མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཟླ་ ༩ ཚེས་ ༡༩ ཉིན་བོད་སོག་ལས་ཁུངས་སྒོ་བརྒྱབ་རྒྱུ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༧/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་བར་དུ་ཐའེ་ཝན་གྱི་རྩ་ཁྲིམས་ནང་སྐྱབས་བཅོལ་གྱི་སྒྲིག་ཁྲིམས་ཤིག་མེད་ཀྱང་ཐའེ་ཝན་གྲོས་ཚོགས་ནས་བོད་མི་མང་པོ་ཞིག་ལ་དམིགས་བསལ་གྱིས་ཁྲིམས་མཐུན་ཤོག་བུ་སྤྲད་འདུག

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤།༤༥ ཙམ་ལ་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཐའེ་ཝན་ནས་ཆེད་ཕེབས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་བཀྲ་ཤིས་ཚེ་རིང་ལགས། ཝུ་ཅཱ་ཀྲིན། ལོའུ་ཡེན་ཁྲིན། དེ་བཞིན་ལིན་ (lin hsinyi)བཅས་འཐུས་མི་བཞི་ཡིས། ཐའེ་ཝན་ནང་གི་སྤྱི་ཚོགས་ལས་འགུལ་དང་དམངས་གཙོའི་འཕེལ་རིམ་ཞེས་པའི་བརྗོད་བྱའི་ཐོག་གཏམ་བཤད་གནང་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་རྣམ་གཉིས་ཀྱི་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་མཛད་གཙོ་རྣམ་པ་ཁག་ཅིག་དང་སྲི་ཞུ་ལས་བྱེད་མི་ཉུང་བ་ཞིག་ཕེབས་འདུག

བཀྲ་ཤིས་ཚེ་རིང་ལགས་ནི་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ཡིན་པ་དང་། ཁོང་གིས་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་བྱུང་རིམ་སྐོར་ལ་བརྗོད་དོན། ཐོག་མར་ངས་ཞུ་འདོད་པ་ནི། སྤྱིར་ཐའེ་ཝན་གྱི་རྩ་ཁྲིམས་ནང་བོད་དེ་ད་དུང་ཡང་ཐའེ་ཝན་གྱི་མངའ་ཁོངས་ཡིན་པ་འཁོད་པ་ཡོད་ཀྱང་། ང་ཚོས་ལོ་ངོ་ ༢༠ སྔོན་དུ་རྣ་བར་ཐོས་པའི་ཐའེ་ཝན་དང་ད་ལྟའི་ཐའེ་ཝན་གཉིས་ཀྱི་བར་རྩ་བ་ཉིད་ནས་འདྲ་བོ་མེད། ཐའེ་ཝན་གྱི་མི་ཚོས་དམངས་གཙོ་དང་རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྐུ་ལུས་མཆོད་མེར་ཕུལ་བ་སོགས་སྐུ་ལས་ཧ་ཅང་ཆེན་པོ་བསྐྱོན་ཡོད་པ་རེད། དཔེར་ན། ཕྱི་ལོ་ ༡༩༤༧ ཟླ་ ༢ ཚེས་ ༢༨ ལ་གོ་མན་ཏང་གིས་དམངས་གཙོ་དང་རང་དབང་ཆེད་ཕྱག་ལས་གནང་མཁན་མང་པོ་བསད་པའི་ལོ་རྒྱུས་དེ་ལྟར་ཡོད། ང་ཚོ་བོད་པ་ཚོ་ཡིན་ཡང་ཕྱི་ལོ་ ༡༩༩༨ ལོར་རང་ལུས་མེར་མཆོད་གནང་བའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་རྗེས་ནས་མགོ་བཙུགས་ཏེ། རང་དབང་གི་ཆེད་བོད་ཕྱི་ནང་གཉིས་སུ་སྐུ་ལུས་མེར་མཆོད་འབུལ་མཁན་མུ་མཐུད་དེ་བྱུང་དང་འབྱུང་བཞིན་ཡོད་པ་རེད། ལས་འགུལ་གང་སྤེལ་ཡང་དམིགས་ཡུལ་ཞིག་འཛིན་པའི་ཐོག་ནས་ལས་འགུལ་སྤེལ་ན་ལས་འགུལ་སྤེལ་ཕྱོགས་ལ་ཁེ་ཕན་འདུག ངས་ཟུར་དུ་བོད་དོན་ཆེད་ཚོགས་པ་ཞིག་གསར་འཛུགས་བྱས་ན། ང་སྒེར་གྱི་དཔལ་འབྱོར་ཁོ་ནས་འདང་ཐབས་མེད་སྟབས། ངས་གནས་སྟངས་མང་པོ་ཞིག་ལ་བལྟས་ནས་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འོག་ལ་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ཚོགས་པ་ཞིག་བཙུགས་པ་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས། ངས་གོང་དུ་བརྗོད་པ་ལྟར། ལོ་ངོ་ ༢༠ སྔོན་ལ་ཐའེ་ཝན་གྱི་མི་ཙམ་མ་ཡིན་པར་བོད་མི་ཐའེ་ཝན་དུ་སྡོད་མཁན་ཡིན་ཡང་། ཐའེ་ཝན་ནས་ཡིན་ལབ་པར་རང་བཞིན་གྱིས་ཏོག་ཙམ་ངོ་ཚ་དང་འཚེར་སྣང་ཡོད་པ་དེ་འདྲ་ཆགས་པ་རེད། འོན་ཀྱང་། དེང་སང་གནས་སྟངས་དེ་འགྱུར་ནས་ཐའེ་ཝན་ནང་བོད་པའི་ལས་འགུལ་ཡུལ་གཞན་ལས་ལྷག་པ་ཞིག་སྤེལ་མ་ཐུབ་ཀྱང་འདྲ་འདྲ་སྤེལ་ཐུབ་ཀྱི་ཡོད། དེ་སྔོན་བོད་པ་ཉུང་ཤས་ཡིན་པ་དང་བོད་སོག་ལས་ཁུངས་ཤུགས་ཆེན་པོ་རེད། ང་ཚོའི་ལས་ཁུངས་ཀྱི་མདུན་རང་ལ་བོད་སོག་ལས་ཁུངས་ཡོད་པ་རེད། བོད་སོག་ལས་ཁུངས་ཀྱིས་ང་ཚོའི་ལས་ཁུངས་ལའང་གནོད་པ་བྱས་ཡོད། འོན་ཀྱང་། དེང་སང་ཐའེ་ཝན་གྱི་གཞུང་དམངས་གཉིས་ཀ་ནས་བོད་སོག་ལས་ཁུངས་དེ་དགོས་ངེས་ཤིག་མིན་པ་མ་ཟད། སྤྱི་ཚོགས་ལ་ཕན་པ་ལས་གནོད་འཚེ་ཆེ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་བསྐྱར་ཁོང་གིས། སྤྱིར་ཐའེ་ཝན་གྱི་རྩ་ཁྲིམས་བཟོ་མཁན་གོ་མན་ཏང་ཡིན་པ་དང་། ཁོང་ཚོ་ནི་བོད་ལ་མ་དགའ་མཁན་ཞིག་ཏུ་བརྩི་སྲོལ་ཡོད་ཀྱང་། ཕྱི་ལོ་ ༢༠༠༨ ལོར་ཐའེ་ཝན་སྲིད་འཛིན་གྱི་འོས་བསྡུའི་ལས་འགུལ་དང་བོད་ནང་གནས་སྟངས་ཛ་དྲག་བྱུང་སྐབས། ང་ཚོས་བོད་དོན་ཆེད་ལས་འགུལ་སྤེལ་དུས་གོ་མན་ཏང་གིས་ཁོང་ཚོའི་རྒྱལ་དར་བཟུང་སྟེ་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུའི་ལས་འགུལ་སྤེལ་བ་དང་བསྟུན། བོད་ཀྱི་གནད་དོན་ཐད་བོད་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད་པ་ཙམ་མིན་པར་བོད་དོན་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཡང་ཧ་ཅང་མང་པོ་བྱུང་སོང་། ད་ལྟ་བཤད་སྟངས་བྱས་ན། བོད་སོག་ལས་ཁུངས་དེ་སྤྱི་ཟླ་ ༩ ཚེས་ ༡༩ ཉིན་ཐའེ་ཝན་གཞུང་གིས་གསལ་བསྒྲགས་བྱས་ཏེ་སྒོ་བརྒྱབ་རྒྱུ་རེད་འདུག ཅེས་བརྗོད་སོང་།

དེའི་རྗེས་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཞོན་ཝུ་ཅཱ་ཀྲིན་(Wu Jiazhen)ལགས་ཀྱིས། ཐའེ་ཝན་གྱི་འགྲོ་བའི་ཐོབ་ཐང་ཚོགས་པ་བཙུགས་པའི་སྐོར་དང་ཐའེ་ཝན་གྱི་ལོ་རྒྱུས། དེ་བཞིན་དྲག་པོའི་སྲིད་གཞུང་ལས་རང་དབང་དང་དམངས་གཙོ་ཐོབ་ཆེད་ཐའེ་ཝན་མི་མང་དང་ལྷག་པར་དུ་གཞོན་སྐྱེས་ཚོས་ཇི་ལྟར་ལས་འགུལ་སྤེལ་ཏེ་སྐུ་ལས་བསྐྱོན་པའི་སྐོར་གཏམ་བཤད་གནང་སོང་བ་དང་། ཁྲིམས་བཟོའི་ལས་རོགས་ལོའུ་ཡེན་ཁྲིན་(liu ying chun)ལགས་ཀྱིས་སྔར་ཐའེ་ཝན་ལ་ཕོ་མོ་འདྲ་མཉམ་དང་ཐོབ་ཐང་འདྲ་མཉམ་གྱི་གནས་སྟངས་སྐྱོ་བོ་ཡོད་ཀྱང་། རིམ་གྱིས་འཐབ་རྩོད་དང་ལས་འགུལ་སྣ་ཚོགས་ལ་བརྟེན་ནས་ཐོབ་ཐང་འདྲ་མཉམ་ཙམ་མིན་པར། ད་ལྟ་མཚན་མཐུན་ལའང་ལྟ་སྟངས་འགྱུར་བ་ཕྱིན་ཡོད་པ་མ་ཟད། མཚན་མཐུན་གཉེན་སྒྲིག་གི་ཆེད་དུ་འཐབ་རྩོད་བྱས་དང་བྱེད་བཞིན་ཡོད་པའི་སྐོར་བརྗོད་སོང་།

སྲོག་ཐོག་གི་ཉེས་ཁྲིམས་འགོག་ཐབས་ཚོགས་པའི་ཚོགས་གཙོ་ལིན་(lin hsinyi)ལགས་ཀྱིས་ཐའེ་ཝན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཐའེ་ཝན་ནང་བོད་དོན་ཆེད། ད་ལྟའི་བར་དུ་ལས་འགུལ་གང་དག་སྤེལ་བ་དག་གི་པར་རིས་བཏོན་བཞིན། ལས་འགུལ་དེ་དག་སྤེལ་ཡུལ་གྱི་ས་ཆའི་སྐོར་དང་དེ་བཞིན་ལས་འགུལ་ཇི་ལྟར་སྤེལ་ཡོད་མེད་སྐོར་ལ་འགྲེལ་བརྗོད་གནང་བ་མ་ཟད། ཐའེ་ཝན་ནང་བོད་དོན་རྒྱབ་སྐྱོར་ཚོགས་པས་ལས་འགུལ་ཇི་ལྟར་སྤེལ་གྱི་ཡོད་མེད་སྐོར་ལའང་འགྲེལ་བརྗོད་ཟབ་རྒྱས་གནང་སོང་།

མཇུག་ཏུ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བརྗོད་དོན། ཐའེ་ཝན་གྱི་རྩ་ཁྲིམས་ནང་སྐྱབས་བཅོལ་གྱི་སྒྲིག་ཁྲིམས་ཤིག་ད་ལྟ་མེད། འོན་ཀྱང་། ཐའེ་ཝན་ནང་བོད་པ་མང་པོ་ཞིག་ཡོད་སྟབས། ཐའེ་ཝན་གྱི་གྲོས་ཚོགས་ནས་དམིགས་བསལ་བྱས་ཏེ་དེ་སྔོན་ཐོག་མར་བོད་མི་ ༡༢༥ ལྷག་ལ་ཤོག་བུ་ཞིག་སྤྲད་ཡོད་པ་དང་། དེའི་རྗེས་ནས་བོད་མི་ ༩༠ ཙམ་ལ་ཤོག་བུ་སྤྲད་ཡོད་པ་མ་ཟད། གྲོས་ཚོགས་ནང་ནས་སྐུ་ཚབ་ཁ་ཤས་ཀྱིས་བོད་དོན་བདེན་མཐའ་མ་གསལ་བར་དུ་བོད་ལ་རོགས་པ་བྱེད་དགོས་ཞེས་རེ་འདུན་བཏོན་པ་ལྟར། ཡང་བསྐྱར་བོད་མི་ ༡༩ ལ་ཤོག་བུ་དེ་སྤྲད་ནས་ཧ་ལས་པའི་རྒྱབ་སྐྱོར་གནང་གི་ཡོད་པ་རེད། ཅེས་བརྗོད་སོང་།

གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༩ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༦ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༢༡ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

མཆན། 4

  1. ཨ་འབར་འཇིགས་དབང་། says:
    ལོ་ 9 སྔོན།

    ༄༅། འགྲིག་འདུག་་་་་ཐེ་ཝན་བོད་ལས་ཁུངས་ཟེར་བ་དེ་བོད་མི་ནང་ཁུལ་མཐུན་སྒྲིལ་གཏོར་བཤིགས་གཏོང་
    མཁན་དེ་རེད། བོད་པའི་སྤྱི་ཚོགས་ནང་གཏམ་ངན་གྱི་ཞབས་བྲོ་མང་པོ་འཁྲབ་ཡོད།
    དཀྲུགས་དང་མ་དཀྲུགས་དཀྲུགས་སོང།
    བོད་སོག་ལས་ནས་དཀྲུགས་སོང།
    བྱས་དང་མ་བྱས་བྱས་སོང། རྒྱ་མིའི་ཕོག་དངུལ་ཟས་སོང།
    གཉེན་མི་དགྲ་ལ་ཞུགས་སོང། དགྲ་ནས་དངུལ་སྒོར་སྤྲད་དེ།
    ཞབས་འདྲེན་མང་དག་བཟོས་སོང།གསང་དང་མ་གསང་མི་འདུག་
    གསང་བ་ཁྲོམས་ལ་འགྱར་ཡོད། དཔེར་ན་ཀུན་བཟང་བླ་མ་དང།
    བཅོ་ལྔ་ཚེ་རིང་ཟེར་ལྟར་རེད། འགྲོ་ས་དམྱལ་བའི་ཁང་རེད།

    Reply
  2. དོན་གྲུབ་བཟང་པོ། says:
    ལོ་ 9 སྔོན།

    ཁ་རྒྱག་པ་མང་པོ་བཤད་འདུག
    གང་ལྟར་དེ་སྔར་ཐེ་ཝན་དུ་བསྐྱོད་མཁན་སྐྱབས་མགོན་རིན་པོ་ཆེ་མ་གཏོགས་བོད་སོག་ལས་ཁུངས་དང་འབྲེལ་བ་ཡོད་པ་རེད།ཚང་མ་ཤེས་ཀྱི་ཡོག་རེད།
    ལྷ་མགོ་མཐོ་དུས་ལྷ་ལ་འབྲེལ་བ་ཡོད་མདོག
    འདྲེ་མགོ་མཐོ་དུས་འདྲེ་ལ་འབྲེལ་བ་ཡོད་མདོག་མདོག་ཟེར་སྐད་ཆ་མ་གསུངས་གནང་ཞུ་རྒྱུ་ཡིན།

    Reply
  3. gorakhanigoogle says:
    ལོ་ 9 སྔོན།

    ཡག་པོ་འདུག

    Reply
  4. བསེ་རུ་ཟང་ཐལ། says:
    ལོ་ 9 སྔོན།

    ལོ་རྒྱུས་ཟེར་བ་ཆ་ཚང་གཞུང་དམངས་གིས་གཡོས་པ་དང་རྟག་པ་བརྟན་པ་མེད་པའི་བྱུང་བ་ལོ་བཅུ་ཕྲག་བརྒྱ་ཕྲག་སོ་སོར་དགོས་མཁོ་ལ་བརྟེན་ནས་བརྗེ་བསྒྱུར་དང་གདེང་འཇོག་མི་འདྲ་བ་ཡོད་ཁོ་ཐག་རེད། ༡༩༧༠ དང་ ༡༩༨༠ ཐམ་པའི་ནང་བཙན་བྱོལ་སྤྱི་ཚོགས་བོད་སོག་ལས་ཁུངས་དང་འབྲེལ་བ་བྱེད་མཁན་དང་དེ་བས་དངུལ་དངོས་བླངས་མཁན་ལ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese