མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མཚུར་ཕུ་བླ་བྲང་གི་གསལ་བསྒྲཊ།

བོད་ཀྱི་དུས་བབ།
༢༠༡༧/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp
སྨན་པས་སློབ་སྟོན་ཞུས་པ་ལྟར་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ནས་ཨ་རིར་བཞུགས་ཡུན་འཕར་འགྱང་གིས་སྐུ་ངལ་གསོ་བཞིན་ཡོད་འདུག 
 
དེ་རིང་མཚུར་ཕུ་བླ་བྲང་ནས་༧དཔལ་རྒྱལ་དབང་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འཇར་མན་ནས་སླར་ཡར་ཨ་རིར་ཕེབས་གནང་མཛད་ཡོད་པའི་སྐོར་ལ་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་ནང་སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་ཞུས་པ་བརྒྱུད་སྨན་པས་སྐུ་ངལ་གསོ་དགོས་པའི་ལམ་སྟོན་ཞུས་པ་ལྟར་ཨ་རིའི་ནང་སྐུ་ངལ་གསོ་བཞིན་ཡོད་སྐོར་གསུངས་འདུག

དེ་ཡང་གསལ་བསྒྲགས་ནང་དུ། ཨ་རིའི་ཁུལ་དུ་ཆིབས་བསྒྱུར་གྲུབ་རྗེས་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་འཇར་མན་དུ་སྐུ་ཁམས་འཕྲོད་བཞེས་བརྟག་དཔྱད་གནང་བར་ཕེབས་ཡོད་ཀྱང་། རིན་པོ་ཆེ་མཆོག་གི་ཞབས་ཕྱི་དགུང་ལོ་ ༨༠ ཡིན་པ་སྒྲུབ་རྣམ་ལགས་ལ་ཨ་རིའི་ནང་གློ་བུར་དུ་སྙུང་གཞི་དྲག་པོ་བཞེས་པར་བརྟེན། ༧རྒྱལ་དབང་ཀརྨ་པ་མཆོག་འཇར་མན་ནས་ཕྱིར་ཨ་རིར་ཕེབས་དགོས་བྱུང་སྟེ། ཨ་རིའི་ནང་སྐུ་གཟུགས་ལ་རྟག་དཔྱད་ཞིབ་ཕྲ་ཞུས་རྗེས། སྨན་པས་གསར་དུ་ཐོན་པའི་འཕྲོད་བསྟེན་གྱི་གནད་དོན་རིགས་སྨན་བཅོས་དང་སྐུལ་ངལ་གསོ་དགོས་པའི་སློབ་སྟོན་ཞུས་པར་བརྟེན། ཨ་རིའི་ནང་བཞུགས་རྒྱུ་ཕར་འགྱང་མཛད་རྒྱུའི་ཐུགས་ཐག་བཅད་ཡོད་སྐོར་གསུངས་འདུག

ཡང་གསལ་བསྒྲགས་ནང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་༧རྒྱལ་དབང་༧ཀརྨ་པ་མཆོག་ཨ་རིར་བཞུགས་རྒྱུ་ཕར་འགྱང་མཛད་པའི་རྒྱུ་མཚན་ལ་དཀྲོག་གཏམ་དང་འཆལ་གཏམ་ཁག་ཅིག་འགྲེམས་སྤེལ་བྱས་པ་དེ་དག་ནི་བདེན་པ་མིན་སྟབས། དེའི་རིགས་ལ་དབུ་འཁོར་གྱི་གཙོས་དད་ལྡན་མི་མང་གིས་དོ་སྣང་མི་གནང་བའི་རེ་སྐུལ་ཡང་གནང་འདུག

༧རྒྱལ་དབང་༧ཀརྨ་པ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༥ ནས་དབུ་འཛུགས་ཀྱིས་དབྱིན་ཡུལ་དང་། ཁེ་ན་ཌ། ཨ་རི། འཇར་མན་བཅས་ཀྱི་ནང་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཡོད་པ་དང་། སྨན་བཅོས་དང་སྐུ་ངལ་གསོ་རྗེས་གང་མགྱོགས་རྒྱ་གར་དུ་ཕྱིར་ཕེབས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་མུ་མཐུད་བསྐྱང་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

མཆན། 5

  1. དོན་གྲུབ་བཟང་པོ། says:
    ལོ་ 5 སྔོན།

    དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་སྐུ་ཚེ་བརྟན་པ་ཤོག་།

    Reply
  2. མགོན་པོ། says:
    ལོ་ 5 སྔོན།

    ཁོང་ནི་ཞལ་ཆེམས་རྫུན་མས་བཟོས་པའི་བླ་མ་རེད་ལ་སྐུ་གོང་མའི་བླ་བྲང་གིས་ངོས་ལེན་མེད། རྒྱ་ནག་གིས་ངོས་འཛིན་བྱས་པའི་བོད་ཀྱི་སྤྲུལ་སྐུ་ཐོག་མ་ཡིན། ་༡༩༩༣ ལོར་རུམ་གཏེགས་གདན་སའི་བླ་བྲང་དང་དབུ་ཆོས་ལས་སྣེ་དེ་བཞིན་གྲྭ་བ་ཚང་མས་ཞལ་ཆེམས་རྫུན་མ་ལ་ངོས་ལེན་མ་བྱས་ཚེ་སུ་ཏུས་བཀོད་ཁྱབ་འོག་ས་གནས་ཉེན་རྟོག་པ་ལ་ལྐོག་བརྔན་སྤྲད་དེ་གྲྭ་དམག་དང་སྐྱ་དམག་དེ་བཞིན་བུ་བུ་མོ་མང་པོ་ཞིག་དགོན་པའི་དབྱར་གནས་ནང་གསོ་སྦྱོང་ཚོགས་བཞིན་པའི་སྐབས་ཡར་འཛུལ་ནས་་གོང་མའི་གཟིམས་ཆུང་བདག་གཉེར་བ་འབྲུག་གྲྭ་བརྫཱ་གུ་རུ་བསད་པ་རེད། དེ་བཞིན་གྲྭ་ཕུར་བ་ཟེར་བ་དེའི་ལག་པ་གཅག ཨ་ཕ་ཚེ་དབང་རྨས་པ་སོགས་ཧ་ལས་པའི་སྦྱོར་རྩུབ་བཟོས་ཡོད། ཁ་ཤས་བཙོན་གཅུག་བཟོས། གྲྭ་སུམ་བརྒྱ་ལྷག་ཅིག་བཙན་གྱིས་ཕྱིར་ཕུད་གཏང་་བ་དེ་ཚོ་ཚང་མ་ཞལ་ཆེམས་རྫུན་མ་ལམ་ལྷོང་གི་ཆེད་ཡིན ཐོབ་དབང་མེད་པའི་མིས་ཐོབ་དང་དབང་དཔལ་འབྱོར་སོགས་རང་གི་ཁེ་ཕན་གྱི་ཆེད་དུ་བཟོས་པ་རེད། ཞལ་ཆེམས་ཡིན་མདོག་གི་་ཡིག་རྫུན་དེ་སྐུ་གོང་མའི་ཞལ་ཆེམས་ཡིན་ཞེས་ ༧འདི་ཕྱིའི་སྐྱབས་གནས་༧ གོང་ས་ཡིད་བཞིན་ནོར་བུ་ལ་རྫུན་གྱིས་དབུ་སྐོར་གཏང་བ་དེ་བསམ་ན་རྗོད་མི་ཕོད་པའི་གནས་མ་ཡིན་ནམ། ད་དུང་༧གོང་ས་མཆོག་གིས་ངོས་འཛིན་གནང་སོང་ཟེར་ནས་རྫུན་གཏམ་འཛམ་གླིང་བསྒྲགས་འདི་༧ གོང་ས་མཆོག་ལ་མ་ཉེས་ཁ་གཡོག་མ་ཡིན་ནམ། དད་དམ་སློབ་འབངས་རྣམས་ལ་རྫུན་གྱིས་བསླུས་པ་འདི་ལས་རྒྱུ་འབྲས་ལ་འཐུས་པ་ཡིན་ནམ། སྤྲུལ་སྐུའི་ངོས་འཛིན་གྱི་རྒྱུད་རིམ་ཁྲོད་བྱུང་མྱོང་མེད་པའི་མི་བསད་དང་། གཡོ་སྒྱུ་དང་། རྫུན་སོགས་ཡ་ང་བའི་བྱ་སྤྱོད་འདི་་དག་སྤེལ་་དོན་ཅི་ཡིན། ནང་བཀྲ་མི་ཤིས་ན་ཕྱི་དོན་མི་འགྲུབ་ཞེས་པ་ལྟར་ནང་ལོག་གི་དཀྲུགས་ཤིང་དེ་ཚོ་ལ་རེ་བ་མེད་ལ་ཡིད་ཆེས་དེ་བས་མེད།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 5 སྔོན།

    ཐུགས་རྗེ་ཆེ་བཀྲིན་ཆེ་བློ་བདེ་སོང་སྐུ་ཚེ་རིང་།

    Reply
  4. ཀུན་དགའ་སྒྲོལ་མ། says:
    ལོ་ 5 སྔོན།

    ༧རྒྱལ་དབང་ཀརྨ་པ་མཆོག་ནི་བོད་ཀྱི་ན་གཞོན་བླ་ཆེན་རྣམ་པའི་གྲས་ནས་ཡིད་ཆེས་དང་རེ་བ། དད་གུས་ཆེ་ཤོས་ཤིག་ཡིན་སྟབས། ཁོང་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པ་ནི་བོད་མི་རིགས་ཀྱི་བསོད་ནམས་དང་། མ་འོངས་པའི་རེ་བ་ཉག་ཅིག་ཡིན་པས་ལག་གཉིས་ཐལ་མོ་སྦྱར་ཏེ་སྐུ་ཁམས་དྭངས་གསལ་ཡོང་བའི་གསོལ་འདེབས་ཞུ།

    Reply
  5. མགོན་པོ། says:
    ལོ་ 5 སྔོན།

    དེ་བདེན་པ་མིན་པ་གཏན་ཁེལ་རེད་གནས་ཚུལ་གཞན་ཅིག་ལྷག་ཡོད་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist