མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རྒྱུས་ནང་བོད་རྒྱ་མི་རིཊ་མཉམ་གནས་ཐུབ་ན་མ་འོངས་པར་ག་རེ་བྱས་ནས་མི་ཐུབ་པ་རེད།

བོད་ཀྱི་དུས་བབ།
༢༠༡༧/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་རྒྱབ་སྐྱོར་བ་རྒྱ་རིགས་དགེ་རྒན་ཆེན་མོ་ཞིག་གིས་ང་ཚོར་རང་དབང་ཆ་ཚང་བ་ཞིག་བྱུང་བའི་ཉིན་མོ་དེར་བོད་རྒྱ་མི་རིགས་གཉིས་ལམ་ཁ་ག་འདྲ་ཞིག་ལ་འགྲོ་མིན་དེ་སོ་སོར་རག་ལས་པ་རེད་ཅེས་བརྗོད་སོང་།
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤།༣༠ སྟེང་དྷ་ས་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་། ཆིག་སྒྲིལ་ཚོགས་པ། དྷ་ས་ཚོང་པ་ཚོགས་པ། དབུས་གཙང་ཆོལ་ཁ། དྷ་ས་མདོ་སྟོད་ཆོལ་ཁ། མདོ་སྨད་ཆོལ་ཁ་བཅས་ཚོགས་པ་བདུན་གྱི་གོ་སྒྲིག་འོག རྒྱ་རིགས་དགེ་རྒན་ཆེན་མོ་ཤ་མིང་ཞུ་བ་ཞིག་གིས་དབུ་མའི་ལམ་གྱིས་རྒྱ་རིགས་མི་མང་ཁྲོད་བཞག་པའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་། མཛད་སྒོའི་ཐོག་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་དང་བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས། དེ་བཞིན་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས། སྤྱི་འཐུས་ཟླ་བ་ཚེ་རིང་ལགས། གཞན་ཡང་ཚོགས་འདུ་གོ་སྒྲིག་ཞུ་མཁན་ཚོགས་པ་ཁག་གི་འགན་འཛིན་དང་དྷ་ཤོད་བོད་ཁྱིམ་གྱི་སློབ་ཕྲུག་ཁག་ཅིག དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་༢༠༠ ལྷག་ཅིག་འཛོམས་འདུག

མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་ལས་རིམ་ངོ་སྤྲོད་དང་འབྲེལ་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ནས་དགེ་རྒན་ཆེན་མོ་ཤ་མིན་ངོ་སྤྲོད་གནང་དོན། རྒྱ་རིགས་དགེ་རྒན་ཆེན་མོ་ཁོང་ནི་རྒྱ་ནག་སི་ཁྲོན་ཞིང་ཆེན་ནས་ཡིན་པ་དང་། ཁོང་གི་སློབ་སྦྱོང་གི་རྒྱུད་རིམ་ཚང་མ་རྒྱ་ནག་ནས་གནང་ཡོད་འདུག ད་ལྟའི་ཆར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་དུ་ཡོད་པའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཏུ་ཆབ་སྲིད་དགེ་རྒན་ཆེན་མོ་གནང་གི་ཡོད་པ་རེད། ཁོ་དང་བོད་ཀྱི་བར་ཕྱི་ལོ་ ༢༠༠༨ ལོ་ནས་འབྲེལ་བ་བྱུང་ཡོད་པ་དང་། ༢༠༠༩ ལོ་ནས་ཁོས་བོད་དོན་དང་འབྲེལ་བའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དང་། རྒྱ་རིགས་དང་འབྲེལ་བའི་ཚོགས་འདུ་སོགས་བོད་དོན་དང་འབྲེལ་བའི་ཚོགས་འདུ་མང་པོའི་ནང་དུ་མཉམ་ཞུགས་གནང་ཡོད་འདུག དེ་བཞིན་བོད་དོན་ཐོག་སྔ་རྗེས་སུ་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་པ་དང་ཁོས་བྲིས་པའི་རྒྱ་ཡིག་གི་དེབ་མང་པོའི་ནང་དུ་ཚན་པ་མང་པོ་བོད་དོན་སྐོར་ཡིན་པ་རེད། ཁོས་༧ གོང་ས་མཆོག་ལ་ནང་ཆོས་སྐོར་ནས་སྔ་རྗེས་སུ་བཅར་འདྲི་བྱས་ཡོད་པ་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་མདུན་ནས་ནང་ཆོས་དང་ལྟ་གྲུབ་སྐོར་ལ་བཀའ་སློབ་ཞུས་མྱོང་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་༦ པའི་ནང་༧ གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་སྐབས་རྒྱ་རིགས་སློབ་ཕྲུག་ཚོས་ངོ་རྒོལ་བྱེད་མདོག་སྟོན་སྐབས། ཁོས་རྒྱ་རིགས་སློབ་ཕྲུག་ཚོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ངོ་ཤེས་རྒྱུ་གལ་ཆེན་ཡིན་པ་དང་དངོས་ནས་༧ གོང་ས་མཆོག་ལ་རྒྱུས་མངའ་བྱུང་བ་ཡིན་ན་ ༧ གོང་ས་མཆོག་མི་ག་འདྲ་ཞིག་ཡིན་པ་ཤེས་ཀྱི་རེད་ཅེས་རྒྱ་རིགས་སྤྱི་ཚོགས་ནང་ལ་གོ་རྟོགས་སྤེལ་བའི་རྩོམ་ཡིག་སྤེལ་མཁན་དེ་ཁོ་རང་རེད། ཁོ་རང་འདིར་ཕེབས་དགོས་དོན་གཙོ་བོ་དེ་ལྔ་དང་ལྔ་བཅུའི་ཚོགས་འདུར་བཅར་རྒྱུ་དང་། ཚེས་༡༣ ཉིན་རྒྱ་རིགས་ལས་དོན་གྱི་གལ་ཆེའི་རང་བཞིན་སྐོར་ལ་ཚོགས་འདུ་ཚོགས་བཞིན་ཡོད་པ་སོགས་ལ་བཅར་བ་རེད། ཅེས་བརྗོད་སོང་།

དེའི་རྗེས་དགེ་རྒན་ཆེན་མོ་ཤ་མིང་ལགས་ཀྱིས་གཏམ་བཤད་མགོ་འཛུགས་དང་ཁོ་རང་བོད་དང་འབྲེལ་བ་བྱུང་སྟངས་སྐོར་ནས། ང་རང་ལ་མཚོན་ན་རྒྱ་ནག་ཏུ་ཡོད་སྐབས་བོད་ཀྱི་བདེ་སྡུག་ལས་དབང་ཟེར་བ་སོགས་ལ་དོ་སྣང་གང་ཡང་མེད་ལ་དོ་སྣང་བྱ་འདོད་ཀྱང་མེད། རྒྱ་ནག་གིས་བོད་སྐོར་ལ་སློབ་སྦྱོང་སྤྲོད་སྟངས་དེ་བོད་ནི་ཆེས་རྗེས་ལུས་དང་ཆེས་མུན་ནག་ཆེས་ཀླ་ཀློ་ལྟ་བུ་ཞིག་ལས། བོད་ཀྱི་ཆོས་དང་རིག་གཞུང་དག་ཐུན་མོང་མ་ཡིན་པ་དང་ཕན་ཐོགས་ཅན་ཞིག་ཡིན་པ་སློབ་གསོའི་ནང་དུ་ཡོད་པ་མ་རེད། དེ་བཞིན་ཆབ་སྲིད་ཀྱི་ངོས་ནས་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་བཙན་བྱོལ་བར་ཏཱ་ལའི་རུ་ཚོགས་དང་རྒྱ་ནག་ཁ་བྲལ་གཏོང་མཁན་རེད་ཅེས་སློབ་གསོ་སྤྲོད་ཀྱི་ཡོད་པ་ལྟར། དེ་འདྲའི་སློབ་གསོ་ཐེབས་ཡོད་པའི་མི་ཞིག་རྗེས་སུ་ ༢༠༠༨ ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་༧ གོང་ས་མཆོག་དང་ཞལ་མཇལ་ཐུབ་པ་བྱུང་བ་རེད། ༢༠༠༨ ལོ་ནས་༧ གོང་ས་མཆོག་དང་མཇལ་འཕྲད་བྱུང་བ་ནས་ཁོ་རང་དང་དགེ་རྒན་ཆེན་མོ་གཞན་ཞིག་བཅས་༧རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ། རྒྱ་རིགས་མི་མང་དང་སློབ་ཕྲུག་ཚོར་ཚོགས་འདུ་གོ་སྒྲིག་བྱས་པ་ཡིན་ལ། ད་ཐེངས་༧ གོང་ས་མཆོག་དང་མཇལ་བཅར་ཐུབ་པ་ནས་རྩིས་པ་ཡིན་ན་ད་ལྟ་བར་ཐེངས་༡༥ ལྷག་ལ་མཇལ་འཕྲད་ཞུས་པ་ཡིན། དུས་དེ་ནས་བཟུང་བོད་མི་རིགས་དང་བོད་ཀྱི་རིག་གཞུང་ཆོས་ལུགས་སོགས་ག་འདྲ་ཞིག་ཡིན་པ་ཤེས་པའི་གོ་སྐབས་བྱུང་བ་མི་ཚེའི་ནང་སྐལ་བ་བཟང་བོ་ཡིན། ཞེས་བརྗོད་སོང་།

ཡང་དབུ་མའི་ལམ་ལ་ངོས་འཛིན་བྱུང་ཚུལ་དང་དབུ་མའི་ལམ་གྱིས་རྒྱ་རིགས་མི་མང་ནང་ཤུགས་རྐྱེན་ཐེབས་ཚུལ་སྐོར་བརྗོད་སྐབས། ཁོང་རང་༧ གོང་ས་མཆོག་དང་མཇལ་བཅར་ཞུ་བའི་སྐབས་བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་དང་ཆབ་སྲིད་སོགས་ཀྱི་སྐོར་ལ་སྐད་ཆ་མང་པོ་དྲིས་ཡོད་པ་དང་། ༧གོང་ས་མཆོག་ནས་ཆབ་སྲིད་ཀྱི་ཐད་ནས་ང་ཚོས་རང་བཙན་དགོས་ཞེས་བཤད་ཀྱི་མེད་པ་དང་རང་བཙན་མི་དགོས་ཞེས་བཤད་ན་ལོ་རྒྱུས་ཐོག་ནས་ང་ཚོ་རང་བཙན་མ་རེད་ཅེས་ཞུ་ཡི་མེད་པར། ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ནས་ཆེས་མཐོའི་རང་སྲིད་རང་སྐྱོང་དགོས་ཞེས་བཤད་ཀྱི་ཡོད་པ་རེད་ཅེས་གསུངས་བྱུང་། དབུ་མའི་ལམ་གྱིས་རྒྱ་རིགས་མི་མང་ནང་ཤུགས་རྐྱེན་ཆེ་ཤོས་དེ་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་མེད་པ་དང་རྒྱ་ནག་རྒྱལ་ཁབ་ལ་ངོ་རྒོལ་བྱེད་ཀྱི་མེད་པར། ད་ལྟའི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུསདེ་འགྲིག་གི་མི་འདུག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པ་དེས། རྒྱ་རིགས་སྤྱི་ཚོགས་ནང་བག་ཆགས་དང་ཤུགས་རྐྱེན་ཆེན་པོ་བཞག་ཡོད། ཅེས་བརྗོད་སོང་།

བོད་ཀྱི་དབུ་འཁྲིད་ཚོས་འགྲེལ་བཤད་གནང་བ་བཞིན་ང་ཚོ་བོད་རྒྱ་གཉིས་ལོ་རྒྱུས་ནང་ཐང་དང་སུང་མིང་རྒྱལ་རབས་སྐབས་མང་པོ་མཉམ་གནས་བྱེད་ཐུབ་ཡོད་པ་རེད། ལོ་རྒྱུས་ནང་བོད་རྒྱ་མི་རིགས་གཉིས་ཡུན་རིང་མཉམ་གནས་ཐུབ་སར་མ་འོངས་པར་གནས་མི་ཐུབ་པ་གང་ཡང་ཡོད་པ་མ་རེད་ལ། ཉེ་བའི་ལོ་ངོ་དྲུག་བཅུའི་རིང་རྒྱ་ནག་གཞུང་གིས་བོད་ནང་སྲིད་བྱུསའཛིན་སྟངས་མ་འགྲིག་པས་བོད་རྒྱ་བར་ཀྱི་འབྲེལ་ལམ་ལ་གཏོར་བཤིག་ཆེན་པོ་ཐེབས་ཡོད་ཀྱང་། ད་ལྟའི་བོད་ཀྱི་དངོས་ཡོད་གནས་སྟངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆབ་སྲིད་གནས་བབ། རྒྱ་དཀར་ནག་གི་ཆབ་སྲིད་གནས་བབ་གང་ལ་བལྟས་པ་ཡིན་ནའང་། ང་ཚོའི་དགོས་མཁོ་དང་འཚམས་ཤོས་དང་ཡག་ཤོས་དེ་དབུ་མའི་ལམ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དབུ་མའི་ལམ་ལ་རྒྱུས་མངའ་བྱུང་བ་ནས་དབུ་མའི་ལམ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་གནད་འགག་ཆེན་པོ་ཞིག་ཡིན་པ་མཐོང་གི་ཡོད་སྐོར་བརྗོད་སོང་།

རྒྱ་ནག་ནང་དུ་མི་མང་པོ་ཞིག་གིས་དབུ་མའི་ལམ་སྐོར་ལ་གང་ཡང་གོ་ཡི་མེད་པ་དང་རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུསརྒྱ་ནག་ནང་དུ་དམ་དྲག་བྱེད་ཀྱི་ཡོད་པའི་སྐོར་ལ་ཁོང་གིས། རྒྱ་རིགས་ཤེས་ཡོན་པ་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན་ཡང་། རྒྱ་ནག་གི་དམ་དྲག་ལ་བརྟེན་ནས་རྒྱ་ནག་ནང་གི་ཤེས་ཡོན་ཅན་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་ཐོས་བྱུང་ཐུབ་ཀྱི་མེད་པ་དང་། ཁ་ཤས་ཀྱིས་དབུ་མའི་ལམ་གྱི་སྐོར་ལ་གོ་བ་ཡིན་ནའང་དངོས་ནས་དེ་འདྲ་ཞིག་ཡིན་ནམ་བསམ་ནས་དོགས་པ་སླེབས་ཀྱི་ཡོད་པ་རེད། ཁོ་ཚོར་དབུ་མའི་ལམ་དེ་དངོས་ནས་དེ་འདྲ་ཡོད་པ་རེད་ཅེས་བཤད་པ་ཡིན་ན་ཧང་སང་བ་དང་། དེ་སྔོན་དེ་འདྲིའི་སྲིད་བྱུས་ཤིག་ཡོད་པ་རྩ་ནས་ཧ་གོ་མ་མྱོང་ཞེས་དགའ་ཚོར་ཆེན་པོས་བཤད་པ་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་གྱིས་རྒྱ་ནག་གཞུང་གི་དབུ་མའི་ལམ་གྱི་ནང་དོན་དང་དབུ་མའི་ལམ་དེ་ག་འདྲ་ཞིག་ཡོད་པ་རྒྱ་ནག་ནང་ལོག་གི་མི་མང་ལ་ཤེས་བཅུག་གི་མེད་པ་དང་། གཉིས་པ་དེ་༧ གོང་ས་མཆོག་གི་མཛད་པ་དང་དགོངས་གཞི་དེ་རྒྱ་ནག་ནང་དུ་ག་དུས་ཡིན་ནའང་བཀག་སྡོམ་བྱས་ཏེ་རྒྱ་ནག་མི་མང་ལ་ཤེས་བཅུག་གི་མེད་པ་རེད། ཡང་མིན་ན་དབུ་མའི་ལམ་གྱི་ནང་དོན་འགེབ་ཐབས་དང་ཡང་མིན་ན་དབུ་མའི་ལམ་གྱི་ནང་དོན་དེ་འཁྱོག་བཤད་ཀྱིས་རྒྱ་ནག་མི་མང་ལ་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད། དབུ་མའི་ལམ་གྱི་ནང་དོན་བཀབ་པ་ཡིན་ན་བཀབ་པ་རེད་དེ་འཁྱོག་བཤད་བྱས་ཏེ། དབུ་མའི་ལམ་སྐྱག་རྫུན་རེད། དབུ་མའི་ལམ་རང་བཙན་དང་ཁ་བྲལ་རེད་ཅེས་འཁྱོག་བཤད་བྱེད་ཀྱི་ཡོད་པ་རེད། གལ་ཏེ་དབུ་མའི་ལམ་དེ་ཤེས་བཅུག་གི་མེད་པ་མ་གཏོགས་ཤེས་བཅུག་པ་ཡིན་ན་དེ་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་པ་དང་དེས་མི་མང་པོ་ཞིག་གི་བསམ་བློར་འགྱུར་བ་ཐེབས་ཀྱི་ཡིན་པ་ཤེས་ཀྱི་ཡོད་པ་རེད། མཚམས་རེར་ངའི་ཚོར་སྣང་ལ་དབུ་མའི་ལམ་གྱིས་རྒྱ་རིགས་ཚང་མར་མགོ་སྒུར་གྱི་ཡོད་པ་དང་། དབུ་མའི་ལམ་གྱིས་མི་ཚང་མ་བསྡམས་ནས་ཡོད་པས་གང་ཡང་བྱ་ས་མེད་པ་རེད་ཅེས་རྒྱ་ནག་གཞུང་གིས་མི་ཁག་ཅིག་ལ་དེ་ལྟར་བཤད་བཅུག་གི་མེད་དམ་བསམ་གྱི་འདུག་ལ། ཡང་རྒྱ་རིགས་ཁག་ཅིག་གིས་དབུ་མའི་ལམ་དེ་རྒྱ་རིགས་ཁག་ཅིག་གིས་༧རྒྱལ་བ་རིན་པོ་ཆེར་མགོ་སྐོར་བཏང་ནས་བཏོན་པ་ཡིན་མདོག་གི་འགྲེལ་བཤད་བརྒྱབ་མཁན་ཡོང་གི་འདུག ༧རྒྱལ་བ་རིན་པོ་ཆེ་ལ་མཚོན་ན། འཛམ་གླིང་གི་བསམ་པའི་གཙོ་འཛིན་རེད་ལ་རྣམ་དཔྱོད་མཚོ་ལྟར་ཟབ་པའི་མི་ཞིག་ང་ཚོ་རྒྱ་རིགས་ཚོས་ག་འདྲ་བྱས་ནས་མགོ་སྐོར་གཏོང་ཐུབ་པ་རེད། ང་རང་ལ་མཚོན་ན་༧རྒྱལ་བ་རིན་པོ་ཆེ་ལ་ཉེ་བོ་དང་དབུ་མའི་ལམ་ལ་རྒྱབ་སྐྱོར། བོད་དོན་ལ་དོ་སྣང་བྱས་པ་དེས་རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་ཀྱིས་ཉེན་བརྡ་བཏང་བ་བྱུང་སོང་ལ། ང་རང་ཕྱིར་རང་གི་མེས་རྒྱལ་ལ་འགྲོ་མ་ཐུབ་པར་མི་ལོ་ཧྲིལ་བོ་དགུ་ཟིན་ཡོད་ན་ཡང་། རང་གི་མེས་རྒྱལ་བློས་བཏང་ནས་༧རྒྱལ་བ་རིན་པོ་ཆེའི་ལམ་ཁ་བདམས་པ་དེ་འགྲིག་འདུག་བསམ་པ་ལས་བློ་ཕམ་དང་འགྱོད་སེམས་གང་ཡང་མེད། ཅེས་ཟེར།

མ་འོངས་པར་དབུ་མའི་ལམ་གྱིས་རྒྱ་བོད་བར་གྱི་རྩོད་རྙོག་སེལ་ཐུབ་པ་དང་རྒྱ་ནག་ལ་འགྱུར་བ་ཐེབས་རྒྱུ་ཡིན་པའི་སྐོར་ལ་ཁོང་གིས། ད་ནང་ཞོགས་པར་ང་དང་རྒྱ་རིགས་ཤེས་ཡོན་ཅན་ཁག་ཅིག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་མཇལ་འཕྲད་ཞུས་པ་ཡིན། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་རེ་བས་ཕོངས་དང་རྒྱ་དོགས་པས་ཕོངས་ཞེས་པའི་གཏམ་དཔེ་ཞིག་གསུངས་བྱུང་། ང་རང་ངོས་ནས་བོད་པ་ཚོར་དབུ་མའི་ལམ་ལ་རེ་བ་མུ་མཐུད་བརྒྱབ་དགོས་པ་རེད་ལ་དོགས་པ་གང་ཡང་བྱ་དགོས་མ་རེད། དེ་བཞིན་སྡིངས་ཆ་འདི་བརྒྱུད་རྒྱ་རིགས་གྲོགས་པོ་ཚོར་དབུ་མའི་ལམ་ལ་དོགས་པ་གང་ཡང་བྱ་དགོས་མ་རེད་ལ། དེ་ག་དུས་ཡིན་ནའང་རྒྱ་བོད་གཉིས་སྨན་གྱི་ལམ་ཆགས་ཀྱི་ཡོད་དུས། རེ་བ་བརྒྱབ་མཁན་གྱིས་བརྒྱབ་དོགས་པ་མི་དགོས་སར་དོགས་པ་མ་བྱས་པ་ཡིན་ན། ང་ཚོར་འབྲས་བུ་ཡོད་པ་བརྒྱ་ཆ་བརྒྱ་གདེང་ཚོད་ཡོད་པའི་ངང་ནས་བཤད་ཀྱི་ཡོད། ད་ལྟ་བོད་ལ་མཚོན་ན་དབུ་མའི་ལམ་གྱི་འོག་ནས་རང་སྐྱོང་རྩོད་ཀྱི་ཡོད་པ་རེད་ལ། ང་ཚོ་རྒྱ་རིགས་ཚོར་མཚོན་ན་རང་དབང་རྩོད་ཀྱི་ཡོད་པ་རེད། ཡིན་ན་ཡང་། མ་འོངས་པར་ང་ཚོ་ཚང་མར་ཆ་ཚང་བའི་རང་དབང་ཞིག་བྱུང་བའི་ཉིན་མོ་དེར། བོད་རྒྱ་མི་རིགས་གཉིས་ལམ་ཁ་ག་འདྲ་ཞིག་ལ་འགྲོ་མིན་དེ་བོད་མི་རིགས་དང་རྒྱ་མི་རིགས་སོ་སོར་རག་ལས་པ་ལས། བཙན་དབང་བྱས་ཏེ་ངེས་པར་དུ་མཉམ་འདུག་བྱ་དགོས་པ་རེད་ཅེས་བཤད་ས་མེད་པ་རེད། དེ་ཡིན་དུས་ང་ཚོ་ཚང་མས་ད་ལྟའི་གནས་སྟངས་ལ་གཟིགས་ནས་ཁེར་རྐྱང་མ་ཡིན་པར་ཐུན་མོང་གི་ཁེ་ཕན་གྱི་ཐོག་ནས་རང་དབང་རྩོད་དགོས་པ་གལ་ཆེན་པོ་རེད། མ་འོངས་པའི་རྒྱ་ནག་དེ་འགྱུར་བ་འགྲོ་རྒྱུ་ཡིན་པ་ཐག་ཆོད་ཚར་རེད་ལ། ད་ལྟའི་ཆར་རྒྱ་ནག་ནང་དུ་བསམ་བློའི་མཐོ་རླབས་མང་པོ་ཞིག་འཕྱུར་བསྡད་ཡོད་པ་རེད། དེ་ག་རེ་རེད་ཅེས་ན། རྒྱ་ནག་མི་མང་ཁྲོད་ཆོས་ལ་དད་པ་བྱེད་མཁན་མང་པོ་ཞིག་ཡོང་གི་ཡོད་པ་དང་། དེའི་ནང་ནས་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་མང་པོ་ཞིག་ཡོང་གི་ཡོད་པ་རེད་ལ། རྒྱ་ནག་ཁྱོན་ཡོངས་སུ་བོད་བརྒྱུད་ནང་བསྟན་དང་ཆོས་ལ་དད་པ་བྱེད་མཁན་མང་རུ་ཕྱིན་པ། ཆོས་ལ་བསམ་བློ་གཏོང་མཁན་མང་པོ་བྱུང་བ་ཡིན་ན། རྒྱ་ནག་ནང་དུ་གནར་གཅོད་དང་སྡུག་བསྔལ་མྱོང་བསྡད་པའི་གྲངས་ཉུང་མི་རིགས་ཁག་ལ་བྱམས་བརྩེ་དང་སྙིང་བརྗེ་འདྲ་མཉམ་དགོས་པའི་བསམ་བློ་གཏང་སྟེ་འགྱུར་བ་འགྲོ་བར་ཏག་ཏག་ཡིད་ཆེས་ཡོད། ད་ལྟའི་ཆར་རྒྱ་ནག་གི་དཔལ་འབྱོར་དེ་ཧ་ཅང་ཡར་རྒྱས་ཕྱིན་ཡོད་པ་རེད་ལ་དེ་བདེན་པ་ཆགས་ཀྱི་ཡོད་པ་རེད། ཡིན་ན་ཡང་། དེ་དང་ཆབས་ཅིག་རྒྱ་ནག་ནང་ལོགས་སུ་སྤྱི་ཚོགས་ཀྱི་གནས་ཚུལ་མང་པོ་ཞིག་ཐོན་ཡོང་གི་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་གིས་རྒྱལ་སྲུང་གི་དངོས་རྫས་ཀྱི་གྲངས་འབོར་ལས་རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་དངོས་རྫས་ཀྱི་གྲངས་འབོར་མང་རུ་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་རྒྱ་ནག་གི་དྲག་གནོན་བྱེད་བཞིན་པའི་སྲིད་བྱུས་མཁྲེགས་པོ་དེ་མ་འོངས་པར་རྒྱུན་རིང་གནས་ཐབས་མེད་པར་འགྱུར་བ་ཞིག་མ་ཐེབས་ཀ་མེད་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་སོང་།

ཁོས་བོད་པ་ཚོས་དབུ་མའི་ལམ་དེ་བོད་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ལ་གལ་ཆེན་ཆགས་ཡོད་པ་དང་། བོད་པ་ཚོས་འཚེ་མེད་ཞི་བའི་ལམ་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་པའི་སྐོར་ལ། སྤྱིར་ད་ལྟའི་ཆར་འཛམ་གླིང་གི་དཀའ་ངལ་མང་ཆེ་བ་ས་མཐོ་ས་དང་རི་མཐོ་སར་གནས་པའི་ས་ཁུལ་ཁག་ཏུ་བྱུང་གི་ཡོད་པ་རེད། དཔེར་ན། ཁམ་བྷོ་ཊེ་ཡཱ་དང་ཝེ་ཐི་ནམ། རྒྱ་གར་དང་བྷང་ལ་དྷེ་ཤི། པ་ཀི་སི་ཐན་དང་རྒྱ་ནག་སོགས་འཛམ་གླིང་གི་ས་ཁྲའི་དབྱིབས་ནས་བལྟས་པ་ཡིན་ན། རི་མཐོ་ས་མཐོའི་ཡུལ་གྲུ་ཁག་ཏུ་དཀའ་ངལ་དེ་བྱུང་གི་ཡོད་དུས། དེ་དག་སེལ་ཐབས་ལ་ནང་ཆོས་ནང་ཡོད་པའི་རྒྱ་གར་གྱི་ལྟ་གྲུབ་སོགས་ཀྱི་ཕན་ཐོགས་ཆེན་པོ་བྱུང་གི་རེད་ལ། དེའི་ནང་དུ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང་། ༧ གོང་ས་མཆོག་གི་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་སོགས་མ་འོངས་པར་བོད་ཙམ་མ་ཟད་འཛམ་གླིང་ཡོངས་པ་ཕན་ཐོགས་ཡོང་གི་རེད། ༧ གོང་ས་མཆོག་གིས་ནམ་རྒྱུན་འཚེ་བ་མེད་པ་མང་པོ་ཞིག་གསུངས་བསྡད་ཡོད་པ་རེད་ལ། སྤྱིར་འཚེ་བ་མེད་པ་ཞེས་པ་དེ་གཞན་ལ་ངོ་རྒོལ་བྱས་པ་དེ་འཚེ་བ་མེད་པ་ཆགས་ཀྱི་ཡོད་པ་རེད་ལ། གཞན་དང་མཉམ་ལས་མ་བྱས་པ་དེ་ཡང་འཚེ་བ་མེད་པ་ཆགས་ཀྱི་ཡོད་པ་རེད། འཚེ་བ་མེད་པའི་ལམ་ཅེས་པར་ལམ་མང་པོ་ཡོད་པ་རེད། ང་རང་ལ་མཚོན་ན། བོད་མི་ཚོས་འཚེ་མེད་ཞི་བའི་ངོ་རྒོལ་གནང་བཞིན་པར་མཉམ་ཞུགས་མང་པོ་གནང་མྱོང་ཡོད་ལ། བོད་མི་ཚོས་རང་བསྲེགས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་གནང་བཞིན་པ་དེ་ཧ་ཅང་རླབས་ཆེན་པོ་དང་། ཧ་ལས་པའི་སྙིང་སྟོབས་ཆེན་པོ་རེད་དེ་ང་ཚོར་ཚུར་རག་པ་དེ་ཙམ་ཞིག་ཡིན་དུས། ང་རང་རྒྱ་རིགས་ཤིག་གི་ངོས་ནས་སེམས་ནང་ཕངས་པོ་བྱུང་སོང་བསམ་པ་ཡོང་གི་འདུག ད་ལྟའི་ཆར་ང་ཚོ་རྒྱ་མི་རིགས་ཡིན་ན་རེད། བོད་པ་ཚོ་ཡིན་ནའང་རེད། ཕྱོགས་གཉིས་ཀྱིས་རང་དབང་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། མ་འོངས་པར་ང་ཚོ་ཕྱོགས་གཉིས་ཀར་ཐུན་མོང་གིས་རང་དབང་ཞིག་རག་པ་ཡིན་ན། དེ་དུས་རྒྱ་མི་རིགས་ཚོས་བོད་པ་ཚོར་ཐུབ་ཚོད་དང་བརྙས་བཅོས་བྱས་ཏེ་བོད་པ་ཚོས་རྒྱ་ནག་ལས་ལོགས་སུ་འགྲོ་ཡི་ཡིན། རང་བཙན་གྱི་ལམ་ཁར་འགྲོ་ཡི་ཡིན་ཞེས་ལམ་ཁ་ག་འདྲ་ཞིག་ལ་འགྲོ་ཡི་ཡོད་ནའང། སྐབས་དེར་བོད་པ་ཚོར་ངའི་ངོས་ནས་རྒྱབ་སྐྱོར་ཡོད། སྤྱིར་ང་ཚོ་མི་ཞིག་ལ་མཚོན་ན། གཉེན་སྒྲིག་བྱེད་པའི་རང་དབང་ཡོད་པ་རེད་ལ་ཁ་ཁ་བྱེད་རྒྱུའི་རང་དབང་ཡོད་པ་རེད། བོད་མི་རིགས་ལ་མཚོན་ན་རང་བཙན་བྱེད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་རེད། ཡིན་ན་ཡང་། ད་ལྟའི་དངོས་ཡོད་གནས་བབ་ལ་བལྟས་ཏེ་ངེས་པར་དུ་རང་དབང་གིས་ལོགས་སུ་བུད་པ་ཡིན་ན་དགེ་མཚན་གང་ཡང་ཡོད་པ་མ་རེད། ཅེས་ཟེར།

མཇུག་ཏུ་མི་ཞིག་གིས་ད་ལྟ་གོང་གི་གཏམ་བཤད་ནང་དུ་བོད་རྒྱ་མི་རིགས་གཉིས་མཉམ་གནས་བྱས་ཏེ་བསྡད་པ་རེད་ཅེས་བརྗོད་སོང་། མཉམ་གནས་ཞེས་པ་དེ་བོད་རྒྱ་མི་རིགས་གཉིས་ཁྱིམ་མཚེས་བྱས་ཏེ་མཉམ་གནས་བྱས་པ་རེད་ཅེས་བཤད་བཞིན་ཡོད་དམ། བོད་རྒྱ་ཁོངས་བྱས་ཏེ་མཉམ་གནས་བྱས་པ་རེད་ཅེས་བརྗོད་བཞིན་ཡོད་དྲིས་པར། བོད་རྒྱ་གཉིས་ལོ་རྒྱུས་ནང་འཆམ་མཐུན་གྱིས་མཉམ་གནས་བྱས་ཡོད་པ་རེད་ལ་མ་འཆམ་པའི་དུས་ཡང་བྱུང་ཡོད་པ་རེད། དེ་ང་རང་གིས་འདས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ཞིག་བཤད་པ་ཡིན། སྔོན་མའི་རྒྱ་ནག་གི་རྒྱལ་ཁབ་ལ་ཕྱིར་བལྟས་བྱས་པ་ཡིན་ན་སྐབས་དེ་དུས་ཀྱི་རྒྱལ་རབས་ཚང་མ་ཆོས་ལ་དད་པ་ཡོད་མཁན་རྐྱང་རྐྱང་ཡིན་པ་དང་། ད་ལྟའི་ཆར་གུང་ཁྲན་ཏང་བསླེབས་པ་དང་ཆོས་དད་མེད་མཁན་རྐྱང་རྐྱང་གི་གཞུང་ཞིག་ཆགས་པ་རེད། དེ་ཡིན་དུས་ཕན་ཚུན་མཉམ་གནས་བྱེད་རྒྱུར་དཀའ་ངལ་བྱུང་བ་རེད། མ་འོངས་པར་རྒྱ་རིགས་མི་མང་གི་སེམས་ནང་ཆོས་དད་སླེབས་པ་ཡིན་ན་མཉམ་དུ་གནས་རྒྱུར་དཀའ་ངལ་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༧ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༨ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 1

  1. Gangchu says:
    ལོ་ 9 སྔོན།

    རྒྱ་རིགས་ཤེས་ཡོན་པ་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན་ཡང་། རྒྱ་ནག་གི་དམ་དྲག་ལ་བརྟེན་ནས་རྒྱ་ནག་ནང་གི་ཤེས་ཡོན་ཅན་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་ཐོས་བྱུང་ཐུབ་ཀྱི་མེད་པ་དང་། ཞེས་གསུང་སྔ་ཕྱི་གཉིས་པོ་འགལ་ཟླར་མཐོང་། ཅི་ལ་ཞེ་ན། རྒྱ་དམར་གྱིས་དམ་དྲག་ལས་དབུ་མའི་ལམ་གྱི་སྲིད་བྱུས་གོ་ཐོས་བྱུང་ཐུབ་ཀྱི་མེད་ན། དེ་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཇི་ལྟར་བྱེད་དམ་སྙམ་པས་རང་ཚིག་སྔ་ཕྱི་གཉིས་པོ་འགལ་བ་ལྟ་བུར་མཐོང་། དེ་མིན་ཁོང་གི་གསུང་བཤད་དེ་ད་ལྟའི་ཆ་ནས་བལྟས་ན་དངོས་ཡོད་གནས་ཚུལ་ལ་བདེན་རྒྱབ་དང་རང་དབང་ལ་གཞི་བཅོལ་ཏེ་གསུངས་པ་ཞིག་ཏུ་མངོན། ལར་ནས་ད་ལྟའི་གནས་བབས་ལ་བསམ་གཞིག་གིས་རང་བཙན་བརྩོད་ཕྱོགས་ལའང་ཁོང་གི་གསུང་བཤད་དེ་ཅུང་དངོས་བདེན་ལ་ཕྱོགས་ཏེ་གསུངས་པའི་ཚོར་བ་བྱུང་། སྤྱིར་༧གོང་ས་མཆོག་གིས་ཀྱང་ང་ཚོར་ད་ལྟའི་གནས་བབ་དང་བསྟུན་ནས་ཁེ་ཕན་བླང་དགོས་པའི་ཆབ་སྲིད་ཀྱི་ལྟ་གྲུབ་རྨ་མེད་པའི་ཐོག་ནས་ཡང་ནས་ཡང་དང་། དུས་ནས་དུས་སུ་གསལ་པོར་གསུངས་ཡོད་ཀྱང་། ལ་ལས་བསམ་བཞིན་མགོ་རྨོངས་འཇུག་པའི་ཟུར་ཟ་དང་ལོག་འགྲེལ་འདྲ་མིན་རྒྱོབ་བཞིན་པ་དེ་དག་ནི་རང་གི་ཁེ་ཕན་ཁོ་ན་སྒྲུབ་ཐབས་ཙམ་ལས་སྤྱི་སྨན་གྱི་བསམ་འཆར་ཞིག་ཏུ་གཏན་ནས་མ་མཐོང་ངོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese