འཚར་ལོངས་བྱུང་ཞིང་། ཕྱིའི་སུ་ཧི་མ་ལ་ཡ་བརྒལ་ཏེ་རྒྱ་ནག་གི་གཉའ་གནོད་ལས་བྲོས་བྱོལ་བྱས་ཡོད་པ་སོགས་ལ་བསམ་ཞིབ་བྱེད་དགོས་སྐོར་དང་། དར་རྒྱས་ཡིག་རྨོངས་བ་ཡིན་པའི་མི་ཚད་ཀླད་པར་ཡང་ནད་སྐྱོན་ཡོད་པའི་གནས་སྟངས་སོགས་ལ་ངེས་པར་དུ་བསམ་གཞིགས་བྱེད་དགོས་སྐོར་སོགས་ཀྱི་འབོད་སྐུལ་ཞུས་ཡོད་སྟབས། སྐབས་དེར་བློ་བཟང་དར་རྒྱས་ལ་ཁྲིམས་ཐག་བཅད་མེད་པ་རེད།

ཁ་སང་གི་བྷི་བྷི་སིའི་གསར་གནས་ནང་འཁོད་པ་ལྟར་ན། ལོ་ངོ་ ༢༠ ཡར་སྔོན་དུ་བློ་བཟང་དར་རྒྱས་དང་ཨ་རིའི་སི་ཊལ་(Seattle)གྲོང་ཁྱེར་ནང་ཡོད་པའི་ཁོ་རང་གི་བོད་རིགས་གྲོགས་པོ་འགས་སི་ཊལ་དུ་ཁང་པ་ཞིག་ཉོས་ཏེ་བཟོ་བཅོས་ལེགས་འགྲུབ་བྱུང་རྗེས་བསྐྱར་དུ་བཙོང་ཡོད་པ་དང་། དེའི་རྗེས་དར་རྒྱས་ཀྱིས་ ‘ཨ་རིའི་ལམ’ཞེས་བའི་ས་ཁང་འཛུགས་སྐྲུན་ཁེ་ལས་ཁང་ཞིག་བཙུགས་ཏེ་ཨ་རིའི་ནང་ས་ཁང་ཚོང་སྒྱུར་གྱི་ལས་རིགས་མང་པོ་གཉེར་ཡོད་པའི་ཁྲོད། ཨ་རིའི་གྲོང་ཁྱེར་ཨ་ཝར་རེ་ཊི་(Everett)དང་སི་ཊལ་ནང་ས་ཁང་འཛུགས་སྐྲུན་བྱས་པ་དེས་ཁེ་སྤོགས་མང་པོ་བླངས་ཡོད་པ་མ་ཟད། ཨ་རིའི་ལམ་ཁེ་ལས་ཁང་གིས་ཨ་རིའི་གནས་སྤོ་མ་དངུལ་འཛུགས་སྐྲུན་ལས་རིམ་(Govt’s EB-5 Immigrant Investor Program)ནང་དུའང་མ་འཇོག་བྱས་ཡོད་འདུག

དར་རྒྱས་ཀྱིས་གནས་སྤོ་མ་དངུལ་འཛུགས་སྐྲུན་བརྒྱུད་དེ་མི་ ༢༨༠ ཙམ་གྱི་ལག་ནས་ཨ་སྒོར་ ༥༠༠༠༠༠ རེ་བསྡུས་ཏེ། ཁོ་རང་གི་ཨ་རིའི་ལམ་ཁེ་ལས་ཁང་དུ་མ་རྐང་བཞག་ཡོད་པ་དང་། མ་འཇོག་བྱེད་མཁན་གྱི་མི་དེ་ཚོ་ཕྱི་མི་ཡིན་པ་མ་ཟད་མང་ཆེ་བ་རྒྱ་རིགས་ཡིན་སྟབས། ཁོ་རང་གི་ཁེ་ལས་ཁང་བརྒྱུད་དེ་མི་དེ་དག་ལ་ཨ་རིའི་ནང་གནས་སྤོ་མ་དངུལ་འཇོག་དགོས་པ་དང་། མ་འཇོག་བྱེད་མཁན་ཚོར་གང་མགྱོགས་ཨ་རིར་གཏན་སྡོད་ཆོག་པའི་ཨ་རིའི་ལག་དེབ་ལྗང་ཁུ་མཁོ་སྤྲོད་བྱེད་ཐུབ་ཚུལ་སོགས་བརྗོད་ཡོད་ཀྱང་ད་ལྟ་ཁོ་ཚོར་ལག་དེབ་ལྗང་ཁུ་རག་ཐུབ་པའི་རྨི་ལམ་དེ་ཉེན་ཁའི་ནང་ལྷུང་ཡོད།

ལོ་ངོ་ ༢ ཀྱི་གོང་དུ་ཨ་རིའི་མ་དངུལ་འཛུགས་སྐྲུན་འགན་སྲུང་ཚོགས་ཆུང་གིས་བློ་བཟང་དར་རྒྱས་ཀྱི་ཁེ་ལས་ནང་ཞིབ་བཤེར་བྱས་སྐབས། དར་རྒྱས་ཀྱིས་མི་གཞན་གྱིས་མ་འཇོག་བྱས་བའི་མ་དངུལ་བེད་སྤྱོད་བཏང་སྟེ་རང་གི་བཟའ་ཟླར་རྒྱས་སྤྲོས་ཆེ་བའི་ཁང་པ་ཞིག་ཉོས་ཡོད་པ་མ་ཟད། ད་དུང་མ་འཇོག་བྱེད་མཁན་ཚོར་གནས་སྤོའི་མ་དངུལ་འཛུགས་སྐྲུན་ལས་གཞན་པའི་འཛུགས་སྐྲུན་ལས་གཞི་ཁག་གི་ནང་མ་དངུལ་འཇོག་ཏུ་བཅུག་ཅིང་། དངུལ་དེ་དག་རྒྱན་འཇོག་ཁང་སོགས་བརྒྱུད་དེ་གཏོང་ལེན་བྱེད་བཞིན་ཡོད་པ་སོགས་ལ་བརྟེན་ཏེ། ཨ་རིའི་མ་དངུལ་འཛུགས་སྐྲུན་འགན་སྲུང་ཚོགས་ཆུང་དང་བློ་བཟང་དར་རྒྱས་བར་གནད་དོན་མང་པོའི་ཐོག་ཁྲིམས་གཏུག་ཐེངས་མང་བྱུང་ཡོད་འདུག

ཨ་རིའི་གཞུང་གི་ཁྲིམས་རྩོད་པ་གཞོན་པ་ཇཱ་སི་ཊིན་(Justin Arnold)དང་ཝེལ་ཁུ་སོན་(Seth Wilkinson)གཉིས་ཀྱིས་བདུན་ཕྲག་སྔོན་མའི་རེ་གཟའ་པ་སངས་ཉིན་བློ་བཟང་དར་རྒྱས་ལ་ཁྲིམས་བཤེར་སྐབས། བློ་བཟང་དར་རྒྱས་ཀྱིས་མི་གཞན་གྱི་ལག་ནས་དངུལ་འབོར་ཆེན་གཡོ་ལེན་བྱས་བ་དང་། ཁྲིམས་མཐུན་མིན་པའི་མ་དངུལ་འབོར་ཆེན་ལག་ཏུ་གསང་ཉར་བྱས་ཡོད་པ་སོགས་ནི་བློ་ཡུལ་ལས་འདས་བ་ཞིག་ཆགས་ཡོད་ཅེས་བསྒྲགས་ཡོད་འདུག ད་དུང་ཁྲིམས་རྩོད་པ་དེ་གཉིས་ཀྱིས་ཨ་རིའི་ཁྲིམས་ཁང་ལ་བློ་བཟང་དར་རྒྱས་ཀྱིས་ཨ་རིའི་གཞུང་གི་གནས་སྤོ་མ་འཇོག་སྲིད་ཇུས་ལ་བོར་རྡོག་རོལ་བཏང་སྟབས། དར་རྒྱས་ལ་ཁྲིམས་ཆད་ནན་མོ་བཏང་སྟེ་མ་འོངས་པར་གནས་ཚུལ་དེ་རིགས་མི་འབྱུང་ཐབས་བྱེད་དགོས་ཞེས་རེ་སྐུལ་ཞུས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བློ་བཟང་དར་རྒྱས་སྐོར་གྱི་འབྲེལ་ཡོད་གསར་གནས།

འབྲེལ་ཡོད་གསར་འགྱུར།

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

ཆུ་ཚོད་ ༡༧ སྔོན་ལ།
US
Mobile App

ཨ་རིས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་སྐུལ་མ་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་མངའ་སྡེ་ཨ་སམ་གྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
His Holiness the Dalai Lama and Bihar Chief Minister Nitish Kumar in Bodhgaya, Bihar, India on December 21, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

བྷི་ཧར་མངའ་སྡེའི་སྤྱིི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ། 

༢༠༢༥/༡༡/༢༠
Jamyang Tenzin
Mobile App

མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་ནམ་ཡང་མ་བརྗེད་ཅེས་འབོད་སྐུལ་ཞུས་སོང་།

༢༠༢༥/༡༡/༢༠
New studies stated to indicate likelihood of major new earthquakes in the Himalayas
Mobile App

ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་ཡོམ་ཤུགས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

༢༠༢༥/༡༡/༢༠

མཆན། 11

  1. Chophel says:
    ལོ་ 8 སྔོན།

    ཁོ་རང་གི་མགོ་སྐོར་བཏང་སའི་མི་དེ་དག་རྒྱ་མི་མང་ཤོས རེད་འདུག། གལ་ཏེ་ཨ་རིའི་མི་དམངས་ལ་དེ་འདྲའི་མགོ་སྐོར་བཏང་བ་ཡིན་ན་ཁོས་རང་གི་ཉུང་མཐར་ཡང་ལོ་25་འམ་ཡང་ན་ཚེ་བཙོན་འགྲོ་རྒྱུ་གཏན་གཏན་རེད

    Reply
  2. དཀོན་ཅག says:
    ལོ་ 8 སྔོན།

    གང ཚབ ཆེ འདུག གཟུགས རོགས གནོང
    https://m.youtube.com/watch?v=yWhIivvmMnk

    Reply
  3. བོད་དགའ་ says:
    ལོ་ 8 སྔོན།

    སྐྱོན་འཛུགས་བྱེད་དུས་ནག་ཉེས་་ཆེན་པོ་ཡིན་པའི་རྟགས་རེད་ཟེར། ཡིན་པ་ཐལ་། Cha Cha ?

    Reply
  4. Chacha says:
    ལོ་ 8 སྔོན།

    ནག་ཉེས་ནི་ནག་ཉེས་རང་རེད་།གཞུང་གི་སྐྱོན་འཛུགས་བྱེད་དུས་ནག་ཉེས་ཆེན་པོ་ཡིན་པའི་རྟགས་རེད།མ་འོང་པ་རང་རིགས་ཚོས་དེ་ལྟར་མི་བྱ་རྒྱུ་རེ་བ་ཡོད།བཙོན་ཁང་དུ་མི་ལོར་བཞི་བསྡད་དགོས་པ་ནི་དུས་ཡུན་ཐུང་ཐུང་མིན།

    Reply
  5. delek says:
    ལོ་ 8 སྔོན།

    མི་མང་པོ་ཞིག་ལ་མགོ་སྐོར་གཡོགས་པའི་ནག་ཉེས་འོག་ཁྲིམས་ཆད་ཕོག་འདུག་གོ

    Reply
  6. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ཨ་རི་ལུང་པ་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནང་བོད་མི་ཁྲིམས་འགལ་ལ་བརྩོན་འཇུག་ལོ་བཞི་དེ་དག་དྲང་བདེན་གྱི་ཐག་གཅོད་ལ་ངོས་འཛིན་ཞུ་གི་ཡོད་རྒྱ་ནག་གྲལ་རིམ་དམངས་གཙོ་གཅིག་བསྡུད་ནང་ནག་མེད་བོད་མི་ལ་སྲོག་ཁྲིམས་གཅོད་བཞིན་པ་ནི་བོད་མི་རིགས་ལ་རྒལ་ཚིག་དང་རུས་ཞེན་ཡོད་ན་ནམ་ཡང་བརྗེད་མི་ཐུབ་བོ་།

    Reply
  7. tseringtashigoogle says:
    ལོ་ 8 སྔོན།

    ལོ༌ཚད༌ཇེ༌ཉུང༌མ༌བཏང༌ན༌ཡག༌ག༌འདུག

    Reply
  8. བསེ་རུ་ཟང་ཐལ། says:
    ལོ་ 8 སྔོན།

    བློ་བཟང་དར་རྒྱས་ལགས། ཁྱེད་ལ་ཁྲིམས་ཆད་ཕོག་པ་ཞབས་འདྲེན་མིན། ཁྱེད་ལ་བོད་ཀྱི་ནང་བསྟན་ཆོས་ལུགས་ལས་བྱམས་སྙིང་རྗེའི་བྱིན་རླབས་ཀྱི་ཁེ་ཕན་རེག་འདུག སྡུག་པོ་མྱོང་དུས་དེ་འདྲའི་བྱིན་རླབས་ངང་སྒུག་བྱེད་པ་ནི་བོད་མིའི་གོམས་གཤིས་དང་རིག་གཞུང་རེད། ཕྱི་སྡོད་བོད་མི་ཚོ་ཚང་མས་དེ་ལོངས་སྤྱད་ནས་བཞུགས་དང་བཞུགས་མུས་རེད། དེས་ཁྱེད་ཀྱི་འཇོན་ཐང་སྟོན་པ་རེད། བོད་རིགས་དང་བོད་པའི་ཞབས་འདྲེན་ངོ་མ་ཟེར་དུས་བོད་པའི་བླ་མ་བསོད་རྒྱལ་རིན་པོ་ཆེ་ལྟ་བུ་མང་པོ་ཡོད་པ་རེད། འོག་གི་དབྱིན་ཡིག་དྲྭ་ཐག་ལ་གཅིག་གནོན་ནས་གཟིགས་རོགས་གནང་། ཉེ་ཆར་རང་བོད་པའི་བླ་མ་བསོད་རྒྱལ་རིན་པོ་ཆེ་ནི་རང་གི་དགེ་ཕྲུག་ཚོས་གནས་དབྱུང་དགོངས་ཕོག་བཏང་ཚར་འདུག ད་གཟབ་གཟབ་མ་གནང་ན་བོད་ཀྱི་ཆོས་ལུགས་ཁག་གི་བླ་མ། དགེ་བཤེས། བླ་རྫུན་མང་པོས་གཞན་ལ་བྱམས་སྙིང་རྗེ་དང་སྟོང་བདག་མེད་ཀྱི་ལྟ་བ། སྔགས་ཟབ་མོ་སོགས་བསླབས། རང་ཐོག་ཏུ་བབ་དུས་དེ་ལས་ལྡོག་སྟེ། རྦད་དེ་ཉམས་ལེན་ལོག་སྤྱོད་གནང་སྟེ་མགོ་སེར་སོགས་སློབ་མའི་ཚོགས་འཁོར་དྲན་པ་འཐོར་ཏུ་བཅུག་གིན་ཡོད། ད་རིམ་པས་བོད་ཀྱི་ནང་བསྟན་ཆོས་ལུགས་བླ་མ་བཤེས་གཉེན་དང་། ཆོས་ཚོགས་ཁག་མང་པོས་ཞབས་འདྲེན་གཅིག་རྗེས་གཉིས་མཐུད་ཀྱིས་ཀློང་བརྡོལ་ནས་འཛམ་གླིང་ཁྱོན་ཡོངས་ལ་རི་འགུལ་ས་འགུལ་སྙིང་འགུལ་དུ་གཏོང་སྲིད་པས་མགོ་སེར་གྱི་དབུ་བླ་བཤེས་གཉེན་རྣམས་དང་རྒྱ་བླ་སོགས་ནས་ངེས་པར་གཟབ་དགོས་སོ། རང་གཞུང་ཆོས་རིག་ལྷན་ཁང་དང་ཆོས་ལུགས་ཁག་གི་དབུ་འཁྲིད་བླ་ཆེན་དགེ་བཤེས་ཚོས་རིས་མེད་ཚོགས་འདུ་ཟེར་བ་རྫིག་རྫིག་མང་པོ་འཚོགས། མཚན་རྟགས་བཀོད། གྲོས་ཆོས་བཞག་ཀྱང་དོན་ལ་རང་སྡེའི་ཞབས་འདྲེན་པ་དག་ལ་ཤོད་ཕོད་མཁན་མེད་པ་འདིས་བྱས་པ་རེད། གཅིག་བྱས་ན་དེ་ནི་སྤྱོད་འཇུག་གི་བསླབ་བྱ་ལས་”དེ་ཚེ་ཤིང་བཞིན་གནས་པར་བྱ་”ཞེས་པའི་ཉམས་ལེན་ངོ་མ་གནང་སྟངས་ཤིག་ཀྱང་ཡིན་སྲིད། དོན་ངོ་མར་ཐམས་ཅད་ལ་ཐམས་ཅད་ཀྱིས་དག་སྣང་སྦྱོང་དཀའ་མོ་རེད། དགོངས་དག ཐུགས་བདེན། མཆོག་གསུམ་མཁྱེན། ཆོས་སྲུང་བསྐུལ། བདེན་མཐུ་འདྲེན། ཤ་ཚའི་ཁ་བརྡ་ཁ་རི་ཁ་གཏུགས་རང་ཡིན་ནོ། །
    https://www.lionsroar.com/letter-to-sogyal-rinpoche-from-current-and-ex-rigpa-members-details-abuse-allegations/

    Reply
  9. tentgodup says:
    ལོ་ 8 སྔོན།

    ཡང་བོད་པ་ཡིན་པའི་ངོ་ལ་ལྟས་ནས་ལོ་ཚད་ཇེ་ཉུང་བཏང་འདུག རྡོག་རྡོག་བཤད་ན་བྱམས་བརྩེ་དང་བོད་པའི་ངོ་གདོང་གིས་དམིགས་གསལ་ཆག་ཡང་ཐོབ་འདུག

    Reply
  10. tentgodup says:
    ལོ་ 8 སྔོན།

    ཡང་བོད་པ་ཡིན་པའི་ངོ་ལ་ལྟས་ནས་ལོ་ཚད་ཇེ་ཉུང་བཏང་འདུག རྡོག་རྡོག་བཤད་ན་བྱམས་བརྩེ་དང་བོད་པའི་ངོ་གདོང་གིས་དམིགས་གསལ་ཆག་ཡང་ཐོབ་འདུག

    Reply
  11. delek says:
    ལོ་ 8 སྔོན།

    ཨ་རིའི་གཏན་སྡོད་བོད་རིགས་ཉེས་ཅན་པ།ལོ་བཞི་ཁྲིམས་ཆད་ཕོག་པ་ཨོབ་ཙམ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese