མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་དྲག་གསར་པའི་རུལ་སུངས་ཀྱི་གཟུགས་བརྙན་ཕྱིར་མངོན་པ།

བོད་ཀྱི་དུས་བབ།
༢༠༡༧/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཇོ་བསོད་ནམས་སྟོབས་རྒྱལ།

ཉེ་ཆར་བཀའ་ཤག་གིས་གློ་བུར་དུ་ཨ་རིའི་དོན་གཅོད་གསར་པ་བསྐོ་གཞག་བྱས་པའི་བཀའ་རྒྱ་ཞིག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་སྤེལ། དོན་གཅོད་ལས་ཐོགས་པ་འཕོ་འགྱུར་ཇི་ལྟར་བྱུང་བའི་རྒྱུད་རིམ་རྣམས་གསང་བ་ཆེ་མདོག་གིས་ཚིག་གཅིག་མ་བཤད་པ་རེད། གསར་འགོད་པ་ཚང་མ་བཀའ་ཤག་གི་སྒོ་འགྲམ་དུ་རུབ་ནས་སྲིད་སྐྱོང་དང་། འབྲེལ་ཡོད་བཀའ་བློན་གཞན་ཁག བཀའ་དྲུང་སོགས་ལ་བཀའ་འདྲི་ག་ཚོད་ཞུས་ཀྱང་བཀའ་ལན་མ་གནང་བར་དེ་ལས་ཀྱང་གསང་བ་ཆེ་མདོག་བྱས་པ་རེད། ནང་དོན་གང་ཞིག་ཡིན་མིན་ལ་མ་ལྟོས་པར་མཐོ་རིམ་ལས་གནས་འཕོ་འགྱུར་གཏོང་སྟངས་ཀྱི་རྣམ་འགྱུར་འདིར་གཞིགས་ན་ནང་ཁུལ་དབང་ཆའི་འཐབ་རྩོད་ཆེན་པོ་ཞིག་འགྲོ་གི་ཡོད་པ་གསལ་པོ་རེད། རྒྱུད་རིམ་འདིའི་ངོ་གདོང་ལ་ལྟ་སྐབས་གསར་འགོད་པའི་པར་ཆས་ཀྱི་མདུན་དུ་མངོན་པ་ནི་བྱང་ཀོ་རི་ཡའི་མཐོ་རིམ་དཔོན་རིགས་བསྐོ་འཐེན་བྱེད་སྟངས་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཁག་གི་དབང་ཆའི་འཐབ་རྩོད་ཀྱི་རྣམ་འགྱུར་དང་ཕྱོགས་ཀུན་ནས་མཚུངས་པའི་གཟུགས་བརྙན་ཞིག་ཤར་བ་རེད། སྐྱབས་བཅོལ་བའི་སྤྱི་ཚོགས་གཞན་ལ་མེད་པའི་དབུ་ཁྲིད་ཅིག་གི་ངལ་རྩོལ་དང་། གཞིས་ལུས་མི་དམངས་མང་པོའི་ཚེ་སྲོག་ལས་གྲུབ་པའི་སྐྱབས་བཅོལ་བའི་སྤྱི་ཚོགས་སྐྱིད་པོ་འདིའི་ནང་། རུལ་སུངས་ཀྱི་དྲི་ངན་འདི་འདྲ་ཁྱབ་ཡོང་གི་ཡོད་ན་བོད་མི་རིགས་ཀྱི་རྩ་དོན་ཟེར་བ་དེ་ཚོ་མཐོ་རིམ་དཔོན་རིགས་ཀྱི་མ་རྩར་གྱུར་ཟིན་པ་གསལ་པོ་རེད། གནས་ཚུལ་འདིས་རྐྱེན་བྱས་ཏེ་སླར་ཡང་ང་ཚོའི་སྤྱི་ཚོགས་ཟང་ཟིང་དུ་གྱུར་ཅིང་། མཐོ་རིམ་སྐུ་དྲག་གསར་པའི་དཔོན་རིགས་ཚོས་ཆིག་སྒྲིལ་ཁ་ན་ན་བཤད་པ་དེ་ཚོའི་གདོང་རིས་དམར་རྗེན་དུ་ཐོན་པ་རེད།

སྲིད་སྐྱོང་སྐབས་གཉིས་པའི་བཀའ་ཤག་གི་ལས་ཡུན་འགོ་ཚུགས་པ་དང་ལྷན་དུ་མཐོ་རིམ་དཔོན་རིགས་ཀྱི་ཞབས་སྟེགས་ལ་འཕོ་འགྱུར་འགྲོ་འགོ་ཚུགས། བཀའ་བློན་དང་དོན་གཅོད་སོགས་གསར་བསྐོ་བྱེད་པ་དེ་ནི་སྲིད་གཞུང་གསར་པའི་འགྲོ་སྟངས་རེད། ཨ་རིའི་དོན་གཅོད་དང་ལྡི་ལི་དོན་གཅོད་སོགས་གནད་ཡོད་ཀྱི་དོན་ཁང་གང་ཞིག་ཡིན་ནའང་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་བེད་སྤྱོད་མ་བྱས་ན་ནུས་མེད་དམ་གནས་ཡུལ་རྒྱལ་ཁབ་ཀྱིས་ངོས་ལེན་བྱེད་མ་ཐུབ་པའི་གནས་སྟངས་ཤིག་ཏུ་འགྱུར་འགྲོ་གི་ཡོད་པ་རེད། བོད་གཞུང་གི་དོན་ཁང་གང་ཞིག་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་གཡར་པོ་ངེས་པར་དུ་ཞུ་དགོས་ན་དེར་༸གོང་ས་མཆོག་ནས་དགོངས་བཞེས་ངེས་པར་གནང་གི་ཡོད་ནའང་༸གོང་ས་ཆེན་པོའི་མཚན་གནས་བེད་སྤྱོད་ཀྱི་བདག་ཐོབ་སྤྲོད་སའི་གང་ཟག་དེས་མཚན་གནས་གང་བྱུང་དུ་བེད་སྤྱོད་བཏང་ནས་མཚན་ཤས་བཟོས་ན་དེ་དག་༸གོང་ས་ཆེན་པོའི་མཚན་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་པས་ངེས་པར་དུ་གཟབ་ནན་གནང་དགོས་ཀྱི་ཡོད་པ་རེད། བཀའ་ཤག་སྐབས་སྔོན་མའི་ཨ་རིའི་དོན་གཅོད་སྐལ་རྡོར་གྱིས་༸གོང་ས་ཆེན་པོའི་མཚན་གནས་གང་བྱུང་བེད་སྤྱོད་བཏང་ནས་སྤྱི་ཚོགས་ནང་མཐོང་ཕྱོགས་བཟོས་པ་གསལ་པོར་གྱུར་པས་༸གོང་ས་མཆོག་ནས་ཀྱང་བཀའ་ཕེབས་དགོས་པ་དེ་འདྲ་བྱུང་བ་རེད། དེར་བརྟེན་བཀའ་ཤག་འཕོ་འགྱུར་གྱི་མཚམས་དེར་དོན་གཅོད་ཁག་ཀྱང་འཕོ་འགྱུར་གཏོང་གི་ཡོད་སྟབས་དགའ་ལྡན་ཕོ་བྲང་ནས་དེར་ཐུགས་སྣང་མ་གནང་ཐབས་མེད་བྱུང་བ་རེད།

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དེ་སྔོན་ནས་ཨ་རིའི་དོན་གཅོད་ལ་ཐེངས་གཅིག་བསྐོས་ཟིན་པ་རེད། དེ་ནི་ཁོང་རང་གིས་བཀའ་བློན་ལས་ཡུན་རྫོགས་རྗེས་ཨ་རིའི་དོན་གཅོད་ཡིན་སྐོར་ལས་ཁུངས་ནང་བཤད་ནས་ལས་ཁུངས་ནས་ཁོང་ཕེབས་སྐྱེལ་གྱི་གསོལ་སྟོན་ཡང་བཤམས་ཟིན་པ་རེད། དེའི་སྐབས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་ཀྱང་རང་ཉིད་ལྡི་ལི་དོན་གཅོད་ཡིན་ཟེར་ནས་ནང་ཆས་འགའ་ཤས་ཀྱང་ལྡི་ལི་དོན་གཅོད་ལ་བཏང་ཟིན་པ་ལྡི་དོན་ལས་བྱེད་མང་པོས་ཤེས་ཀྱི་ཡོད་པ་རེད། དངོས་གྲུབ་ཚེ་རིང་དང་རྒྱ་རི་སྒྲོལ་མ་གཉིས་ནི་སྲིད་སྐྱོང་བློ་སེང་གི་འོས་ཤོག་ལ་རྒྱབ་སྐྱོར་བྱེད་མཁན་འོས་བསྡུའི་གར་སྟེགས་ཐོག་དངོས་སུ་འཐོན་མཁན་གྱི་མཐོ་རིམ་མི་སྣ་གཉིས་རེད། ཁོང་གཉིས་ལ་དོན་ཁང་རེ་རེའི་ཞབས་སྟེབས་ཕུལ་བ་དེ་ནི་ཆབ་སྲིད་ཀྱི་འཁྲབ་ཚན་ཞིག་ཡིན་པས་དེའི་ཐད་དགའ་ལྡན་ཕོ་བྲང་འགན་འཛིན་ལྷན་ཚོགས་ནས་ཐུགས་གནང་མ་གནང་ཐབས་མེད་དུ་གྱུར་པ་གསལ་པོ་རེད། དེས་ན་སྲིད་སྐྱོང་ལ་གདམས་ཀ་གཉིས་ཡོད་པ་རེད། གཅིག དགའ་ལྡན་ཕོ་བྲང་ལ་གོ་བསྡུར་མི་དགོས་པར་རང་འདོད་ལྟར་སྲིད་སྐྱོང་གི་སྐུ་དབང་ཐོག་ནས་གོང་གསལ་གནད་ཡོད་དོན་ཁང་གཉིས་ལ་རང་གི་ཕྱོགས་གཏོགས་མི་སྣ་ཐད་བསྐོས་བྱེད་དགོས་ན་༸གོང་ས་ཆེན་པོའི་མཚན་གནས་མི་དགོས་པར་རང་རྐྱ་འཕེར་བ་དགོས་ཤིང་། གལ་ཏེ་༸གོང་ས་མཆོག་གི་མཚན་གནས་གཡར་པོ་ཞུ་དགོས་ན་དགའ་ལྡན་ཕོ་བྲང་ལ་གོ་བསྡུར་ངེས་པར་དགོས་པ་རེད། བཀའ་ཤག་གིས་དང་པོ་༸གོང་ས་མཆོག་གི་མཚན་གནས་མི་དགོས་པར་རང་རྐྱ་ཐུབ་པའི་དོན་གཅོད་ཁང་ཞིག་འཛུགས་ཐབས་ལ་ཚོད་ལྟ་བྱས་པ་རེད། དེ་མཚམས་དགའ་ལྡན་ཕོ་བྲང་ནས་ཨ་རི་དང་། ཡོ་རོབ། ལྡི་ལི་བཅས་སོ་སོར་སྐུ་ཚབ་ལོགས་སུ་བསྐོ་རྒྱུའི་སྐད་ཆ་བྱུང་མཚམས་སུ་ས་གནས་སོ་སོའི་གཞུང་སྒེར་གྱི་མཐོ་རིམ་སྒྲིགས་འཛུགས་དང་མི་སྒེར་ཚང་མས་དེར་ཐུགས་སྣང་གནང་པར་བརྟེན་གཞུང་གི་དོན་གཅོད་རང་རྐྱ་འཕེར་ཐབས་མེད་པ་གསལ་པོ་ཆགས་མཚམས་ལྡི་ལི་དང་ཨ་རིའི་དོན་གཅོད་གསར་བསྐོའི་བཀའ་རྒྱ་ཕྱིར་བསྡུ་བྱས་ཏེ་གཞི་ནས་དགའ་ལྡན་ཕོ་བྲང་ལ་གོ་བསྡུར་ཞུས་པ་རེད། དགའ་ལྡན་ཕོ་བྲང་དང་གོ་བསྡུར་རིམ་པར་བྱས་མཐར་ལྡི་ལི་དོན་གཅོད་དུ་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་། ཨ་རིའི་དོན་གཅོད་ལ་ཚོགས་ཟུར་སྤེན་པ་ཚེ་རིང་གཉིས་ཐུན་མོང་ཐག་གཅོད་ཀྱིས་བསྐོས་པ་རེད།

བཙན་བྱོལ་བོད་མིའི་མཐོ་རིམ་སྐུ་དྲག་གསར་པ་ཚོས་ཨ་རི་སྟོབས་ཆེན་རྒྱལ་ཁབ་དེ་བཞིན་རང་ཉིད་ཀྱི་ནང་མི་དང་བཅས་པའི་ཕུགས་བསམ་གྱི་གཏན་གཞིའི་ས་ཁུལ་ཞིག་ཏུ་བཟོོ་རྩིས་ཡོད་ན་རང་གི་ལས་ཡུན་ནང་དེ་དང་འབྲེལ་བའི་མཐོ་རིམ་རྐུབ་སྟེགས་སྟེང་དུ་རང་རང་སོ་སོའི་གདོང་བསྐྱོད་དམག་དཔོན་རེ་འཇོག་དགོས་པ་རུལ་སུངས་ཀྱི་དགོས་མཁོ་གལ་ཆེ་ཤོས་ཤིག་རེད། སྲིད་སྐྱོང་གིས་རང་ཉིད་ཀྱི་བསམ་འདུན་འགྲུབ་ཕྱིར་བར་སྐབས་ནས་སྲིད་སྟེགས་ཀྱི་འཁྲབ་ཚན་མང་དག་ཅིག་འཁྲབ་ཡོད་པའི་སྐད་ཆ་གོ་རྒྱུ་ཡོད། ཕྱོགས་གཅིག་ནས་གལ་ཆེའི་མི་སྣ་གཞན་ཞིག་གིས་སྣེ་ཁྲིད་དང་སློབ་སྟོན་འོག་དགའ་ལྡན་ཕོ་བྲང་དང་༸གོང་ས་ཆེན་པོར་མཚན་སྨད་དང་ཟུར་ཟ་བྱེད་མཁན་གྱི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས་ལས་འགུལ་སྤེལ་བ་དང་། རང་ཉིད་ཀྱིས་སྣེ་འཁྲིད་པའི་དཔུང་ཁག་གཞན་ཞིག་མདུན་དུ་ཐོན་ནས་དེ་དག་ལ་འགོག་རྒོལ་བྱེད་ཁུལ་བྱས་ནས་དགའ་ལྡན་ཕོ་བྲང་དང་༸གོང་ས་ཆེན་པོའི་མཚན་མཐོང་གཟིགས་པ་ཐོབ་ཐབས་གནང་གི་ཡོད་སྐོར་ཤོད་ཀྱི་ཡོད་པ་རེད། འདི་ནི་མཐོ་རིམ་སྤྱི་ཚོགས་ནང་ཁྱབ་བཞིན་པའི་སྐད་ཆའི་གཟུགས་བརྙན་ཞིག་རེད། དེ་ལྟར་ན་སྲིད་སྐྱོང་གི་ཞི་དྲག་གཉིས་ཀྱི་དཔུང་ཁག་སོ་སོའི་ནུས་སྟོབས་ཀྱི་གཟིལ་ཤུགས་དེས་དགའ་ལྡན་ཕོ་བྲང་གི་སྐུ་ངོ་རྣམ་པ་ཉམ་ཆུང་དུ་གྱུར་པ་འདྲ། དཔེར་ན་ཉེ་ཆར་གྲོས་ཚོགས་ནང་བཀའ་བརྒྱུད་སྤྱི་འཐུས་ཀྱིས་དགའ་ལྡན་ཕོ་བྲང་ལ་རྙོན་འཛུགས་བྱས་པ་དང་། སྲིད་སྐྱོང་གིས་དགའ་ལྡན་ཕོ་བྲང་ལ་ཞལ་པར་ཕུལ་བ་ལྟ་བུ་ནི་འཁྲབ་ཚན་དེའི་ཆ་ཤས་ཡིན་སྲིད།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་བར་གྱི་ལོ་གཅིག་དང་ཟླ་བ་ཁ་ཤས་ཀྱི་ནང་ཐབས་ཤེས་སྣ་དགུ་བེད་སྤྱད་ནས་༸གོང་ས་མཆོག་གི་གཟིགས་པ་ཐོབ་པ་དེ་ཚོར་བརྟེན་ནས་ལམ་སེང་ཨ་རིའི་དོན་གཅོད་འཕོ་འགྱུར་གཏོང་རྒྱུར་བེད་སྤྱོད་བཏང་བ་རེད། ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་མི་ཡག་སྡུག་ག་རེ་ཡིན་པ་དང་། ཁོ་པ་ངེས་པར་དུ་ཨ་རིའི་དོན་གཅོད་ལ་འཇོག་དགོས་མིན་སོགས་ནི་སྐབས་འདིའི་གླེང་བྱ་མིན། འདིར་གླེང་བར་བྱ་བ་ནི་འཆི་གསོན་གྱི་ས་མཚམས་སུ་སླེབས་ཟིན་པའི་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་གི་དབང་ཆ་འཐབ་རྩོད་ཀྱི་རུལ་སུངས་གསལ་བཏོན་བྱེད་རྒྱུ་དེ་ཡིན། ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ཐད་འདི་ཟླའི་ཚེས་དགུ་ཉིན་བཀའ་ཤག་ནས་གསལ་བཤད་ཅིག་གནང་ཡོད་ཀྱང་དེས་གསལ་པོ་གང་ཡང་ཆགས་ཐུབ་མེད་པ་རེད། ད་སྔ་དུས་འཁོར་དབང་ཆེན་གྱི་གླེང་སློང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་དོན་གནད་ལས་གཡོལ་ཕྱིར་ཕྱོགས་ཕེབས་གནང་བ་བཞིན། ད་ཐེངས་སླར་ཡང་ཕྱོགས་ཕེབས་གནང་བ་དང། ཁོང་གི་གདོང་བསྐྱོད་དམག་དཔོན་གཉིས་པ་ཆོས་རིག་བཀའ་བློན་གྱིས་བསྐྱར་དུ་སྲིད་ཚབ་གནང་བ་རེད། དོན་གནད་གང་སར་མིག་ཆུ་བཏང་ནས་གཞན་གྱི་སྙིང་རྗེ་དང་བྱམས་སྐྱོང་འཐོབ་ཐབས་བྱས་ཏེ་རང་དོན་སྒྲུབ་མཁན་གྱི་མཐོ་རིམ་མི་སྣ་ང་ཚོའི་སྤྱི་ཚོགས་ནང་ཉུང་ཉུང་མིན་པ་ལྟར་ཁོང་ཡང་དེའི་ཁྲོད་ཀྱི་གཅིག་རེད། ད་རེས་ཀྱང་བཀའ་བློན་མཆོག་གི་རྣམ་འགྱུར་སྐྱོ་པོ་ཞིག་བསྟན་ནས་བྱ་སྤུ་གནོན་གྱི་སྒྲིག་འཛུགས་འགྲོ་སྟངས་ཤིག་བཤད་ནས་ཁུངས་འཁྱོལ་ཐབས་ཙམ་བྱས་པ་དེས་མང་ཚོགས་ནང་ཟང་ཟིང་དུ་མི་འགྱུར་བར་ཁྲིད་སྟོན་གང་ཡང་གནང་ཐུབ་མེད་པ་མ་ཟད། ད་དུང་དེ་ལས་ལྷག་པའི་གོ་འཛོལ་ཡོང་གཞིའི་སྒོ་འཕར་ཕྱེས་ཡོད་པ་རེད། འདི་ལྟར་གཞིས་ལུས་བོད་མིའི་ཚེ་སྲོག་མ་རྩར་བཞག་པའི་ཆབ་སྲིད་ཀྱི་གར་སྟེགས་སྟེང་གི་དབང་ཆ་འཐབ་རྩོད་ཀྱི་སྐྱོ་གར་འདིའི་ཁྲོད་དུ་མཐོ་རིམ་སྐུ་དྲག་གསར་པའི་དཔོན་རིགས་ཀྱི་ཡ་ང་བའི་རུལ་སུངས་མངོན་གསལ་དུ་ཐོན་ཡོད།། །།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༦ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 25

  1. དོན་འགྲུབ་བཀྲ་ཤིས says:
    ལོ་ 8 སྔོན།

    མི་མང་བོ་ཞིག་གིས་ག་དུས་ཡིན་ན་ཡང་གཞན་ལ་སྐྱོན་བརྗོད་ཀྱི་མཛུབ་མོ་གཅིག་ཕར་ལ་བཙུགས་ན་མཛུབ་མོ་བཞི་ཚུར་ལ་འཁོར་བ་དེ་བློ་ལ་ཤར་གི་མེད་ཙང་ནོངས་འགྱོད་ཀྱི་ནོར་འཁྲུལ་རྟག་པར་བཟོ་གི་ཡོད་པ་རེད།
    མ་གཞི་དྲ་ཐོག་གི་ཁ་རྩོད་ཆུང་ཆུང་དེ་ཚོ་ཡིད་ལ་སེམས་ནད་འཛིན་རྒྱུ་དང་། སྙིང་རླུང་སྟོད་ལ་ཚངས་རྒྱུའི་ཚོར་བ་ཞིག་ཡོང་རིན་ཡོད་ཚོད་མི་འདུག་མོད།
    ལ་ལ་ཞིག་ནི་རྒྱུན་གཏན་ནས་གོམས་གཤིས་དང་དགའ་ཕྱོགས་མ་འདྲ་བའི་དབང་གིས་གཞན་དག་ལ་མཛུབ་མོ་བཙུགས་ན་སེམས་སྐྱིད་པ་འབྱུང་ཞིང་། རང་ཉིད་ལ་མཛུབ་མོ་བཙུགས་ན་རང་སེམས་མི་སྐྱིད་པ་ངོ་མ་འབྱུང་གི་ཡོད་པ་རེད།
    དྲ་ཐོག་གི་སྐད་ཆ་ཚང་མ་ནི་ངས་བལྟས་ན་བློ་སྐྱེད་ལེན་ས་ཞིག་དང་།སློང་སྦྱོང་བྱེད་ས་ཞིག ཉམས་མྱོང་ལེན་ས་ཞིག་ཡིན་པ་ལས་སེམས་ཚོར་དྲག་པོས་ཕན་ཚུན་དགྲ་གཉེན་འཛིན་ས་ཞིག་མ་རེད།

    Reply
  2. ཤར་མདའ། says:
    ལོ་ 8 སྔོན།

    གོང་ནས་བོད་ལགས་ཀྱི་གསུང་བ་ལ་ཡི་རིང་ཡོད་བདེན་པ་རེད། ད་དུང་གསལ་བོ་ཞིག་མ་ཆག་པར་སྐད་ཆ་གང་བྱུང་བཤད་ནས་ཕན་པ་ཡོད་པ་མ་རེད་ལ་དགེ་མཚན་དེ་བས་དབེན། གང་ལྟར་བཀའ་ཤག་ལྷན་རྒྱས་ནས་རྒྱུ་མཚན་གནས་ལུགས་དང་ལྡན་པའི་ཐོག་ནས་གསལ་བཤད་གནང་ནས་སྤྱི་ཚོགས་ཐོག་ལབ་གླེང་མེད་པ་ཞིག་དང་དགྲ་དགའ་གཉེན་སྡུག་གི་ལས་སུ་མི་འགྲོ་བ་གནང་དགོས་པ་གལ་ཆེན་རེད།

    Reply
  3. བོད། says:
    ལོ་ 8 སྔོན།

    འཆལ་གཏམ་མ་སྤེལ་རོགས། རྣམ་དཔྱོད་དང་ལྡན་པའི་བོད་རིགས་ཤིག་དང་མི་རིགས་ཤིག་ཡིན་ན་ངེས་པར་དུ་གཞན་གྱིས་གང་ཟེར་རྗེས་ལ་མ་འགྲོ་བར་ངང་རྒྱུད་རིང་ཙམ་གནང་སྟེ་བརྟག་ཅིང་དཔྱད་པ་གནང་རོགས།

    Reply
  4. ཤར་མདའ། says:
    ལོ་ 8 སྔོན།

    དོན་ངོ་མ་བཤད་ན་གནས་ཚུལ་འདི་གསལ་བོ་བཟོ་མཁན་བཀའ་ཤག་ལྷན་རྒྱས་ནང་ཐག་གཅོད་གནང་པ་ཡིན་ན་ངེས་པར་གསལ་བོ་གསལ་རྐྱང་བཟོ་དགོས་པ་ལས་འདི་འདྲ་སྤྱི་ཚོགས་ནང་ལབ་གླེང་བྱས་ན་དགྲ་དགའ་གཉེན་སྡུག་གི་ལས་སུ་མི་འགྲོ་བའི་ངེས་པ་མེད་ཙང་རྣམ་པ་ཚོས་གསལ་བོ་བཟོ་དགོས་པ་གལ་ཆེན་ནང་གི་དོན་ཆེན་མཐོང་།

    Reply
  5. ངག་དབང་བསམ་གཏན་ says:
    ལོ་ 8 སྔོན།

    ༧རྒྱལ་བ་དོན་གྱི་བདག་པོའི་ལྷ་མིག་བརྩེ་གཟིགས་ཀྱིས་བསྐྱངས་དང་སྐྱོང་བཞིན་པ་ཡོད་པའི་ཁར།བཀའ་ཤག་ནང་ལའང་དཔལ་ལྡན་སྲིད་སྐྱོང་གཙོས་གཞན་ཡང་གཞུང་ཞབས་ཕྱི་ནང་ག་སར་མཁྱེན་མྱོང་ལྡན་པའི་ལས་ཀྱི་སྣེ་མོ་བ་མང་དག་ཅིག་ཡོད་དུས། ཁོང་རྣམ་པའི་བཀའ་གྲོས་ཐོག་ནས་རྟོག་ཞིབ་གནང་མཐར་ཐག་གཅོད་གནང་བར་སྒེར་དོན་ངོ་དགའ་དང་། བོད་སྤྱིའི་ཕུགས་བསམ་མེད་པའི་དགྲ་ཕྱོགས་དགའ་དགོས་པའི་བྱ་གཞག་ལ་ལས་མེད་དུས་གཏོང་དང་། དགྲ་དགའ་གཉེན་སྡུག་གི་ནང་མཚང་དྲུས་ནས་ཕན་མེད་དུ་དགོངས་ནས་ཅང་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ལ་བསྙོན་གཏུག་བྱས་ནས་ཕུ་མདའ་དཀྲུག་པ་དང་གཅིག གནད་འགག་མ་ཤེས་བཞིན་ཁྱབ་འབྱམས་སུ་སྨྲ་ཤེས་པའི་ལྕེ་བདེ་ངོམ་པ་དང་གཉིས། རྟིང་དོན་མི་མངའ་བའི་ཡིག་རིགས་དྲ་ཐོག་དང་། ཚགས་ཤོག་སོགས་གསར་འགྱུར་བརྒྱུད་ལམ་ཐོག་ནས་འཁྱམ་ཁྱིའི་ཀུ་ཅོ་འདོན་པ་ལྟར་ཕྱོགས་མཐའ་གང་ལ་ཇི་གནོད་ཀྱི་བསམ་ཤེས་རྩ་སྟོར་གྱིས་འུར་སྒྲོག་འུར་སྤེལ་གང་ཐུབ་བྱེད་མཁན་དང་གསུམ་གྱི་ཐོག་ལ་བོད་མི་རྣམས་གཟབ་གཟབ་བྱེད་དགོས་སོ། དེ་རིགས་ནི་༧རྒྱལ་བ་དོན་གྱི་བདག་པོ་ལ། ཁ་ཙམ་གྱིས་ཐམས་ཅད་མཁྱེན་པ་བརྩི་མཁན། མགོན་པོ་མཆོག་གྱིས་ང་ཡོད་དུས་སྲིད་སྐྱོང་གི་མ་འགྲིག་ན་ཤ་གཅུས་རྒྱབ་ཀྱི་ཡིན་ད་ཞེས་རྟག་ཏུ་ཐུགས་བརྩེ་བས་གཟིགས་ཞིབ་དང་ལམ་སྟོན་གནང་བ་ལའང་སོམ་ཉི་ཐེ་ཚོམ་དོགས་པས་འབག་པའི་སེམས་རྒྱུད་ཀྱིས་གང་དྲན་གང་བྱུང་གིས་ཆོལ་ཁ་ལུང་ཚན་དཀྲུག་གཞིར་འགྱུར་ཉེན་ཡོད་པའི་གཏམ་འཆལ་རིགས་སྤེལ་གང་ཐུབ་ཀྱིས་༧རྒྱལ་བ་དོན་གྱི་བདག་པོ་འཚོ་བཞུགས་སྐབས་སེམས་ཚོར་མེད་པར་རྒྱལ་བའི་ལྷ་དགོངས་དཀྲུག་པར་རྩོམ་པ་རྣམས་ལ་དོགས་གཟོན་བྱ་དགོས་སོ།།

    འཆད་རྩོད་རྩོམ་པའི་ལག་ཆ་ལྡན་ཡོད་ན་ཡང་།
    མཁས་བཙུན་བཟང་བའི་རྣམ་དཔྱོད་མི་ལྡན་ན།
    ཐོས་བསམ་སྒོམ་པའི་རྟོགས་ལྡན་ངས་མི་བརྩི།
    དྲ་ལམ་གླེང་སྟེགས་ནང་གི་ནད་འབུ་ཡིན་ལགས།།

    Reply
  6. བོད། says:
    ལོ་ 8 སྔོན།

    གཞན་ལ་ཕན་མ་ཐོགས་ཀྱང་གནོད་པ་མ་བྱེད་ཅིག
    སོ་སོའི་གཞུང་དང་དབུ་འཁྲིད་ལ་ཕན་མ་ཐོགས་ཀྱང་གནོད་པ་མ་བྱེད་ཅིག
    སྲང་ལམ་གྱི་ཁྱི་རྒན་ནང་བཞིན་མ་བྱེད་པར་རིག་པ་སྒྲིམ།
    དོན་དངོས་དཔྱད་པ་མ་ཐལ་བ་བགྱིས་ཤིག་ཨང།

    Reply
  7. གངས་དཀར་སྨན་ཤོད། says:
    ལོ་ 8 སྔོན།

    དམར་པོའི་སྲིད་གཞུང་ཡིན་ན་མ་གཏོགས་གོ་ལ་འདིའི་ནང་འཕོ་འགྱུར་མེད་པའི་ལས་གནས་དང་གཞུང་ཞིག་ག་ན་འདུག ཨ་ཇོ་བསོད་ནམས་སྟོབས་རྒྱལ་ཟེར་བ་འདིས་སྲང་ལམ་གྱི་ཚིག་འཁྱམ་ཁ་ཤས་འཁྱེར་ཡོང་ནས་དཔྱད་བརྗོད་ཡིན་མདོག་གིས་སྤྱི་ཚོགས་དཀྲུག་གང་ཐུབ་བྱས་འདུག སྤེན་པ་ཚེ་རིང་གིས་སྲིད་སྐྱོང་གི་དགོངས་པ་ལྟར་ལས་དོན་མི་སྒྲུབ་པ་དང་བཀའ་ལ་མ་བརྩི་བཞིན་དུ་དེ་མུར་སྣང་མེད་བསྐྱུར་འཇོག་གིས་སྲིད་སྐྱོང་རང་ཉིད་གཙང་མ་དང་སྤྱི་ཚོགས་ནང་ལབ་གླེང་མི་ཡོང་བ་ཞིག་བྱེད་ཐུབ་ཀྱང་། དེ་ལྟར་བྱས་མེད། འགོ་ཁྲིད་སུ་དང་སུ་ཡིན་རུང་རང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ལས་རོགས་དགོས་པ་རེད། དེ་སྔ་ཟམ་གདོང་བླ་མས་བཀའ་ཁྲི་གནང་སྐབས་ཀྱང་རང་ལ་ལགས་སོ་ཞུ་མཁན་གྱི་བཀའ་བློན་ཤ་སྟག་བདམས་ཡོད། མ་རེད་པས།

    Reply
  8. པ་སངས་བསམ་གྲུབ། says:
    ལོ་ 8 སྔོན།

    ཨ་ཧོ། མི་ལ་བཟང་སྤྱོད་དང་། ངོ་ཚ། ཁྲེལ་གཞུང་མེད་ན་རྫུན་གཅིག་རྗེས་གཉིས་མཐུད་ཡོང་ངེས་རེད། བློ་སེང་ཡང་གཞི་རྩའི་མི་ཆུང་ཆུང་ཞིག་རེད། ཁོ་མི་ཆེན་པོ་བསམ་བློ་ཆེན་པོ་ཡོད་མཁན་དེ་འདྲ་མ་རེད། ད་དུང་ང་ཚོའི་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་ཁྱེར་ཡོང་ཉེན་འདུག འདི་མདོ་དབུས་ཁམས་གསུམ་གྱི་རྙོག་དྲ་རྩ་བ་ནས་མ་རེད། བློ་སེང་རང་གི་ཨ་ཕྲུག་འདི་ག་རྒྱ་གར་དང་ཨ་རི་ལ་ཡོད་སྲིད། ཡིན་ན་ཡང་ད་ལན་གནས་ཚུལ་འདི་སྐབས་འཚོལ་རིང་ལུགས་ཀྱི་འཁྲབ་སྟོན་ཞིག་རེད། སྐབས་འཚོལ་བ་བློ་སེང་གི་བྱ་ངན་ལ་གསར་འགོད་གསལ་བསྒྲགས་གནང་མཁན་བཀའ་བློན་ཀ་དགེ་གཡུ་ཐོག་དང་། ཨ་རི་སྤེན་ཚེ་ལགས་ཀྱི་ངོ་ཚབ་འགྲོ་མི་དངོས་གྲུབ་ཚེ་རིང་གི་འཁྲུངས་ཡུལ་སྐྱེས་ཁུངས་ལས་ཤེས་ཐུབ། ད་དུང་ལོ་གཞོན་པའི་ཁོངས་སུ་སྲིད་སྐྱོང་གི་ཤ་རྡོག་ལ་རེ་འགུག་བྱས་ཏེ་བསྡད་མཁན་མང་པོ་འདུག

    Reply
  9. འདམ་སྐྱེས། says:
    ལོ་ 8 སྔོན།

    ཨ་རིའི་དོན་གཅོད་འཕོ་འགྱུར་སྐོར་འདས་པའི་བཙན་བྱོལ་བའི་དོན་གཅོད་གཅིག་དང་མ་འདྲ་བའི་དྲི་བ་དང་དོགས་གཅོད་གསལ་བཤད་སོགས་ལ་བསམ་གཞིགས་སྐབས། བཙན་བྱོལ་བོད་རིགས་ནང་ཁུལ་དྲང་བདེན་དང་དངོས་ཡོད་མ་ཡིན་པ་ཡིན་ཁུལ་གྱིས་རྒྱལ་སྤྱིའི་ནང་དགྲ་དགའ་གཉེན་སྡུག་གི་ཡིག་འཆར་སྤེལ་དང་སྤེལ་བཞིན་པ་ཁག་ལ་རང་རིགས་ཚང་མས་ཐུགས་སྣང་ཆེ་ཙམ་གནང་གལ་ཆེ་བའི་འབོད་སྐུལ་ཞུ་རྒྱུ་མ་ཟད། མི་བདེན་རྫུན་སྒྲིག་འདི་བཞིན་བོད་རིགས་ནང་ཁུལ་ལ་མ་ཡིན་པར་བོད་བསྟན་སྲིད་མི་རིགས་དང་བཅས་པ་བཙན་་གྱིས་འཕྲོག་མཁན་དག་ལ་རིག་པ་འདོན་ན་ཅི་མ་རུང་། ཡིག་འཆར་སྤེལ་མཁན་ཁག་ཕ་རོལ་པོ་མིན་ཚེ་བྱ་ཕྱོགས་འདི་དག་མཐོང་སྐབས་ད་བོད་རིག་རྣམས་ཀྱི་བསོད་ནམ་ནི་འཆི་ལ་ཉེ་བའི་མར་མེ་ལྟར་བཟོ་བཞིན་པ་ལྟ་བུ་དང་། དངོས་འབྲེལ་བྱས་ན་དོན་གཅོད་འཕོ་འགྱུར་དབང་ཚད་ཅན་གྱིས་གནང་བ་ཞིག་ལས་དམིགས་བསལ་གང་ཡང་མ་མཐོང་ཞིང་ཁོ་པ་གཞུང་ཞིག་ཡིན་ན་ལས་ངོར་བསྐོད་སྒྲིག་དགོས་པ་ལས་དེ་མིན་ལ་བྱ་ལམ་མེད་པ་མངོན་གསལ་རེད། ང་ཚོས་༧གོང་ས་ཆེན་པོ་ཞལ་བཞུགས་བཞིན་པའི་སྐལ་བཟང་གི་དུས་འདིར་འདི་བཞིན་བྱ་སྤྱོད་གནང་ན་འགྲིགས་མིན་རང་རིགས་ཡོངས་ནས་དཔྱད་པ་གནང་གལ་ཆེ་བར་སྙིང་ནས་གསལ་འདེབས་ཞུ།།

    Reply
  10. མི་མི་ says:
    ལོ་ 8 སྔོན།

    དགའ་ལྡན་ཕོ་བྲང་དང་༧གོང་ས་མཆོག་གིས་སྐུ་དབང་ཐོག་ནས་བསྐོ་བཞག་གནང་བའི་དོན་གཅོད་གཅིག་ལ་མཚོན་ན་སུ་གང་ལ་ཡང་རྩིས་མི་དགོས་པ་དང་སུ་ཞིག་ལ་ཡང་འཇིག་མི་དགོས་སྙམ་པའི་སྤོབས་པ་ཤིག་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད། འཁྲུལ་སྣང་ང་རྒྱལ་དེ་འདྲ་བའི་འོག་ནས་སེང་གེ་བཀའ་ཤག་ལ་རྩི་བཀུར་མེད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལམ་ལུགས་དང་སྒྲིག་ཁྲིམས་ལ་རྩིས་འཇོག་མེད་པར་རྡོག་རོལ་བཏང་བའི་ཉེར་འབྲས་ལ་བརྟེན་ནས་གནས་ཚུལ་ངན་པ་དེ་བྱུང་བ་ཞིག་རེད།
    དགའ་དགོས་པ་ཞིག་ནི།
    སྐུ་ངོ་སྤེལ་པ་ཚེ་རིང་དོན་གཅོད་ནས་གནས་དབྱུང་གཏོང་བ་ནི་བོད་མིའི་སྒྲིག་འཛུགས་དེ་དམངས་གཙོ་གཙང་མ་ཡིན་པ་དང་།
    གང་ཟག་གིེ་དབང་འགྱུར་མིན་པར་ཁྲིམས་ཀྱིས་དབང་འགྱུར་གྱི་ཐོག་ནས་སྲིད་སྐྱོང་དང་བཀའ་ཤག་གི་དབང་ཆ་དེ་སུ་གང་ལ་ཡང་ལྟོས་མེད་རང་དབང་ཆ་ཚང་ཡོད་པ་དེ་བོད་པའི་སྤྱི་ཚོགས་ཙམ་མིན་པར་རྒྱལ་སྤྱིའི་གླེང་སྟེགས་ཐོག་གསལ་སྟོན་བྱས་པ་ཞིག་ཡིན།

    Reply
  11. དགྲ་ལས་རྣམ་རྒྱལ། says:
    ལོ་ 8 སྔོན།

    ཁང་སེར་རྡོ་རྗེའི་ངོ་དེབ་ན་འདི་འདྲ་ཞིག་འདུག

    སྤེན་ཚེ་དོན་གཅོད་གནས་དབྱུང་བ་དེར་ཕྱོགས་ཁ་ཤས་ནས་ལྟ་དགོས།

    ཁང་གསར་རྡོ་རྗེ།

    ༡༽ སྤེན་ཚེ་སྐུ་ཚབ་དོན་གཅོད་དུ་འཇོག་མཁན་ངོ་མ་ནི། ༸གོང་ས་ཏཱ་ལའི་བླ་མ་རེད། དེ་ཡང་འོས་བསྡུའི་སྐབས་ཀྱི་འགལ་བ་སེལ་ཏེ། བོད་པའི་སྤྱི་ཚོགས་ནང་སྤྱི་དོན་མཉམ་སྒྲུབ་དང་། ཕན་ཚུན་མཐུན་སྒྲིལ་ཡོང་བའི་ཆེད་དུ་རེད་ལ། དབང་ཆ་ཡོད་ཚད་མི་གཅིག་གི་ལག་ལ་མི་འགྲོ་བའི་དོན་དུའང་རེད། སྲིད་སྐྱོང་བློ་སེང་གི་སེམས་ནང་སྤེན་ཚེ་དོན་གཅོད་དུ་བསྐོ་འདོད་མེད་པ་ཡང་གསལ་པོ་རེད། ད་རེས་སྤེན་ཚེའི་གནས་བབས་ལ་གནམ་ས་བླ་འོག་གི་འགྱུར་བ་བཏང་བ་དེའི་ཐོག་ནས། བློ་སེང་གི་དབང་ཚད་དེ་ཧ་ཅང་ཚད་མཐོན་པོར་སླེབས་པ་མཚོན་པ་རེད། ཧ་ཅང་ཚད་མཐོན་པོར་སླེབས་ཙང་། ༸གོང་ས་མཆོག་ལའང་། ཁྱེད་རང་གིས་དོན་གཅོད་ལ་བསྐོས་པའི་མི་དེ་ཡག་པོ་མི་འདུག ངའི་བཀའ་ལ་བརྩི་གི་མི་འདུག བཀའ་ཤག་ལ་བརྩི་གི་མི་འདུག འགྱུར་བ་བཏང་གི་ཡིན་ཟེར་གྱི་ཡོད་པ་རེད། དེ་ལ་༸གོང་ས་མཆོག་གིས་ཀྱང་མོས་མཐུན་མ་གནང་རང་གནང་གི་གནས་སྟངས་འདི་ཆགས་པ་རེད།

    ༢༽ སྤེན་ཚེ་༸གོང་ས་མཆོག་གིས་བསྐོས་པ་ཞིག་ཡིན་པ་དང་། དེ་སྔོན་སྤྱི་འཐུས་དང་། སྤྱི་འཐུས་ཚོགས་གཙོ་བྱེད་མྱོང་བ་ལས། གཞུང་ཞབས་བྱེད་མྱོང་མེད་ཙང་། ཁོའི་བསམ་སྤྱོད་དེ། དོན་གཅོད་གཞན་དང་འདྲ་གི་མ་རེད། ཁོས་སྤྱི་འཐུས་ཚོགས་གཙོའི་སྐབས་བཞིན་དུ། གང་བསམ་དེ་དྲན་ཤོད་པ་དང་། བཀའ་ཤག་གིས་བཤད་ཚད་ལ་ལགས་སོ་ལགས་སོ་ཟེར་གྱི་མེད། ད་དུང་རང་ཉིད་༸གོང་ས་མཆོག་གིས་བསྐོས་ཙང་། བཀའ་ཤག་གིས་ལས་སླ་པོར་རང་གི་གནས་སྟངས་ལ་འགྱུར་བ་གཏོང་ནུས་ཀྱི་མ་རེད་དྲན་བཞིན་ཡོད་ངེས་རེད། གཞན་ཡང་ལས་ཀ་མང་པོ་ཞིག་བཀའ་ཤག་མ་བརྒྱུད་པར་ཕོ་བྲང་ལ་ཞུས་པ་ཡང་ཡོང་གི་ཡོད། བཀའ་ཤག་གིས་”བྱ་སྤུ་གནོན་”ཡོང་གི་མི་འདུག་ཟེར་བ་དེ། དོན་དུ་གོ་ས་འདི་རེད། འདི་ལས་གཞན་དུ་སྤེན་ཚེས་ལས་ཀ་རྫབ་ཆེན་བྱས་པ་ཞིག་བསྟན་དུ་ཡོད་མ་རེད། དེ་ནི་སྲིད་ཚབ་ཀྱིས་གསལ་བཤད་གནང་དུས། ཉེན་བརྡའི་ཡི་གེ་རེ་རེའི་དོན་གཞི་བཟུང་སྤེན་ཚེ་འཕོ་འགྱུར་བཏང་བ་ཡིན་ཟེར་གྱི་ཡོད་མ་རེད། ཁྱོན་ཡོངས་བསྡོམས་ནས་གནས་སྟངས་ཤིག་ཆགས་པ་དེ་གཞི་ལ་བཟུང་ནས་འཕོ་འགྱུར་བཏང་བ་ཡིན་ཞེས་གསུངས་པའི་བབས་ས་དེ་རེད། དེས་ན། ཉེན་བརྡའི་ཡི་གེ་གསུམ་ཀ་ང་ཚོ་ལ་བསྟན་ཡོང་ནའང་། དེའི་ནང་ན་སྤེན་ཚེར་ནག་ཉེས་འབབ་འགྲོ་བ་ཞིག་ཡོད་དཀའ་མོ་རེད། གཅིག་བྱས་ན་དེའི་ནང་ན་བཀའ་ཤག་རང་གི་ངོ་གདོང་མང་པོ་ཞིག་མཐོང་ཉེན་ཡོད།

    ༣༽ བློ་སེང་གིས་དབུ་ཁྲིད་པའི་བཀའ་ཤག་ལ་མཚོན་ན་ཡང་སྤེན་ཚེ་འདི་དཀའ་ངལ་ཞིག་རེད། གཅིག་ནས་དོན་གཅོད་ལ་འཇོག་འདོད་ཡོད་མ་རེད། གཉིས་ནས་ཁོས་བཀའ་ཤག་གི་བཤད་ཚད་ལ་ལགས་སོ་ཟེར་གྱི་ཡོད་མ་རེད། གསུམ་ནས་རང་གི་བྱས་རྗེས་འབུར་འདོན་ཡོང་ཐབས་ཀྱང་བྱེད་བཞིན་ཡོད་པ་མཐོང་གསལ་རེད། བཞི་ནས་ཨ་རི་དེ་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་རྒྱབ་རྟེན་ཡོད་ན་མེད་ན་དེ་རེད། ཆབ་སྲིད་ཀྱི་གཞི་རྟེན་ཡང་གལ་ཆེ་ཤོས་ཤིག་རེད། དེ་ནས་གྲུབ་འབྲས་ཐོན་ཡོང་བ་དེ་བཀའ་ཤག་གི་ངོ་སོར་མི་འབབ་དུས་གནས་ཚུལ་ཆེན་པོ་རེད། གཞུང་གང་འདྲ་ཞིག་ཡིན་རུང་། གནད་འགག་ཡོད་ས་ན་རང་གི་མི་འཇོག་གི་ཡོད་རེད། བློ་སེང་གི་གཞུང་གི་གནད་འགག་ཡོད་ན་མེད་ན་གཉིས་ལ་རང་གི་མི་མེད། དེ་ནི་ཨ་རི་དང་ལྡི་ལི་དོན་གཅོད་ཁང་གཉིས་རེད།

    ༤༽ ད་ལྟའི་དུས་སྐབས་སུ་བོད་མི་ནང་ཁུལ་གྱི་མཐུན་ལམ་དང་། འཐབ་རྩོད་ཀྱི་དགོས་མཁོར་ཁྱོན་ཡོངས་ནས་དགོངས་བཞེས་གནང་མཁན་ཞིག་ཡིན་ན། སྤེན་ཚེ་མཐའ་འབུད་གཏོང་མི་དགོས་པར། བཀོད་སྒྲིག་གཞན་ཞིག་གནང་རྒྱུ་ཏན་ཏན་ཡོད་པ་རེད་དེ། ལམ་དེར་མ་སོང་བར་སྤེན་ཚེ་མཐའ་འབུད་བཏང་བ་རེད། ནག་པོ་བཟོས་པ་རེད། འདིས་སྒེར་ནད་ཅན་དག་ལ་སྙིང་ཚིམ་ཡོང་གི་ཡོད་རེད་དེ། བོད་མི་མང་ལ་བློ་ཕམ་ཡོང་གི་ཡོད་རེད། སྒེར་དབང་ལ་ཕན་ངེས་ཡིན་རུང་སྤྱི་དོན་ལ་གནོད་ཀྱི་ཡོད།

    ༥༽ ད་རེས་བཀའ་ཤག་གིས་སྤེན་ཚེ་མུ་མཐུད་དོན་གཅོད་དུ་བཞག་ན་བློས་མི་བཟོད་པའི་སེམས་འཚབ་ཡོད་ལུགས་བཤད་དེ། ཁོང་གནས་དབྱུང་བཏང་བ་རེད། ཡིན་ན་ཡང་གནས་ཚུལ་འདི་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་འགལ་བ་དང་། མི་མཐུན་པ་ཆེན་པོ་ཇི་ཙམ་ཡོང་བའི་མཇུག་འབྲས་དེ་བཀའ་ཤག་གིས་བློས་བཟོད་པ་དང་། འགན་ཐེག་པ་ཞིག་ཡིན་མིན་ལ་དགོངས་བཞེས་མཛད་ཡོད་དམ། དེ་ནི་དྲི་བ་ཞིག་རེད། དེ་ནི་དུས་ཚོད་ཁོ་ནས་ཚོད་བགམ་ཐེབས་ཐུབ་པའི་དྲི་བ་ཆེན་པོ་ཞིག་རེད།

    Reply
  12. བསྟན་འཛིན་འཇམ་དབྱངས། says:
    ལོ་ 8 སྔོན།

    ད་ལྟའི་བཀའ་ཤག་རུལ་སོང་ད་དཀའ་མོ་རེད་ཡ་་་་་

    Reply
  13. མདོ་ལ་རིང་མོ་ says:
    ལོ་ 8 སྔོན།

    ད་ལྟའི་ང་འཚོ་གཞུང་འདི་དང་རྒྱ་དམར་གཞུང་གཉིས་ཆེད་པར་མི་འདུག

    Reply
  14. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 8 སྔོན།

    སྐུ་དྲག་ལ་གསར་རྙིང་ཨ་ཡོད་བོད་མི་རིགས་ཀྱི་ལས་དབང་དུ་བསྐོས་པའི་སྐུ་དྲག་ལ་གསར་རྙིང་གི་ཁྱད་པར་ཡོད་པ་ཤེས་མ་སོང་དོན་དངོས་བཙན་བྱོལ་སྤྱི་ཚོགས་ནང་ཕྱོགས་གཏོགས་ཆབ་སྲིད་དང་གཅིག་ལུང་ཚན་ཤོག་སྒྲིལ་དང་གཉིས་འགོ་འདྲེན་དང་སྐབས་ཚོལ་རིང་ལུགས་དང་གསུམ་བཅས་རྩ་སྟོང་དུ་འགྲོ་དགོས་པ་དེ་མ་འོངས་བོད་མི་རིགས་ཀྱི་བདེ་སྐྱིད་ཀྱི་རྩ་བ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་།

    Reply
  15. བསྟན་འཛིན་ says:
    ལོ་ 8 སྔོན།

    སྲིང་སྐྱོང་ལ་སུ་ ཧ་ཅང་གཡོ་སྒྱུ་མང་དྲགས་ན་
    རེ་ཞིག་གྲུབ་ཀྱང་མཐའ་མར་བརླག་
    གཟིག་ལྦགས་བཀབ་པའི་བོང་བུ་ཡིས་
    ལོ་ཏོག་ཟོས་མཐར་གཞན་གྱིས་བསད། ༄། རྗེ་བཙུན་ས་སྐྱ་པནཏིཏ་།།

    Reply
  16. རང་བཙན་བུ། says:
    ལོ་ 8 སྔོན།

    སྤྱི་ཚོགས་དཀྲུགས་སོང་མ་གསུངས།།
    དཀྲུག་མཁན་དཔོན་པོ་རེད་དོ།།
    དཔོན་པོས་དཀྲུགས་པའི་སྤྱི་ཚོགས།།
    ལྷིང་འཇགས་ཡོང་ཐབས་ཨེ་ཡོད།།

    Reply
  17. Borbu says:
    ལོ་ 8 སྔོན།

    ངོ་མ་རུལ་འདུག སྲིད་སྐྱོང་གིས་དེ་སྔོན་ངས་བརྩིགས་གདན་ཡག་པོ་ཞིག་བཏིང་ཡོད་། ད་དེ་སྒང་ལ་ག་ཚོད་བརྩིག་བརྩིག་ཡིན་གསུངས་སོང་།
    སྲིད་སྐྱོང་བརྩིག་མ་ཡག་པོ་གཏིང་གི་མི་འདུག བརྩིག་མ་ཡག་པོ་ཞིག་འདྲུས་ཏེ་སྒྲིག་འཛུགས་ཀྱི་ཁང་འདི་ཐོག་བརྡིབ་བརྒྱབ་དུ་བཅུག་ངེས་རེད་འདུག

    Reply
  18. Gangchab says:
    ལོ་ 8 སྔོན།

    དངོས་ཡོད་ཀྱི་གནས་ཚུལ་དང་རྒྱབ་གྱོང་མགོ་འཚོས་ལ་མ་འཚོས་པའི་ཐོག་ནས་ཁ་སུ་བདེ་དང་ལག་སུ་བདེ་བྱས་ནས་གཅིག་བྲིས་བསྡད་པ་ཡིན་ན། དེའི་ཕན་ཐོགས་གང་ཡང་མེ་པ་མ་ཟད་དེ་ལས་ལྡོག་ཏེ་ཚོགས་ཟུར་སྤེན་པ་ཚེ་རིང་ལ་འགལ་རྐྱེན་དང་དཀའ་ངལ་བཟོ་སྲིད། རྒྱུ་མཚན་ནི། དགའ་ལྡན་ཕོ་བྲང་དང་བཀའ་ཤག་ཐུན་མོང་ནས་སླར་ཡང་བསམ་ཡུལ་ལས་འདས་དགོས་པའི་དོན་གཅོད་སྤེན་པ་ཚེ་རིང་གིས་ནོར་འཛོལ་གྱི་ལས་དོན་དངོས་དེ་གང་གནང་ཡོད་མེད་ཐོགས་ལ་ཚང་མ་ཧ་ལས་ཧང་སང་དགོས་པའི་གསལ་བཤད་དེ་འདྲའི་རིགས་ཡོད་མི་སྲིད་པ་མིན། དེ་དོན་དགོངས་འཇགས་འཚལ།

    Reply
  19. བསོད་ནམས་ says:
    ལོ་ 8 སྔོན།

    རྒྱབ་སྐྱོར་ཡོད། བཀའ་ཤག་གིས་ཨ་རིའི་དོན་གཅོད་འཕོ་འགྱུར་དུས་བཅད་བཟོད་བཟིན་པ་གནས་སྐབས་ཕྱིར་འཐེན་བྱས་ཏེ་ཉེས་འཛུགས་ཀྱི་གྱོད་དོན་རྣམས་དྲང་བདེན་གྱིས་ཐག་གཅོད་མ་བྱུང་པར་དོན་གཅོད་གསར་བ་བསྐོ་འཇོག་ལ་ངོས་ལེན་མེད་།།

    Reply
  20. བདེཆེན་ says:
    ལོ་ 8 སྔོན།

    ????????? Long live his holiness the Dalai Lama ??

    Reply
  21. གཡུ་ཐོག་རྒྱལ་པོ། says:
    ལོ་ 8 སྔོན།

    ཧ་ཅང་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ། ད་རེས་བཀའ་ཤག་དང་ལྷག་པར་དུ་སྲིད་སྐྱོང་གི་ཆབ་སྲིད་ནག་པོ་དེས་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་འཁྲུག་རུ་བཅུགས་སོང་། བཀའ་ཤག་གི་གསལ་བཤད་ཟེར་ནའང་འདྲ། གསལ་བསྒྲགས་ཟེར་ཀྱང་ཆོག དེའི་ནང་སྤེན་ཚེས་བྱས་ཉེས་བསགས་པའི་གནས་ཚུལ་ཆེན་པོ་ཡོད་ཚུལ་ཙམ་ལས། རྐང་གཅིག་སྟོན་རྒྱུ་མི་འདུག ལྷག་པར་དུ་མཚམས་རེ་བླང་དོར་སྒྲིག་དང་འགལ་ལུགས་བཤད་ཡང་བླང་དོར་སྒྲིག་གཞི་དང་འབྲེལ་བ་མེད་ལུགས་སོགས།་མདོར་ན། ཕྱོགས་གང་ནས་ཉན་ཀྱང་། གནད་དོན་དེའི་རྐྱེན་གྱིས་རེད་འདུག་ཀ་བསམ་པ་གཅིག་ཀྱང་མི་འདུག དེ་ནི་རྒྱ་ཆེའི་མི་མང་རྣམས་སོམ་ཉིའི་རྒྱ་ལ་ཚུད་པའི་རྒྱུ་མཚན་དེ་རེད་ལ། དེ་ནི་སྐུ་དྲག་གསལ་པའི་ཆབ་སྲིད་འཐབ་བརྩོད་ཀྱི་ཟློས་གར་ཡིན་པར་དོག་གཞི་ཆགས་པའི་གནད་དོན་ཡང་དེ་རེད། ད་དུང་། ཡ་མཚར་བ་ཞིག་ལ། སྲིད་སྐྱོང་གིས་བརྡ་སར་གཡོས་པའི་སྐྱོ་མ་དེ་གཙང་མ་མ་བཟོས་པར་ཡོ་རོབ་ཁུལ་དུ་བྲོས་བྱོལ་ལ་ཕྱིན་ལུགས་དེ་གས་ཀྱང་། དོགས་གཞི་མི་ཉུང་བ་ཞིག་བསླངས་སོང་། གང་ལྟར། ཕྱོགས་གཉིས་ཀས་དཀར་ནག་ཅི་བདེན་ཡིན་དང་། བདེན་རྫུན་གང་ཡིན་གསལ་ཁ་མ་གཏོད་བར་དུ། ང་ཚོའི་སྤྱི་ཚོགས་འདི་ནི་རླུང་འཚུབ་ཁྲོད་ཀྱི་རྦ་ཀློང་དང་འདྲ་བར་ནམ་ཡང་བརྟན་ལྷིང་ཐོག་གནས་ཐབས་མེད། ཆོལ་ཁའི་འཐེན་ཁྱེར་གྱི་རྦ་ཀློང་དཀྲུག་མཁན་དེ་བློ་སེང་དང་སྤེན་ཚེ་རེད་ལ། ད་ལྟའི་ཆར་ཡང་རྦ་སློང་དེའི་མཇུག་སྐྱོང་མཁན་ཁྱེད་གཉིས་ལ་ཐུག་ཡོད། ད་ཡིན་ན། ཆུ་མོ་ལས་ཀྱིས་བཞུར་དགོས་པ་ཞིག་དང་། ཉ་མོ་ཐང་ལ་དོན་དགོས་པའི་དུས་ལ་བབ་འདུག དེ་མིན་སྡིག་སྲིན་མཐོན་ནས་ང་ཚོ་ཚང་མས་གྱུར་མིད་གཏོང་གི་རེད་ཏོ།

    Reply
  22. དྲང་བདེན། says:
    ལོ་ 8 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  23. རྡོ་རྗེ་སྐྱབས། says:
    ལོ་ 8 སྔོན།

    གནད་ལུགས་རྒྱུ་མཚན་ཞེ་དྲགས་འདུག་་་ངེས་པར་བསམ་བློ་གཏོང་དགོས་པ་ཞིག་རེད་་

    Reply
  24. བསྟན་འཛིན་འཇམ་དབྱངས། says:
    ལོ་ 8 སྔོན།

    དེང་སང་གི་བཀའ་ཤག་རོས་འདུག

    Reply
  25. བསྟན་འཛིན says:
    ལོ་ 8 སྔོན།

    ཨ་ཇོ་ལགས།ཡག་པོ་ཞིག་བྲིས་འདུག་་་སྙིང་ནས་དགའ་བསུ་ཡོད།སྐུ་ཚེ་རིང་བ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese