མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་སི་ཐཱ་རཱ་མན་མཆོག་བདེ་སྲུང་བློན་ཆེན་དུ་བསྐོས།

བོད་ཀྱི་དུས་བབ།
༢༠༡༧/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

མུ་དྷེའི་གཞུང་གིས་རྒྱ་གར་རྒྱལ་ཡོངས་ཀྱི་བློན་ཆེན་ ༣༢ ཀྱི་གོ་གནས་བསྐྱར་སྒྲིག་བྱས་ཏེ་བུད་མེད་བློན་ཆེན་དྲུག་བསྐོ་བཞག་བྱས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་མུ་དྷེ་གཞུང་གིས་རྒྱ་གར་རྒྱལ་ཡོངས་ཀྱི་བློན་ཆེན་བསྐྱར་སྒྲིག་ཤུགས་ཆེན་པོ་ཞིག་གནང་སྟེ། ཁ་སང་ཕྱི་ཚེས་ ༣ ཉིན་བསྐྱར་སྒྲིག་བསྐོ་བཞག་བྱས་པའི་བློན་ཆེན་ ༣༢ ཀྱིས་ལས་འཁུར་དམ་བཅའ་བཞག་ཡོད་པ་དང་། དེའི་ཁྲོད་བྷི་ཇི་པི་ཚོགས་པའི་མགྲིན་ཚབ་མ་ལྕམ་ནེར་མཱ་ལཱ་སི་ཐཱ་རཱ་མན་(Nirmala Sitharaman)ལགས་བདེ་སྲུང་བཀའ་བློན་དུ་བསྐོ་བཞག་བྱས་ཡོད་པ་དང་།   མོ་ནི་རྒྱ་གར་གྱི་ལོ་རྒྱུས་ནང་ཆེད་བསྐོས་བདེ་སྲུང་བློན་ཆེན་ཐོག་མ་དེ་ཆགས་ཡོད་འདུག

ལྕམ་ནེར་སི་ཐཱ་རཱ་མན་ལགས་ཀྱིས།  ང་རང་བདེ་སྲུང་བཀའ་བློན་དུ་བསྐོ་བཞག་བྱས་པ་དེས་རྒྱ་གར་སྤྱི་ཚོགས་ནང་བུད་མེད་ཀྱི་གནས་བབ་མཐོ་རུ་འགྲོ་ཡི་ཡོད་པ་བསྟན་ཡོད་པ་མ་ཟད།  མུ་དྷེ་གཞུང་ནི་བུད་མེད་ལ་རྒྱབ་སྐྱོར་བྱེད་པའི་གཞུང་ཤུགས་ཆེ་ཤོས་དེ་ཆགས་ཡོད་པ་དང་།  ངས་བུད་མེད་འཐབ་འཁྲུག་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན།  ཞེས་བརྗོད་ཡོད་པ་དང་།  རྒྱ་གར་གྱི་དམག་སྤྱི་ཆེན་མོ་བྷི་ཕི་རཱ་ཝ་ཊི་(Bipin Rawat)ལགས་ཀྱིས།  འཛམ་གླིང་ནང་བུད་མེད་གཡུལ་སར་ཞུགས་བཞིན་པའི་རྒྱལ་ཁབ་ཉུང་ཤས་ཤིག་མ་གཏོགས་མེད་པ་དེས་ཕོ་མོའི་བར་གྱི་འདྲ་མཉམ་མིན་པའི་སྟོང་ཆ་དེ་སྟོན་གྱི་ཡོད།  ཅེས་བརྗོད་ཡོད་པ་དང་།  ད་བར་འཛམ་གླིང་ནང་བུད་མེད་དམག་འཁྲུག་ལ་ཞུགས་ཆོག་པའི་རྒྱལ་ཁབ་ཨ་རི་དང་།  ཨི་ཛི་རལ།  དབྱིན་ཇི།  ཧྥི་ལན་ཌི།  ཨོ་སི་ཊོ་ལེ་ཡ། ཁེ་ན་ཌ། ཧྥ་རན་སི། དེ་བཞིན་ནོར་ཝེ་དང་སི་ཝི་ཌན་བཅས་ཡིན་འདུག

རྒྱ་གར་དཔལ་འབྱོར་དུས་དེབ་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ལྕམ་ནེར་སི་ཐཱ་རཱ་མན་ལགས་བདེ་སྲུང་བཀའ་བློན་དུ་བསྐོ་བཞག་བྱས་པར་མི་མང་པོས་དགའ་ཚོར་ཆེན་པོ་གནང་གི་ཡོད་པ་དང་བསྟུན། རྒྱ་གར་ལ་པཱ་ཀི་སི་ཐན་ཙམ་མ་ཟད།  རྒྱ་ནག་དང་ལྷན་དུ་ས་མཚམས་ཀྱི་དཀའ་རྙོག་འབྱུང་བཞིན་པའི་སྐབས་འདིར། རྒྱ་གར་ནང་མི་མང་གིས་ངོས་ལེན་ཡོད་པ་དང་། མངའ་ཁོངས་དབང་སྒྱུར་གྱི་སྲིད་ཇུས་ལྡན་པའི་བདེ་སྲུང་བློན་ཆེན་ཞིག་བསྐོ་བཞག་བྱས་པ་ནི་དོན་སྙིང་ལྡན་པ་ཞིག་ཆགས་ཡོད།  ཅེས་བཀོད་ཡོད་པ་དང་།  ཡང་མི་ཁག་ཅིག་གིས་ལྕམ་ནེར་སི་ཐཱ་རཱམ་ལགས་བདེ་སྲུང་བཀའ་བློན་དུ་བསྐོ་བཞག་བྱས་བར་ཧང་སངས་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

ཡང་མོ་ལ་སྐྱོན་བརྗོད་བྱེད་མཁན་ཚོས་ལྕམ་ནེར་སི་ཏཱ་རཱ་མན་ལགས་ལ་དམག་ཤུགས་རྒྱ་སྐྱེད་ཀྱི་ནུས་པ་མེད་སྐོར་སོགས་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་འབྲེལ། གང་ལྟར་མོས་རྒྱ་གར་གྱི་དམག་སྡེ་དེང་ཪབས་ཅན་དུ་བསྒྱུར་ཏེ་སྦྱོང་བརྡར་སྔར་ལྷག་སྤྲད་དེ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་འོས་འགན་ལ་ནམ་ཡང་གཡོལ་ཐབས་མེད་སྐོར་བརྗོད་ཀྱི་འདུག

ཐེངས་འདིའི་བཀའ་བློན་བསྐྱར་སྒྲིག་སྐབས་བློན་ཆེན་རྒན་པ་ ༢༧  ཡོད་པའི་ཁྲོད་བུད་མེད་བློན་ཆེན་ ༦ བྱུང་ཡོད་པ་དང་།  དེ་ནི་འདས་པའི་ལོ ༡༠ ལྷག་རིང་བུད་མེད་བཀའ་བློན་མང་ཤོས་ཀྱི་འཛིན་སྐྱོང་ཞིག་ཆགས་ཡོད་པ་དང་།  དམིགས་བསལ་འགྲིམ་འགྲུལ་བློན་ཆེན་སཱོ་རེ་ཤི་(Suresh Prabhu)ལགས་ལ་ཉེ་ཆར་ནད་མནར་གྱིས་རྩ་དགོངས་སྙན་ཞུ་ཕུལ་ཡོད་པ་ལྟར། ཐེངས་འདིའི་བློན་ཆེན་བསྐྱར་སྒྲིག་སྐབས་ཁོང་ལ་དགོངས་པ་གནང་ཡོད་འདུག

ལྕམ་ནེར་སི་ཐཱ་རཱ་མན་ནི་རྒྱ་གར་མངའ་སྡེ་ཏཱ་མིལ་ནཱ་རྡོའི་གྲོང་ཁྱེར་མཱ་ཌོ་རཱེས་(Madurai)ཞེས་བར་ཕ་ཤཱི་རེ་ནཱ་ར་ཡ་ན་(Shri Narayanan Sitaraman)དང་། མ་སཱ་བི་ཊི་རེ་(Savitri)གཉིས་ཀྱི་བུ་མོར་སྐྱེས་ཤིང་། ཏཱ་མིལ་ནཱ་རྡོའི་གྲོང་ཁྱེར་ཊི་ཆི་རཱ་པཱ་ལིའི་(Tiruchirappalli)མཐོ་སློབ་ནས་དངོས་གཞིའི་སྒྱུ་རྩལ་རིག་པ་མཐར་ཕྱིན་དང་།  དེའི་རྗེས་རྒྱལ་ས་ལྡི་ལིར་ནེ་རུ་(Jawaharlal Nehru)གཙུག་ལག་སློབ་གཉེར་ཁང་དུ་དཔལ་འབྱོར་རིག་པའི་འབུམ་རམས་པ་ཐོན་ཡོད་འདུག  དེ་ནས་རིམ་བཞིན་སྤྱི་ཚོགས་ཞབས་ཞུ་དང་།  ཆབ་སྲིད་ཀྱི་ཕྱག་ལས་གནང་སྟེ་རྒྱལ་སྤྱིའི་གསར་ཁང་བྷི་བྷི་སིའི་ས་གནས་གསར་འགོད་པ་དང་།  དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁེ་ལས་ཁང་(Pricewaterhouse Copper)ཞེས་པའི་འགན་འཛིན་རྒན་པ། མངའ་སྡེ་རིམ་པའི་ཚོང་དང་བཟོ་གྲྭའི་བློན་ཆེན་ཡིན་པ་མ་ཟད།  དེའི་རྗེས་བྷི་ཇི་པི་ཚོགས་པའི་མགྲིན་ཚབ་མ་ཡང་གནང་ཡོད་འདུག

དེ་སྔོན་ཨིན་དྷ་ར་གྷན་དྷི་(Indira Gandhi)མཆོག་ནས་བདེ་སྲུང་བློན་ཆེན་གྱི་ཕྱག་ལས་གནང་མྱོང་ཡོད་ཀྱང་།  སྐབས་དེར་མོ་སྲིད་བློན་ཡིན་པས་བདེ་སྲུང་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 9 སྔོན།

    གནས་ཡུལ་རྒྱལ་ཁབ་ཀྱི་བློན་ཆེན་ལྷན་ཁང་དྲུག་ནང་བུད་མེད་བསྐོ་བཞག་གནང་བ་དེ་
    དག་ལ་བསམ་ཞིབ་བྱ་སྐབས་བུད་མེད་ལ་ཆེ་
    མཐོང་ཞུས་པ་ཡིན་དང་བུད་མེད་ཀྱི་ཤེས་ཡོན་འཇོན་ཐང་དང་ཕོ་མོ་འདྲ་མཉམ་ལ་འགན་བཀུར་བ་ཡིན་དང་མ་འོང་འོས་བསྡུའི་སྐབས་བུ་མེད་ཀྱི་རྒྱབ་སྐྱོར་ལ་དམིགས་པ་ཡིན་དང་ཕོ་ཟད་མོ་ལ་ཐུག་པ་ཡིན་བརྗོད་དཀའ་བའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པ་དང་ཕོ་མོ་འདྲ་མཉམ་ལ་འགན་བཀུར་བ་ཡིན་ན་བོད་མི་བཙན་བྱོལ་བའི་སྲིད་སྐྱོང་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅུ་བདུན་པའི་ཚོགས་གཙོ་སོགས་ལ་བུད་མེད་བསྐོ་དགོས་པ་དེ་ཕོ་མོ་འདྲ་མཉམ་ཟེར་བ་དང་བུད་མེད་ལ་ཆེ་མཐོང་ཟེར་བ་སོགས་རྒྱལ་ཡོངས་བུད་མེད་ཀྱི་ཆེ་མཐོང་དང་ཕོ་མོ་འདྲ་མཉམ་ཟེར་བ་ལ་ང་ཚོའི་འགན་འཁུར་དགོས་པ་མ་རེད་དམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese