མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མཉམ་འབྲེལ་རྒྱལ་ཚོཊ་ཀྱི་མི་སྣ་བཅོ་ལྔ་བྱང་ཀོ་རི་ཡའི་ནང་ཕེབས།

བོད་ཀྱི་དུས་བབ།
༢༠༡༧/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

གྲོས་མོལ་གྱི་ལམ་ནས་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་སེལ་བའི་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནད་ཡོད་མི་སྣ་ ༡༥ བྱང་ཀོ་རི་ཡའི་ནང་ཆེད་ཕེབས་གནང་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་འབྲེལ་མཐུད་པའི་འགན་འཛིན་ཇེ་ཕེ་རི་ཕིལ་ཊ་མེན་ (Jeffrey Feltman) ལགས་ཀྱིས་སྣེ་འཁྲིད་པའི་སྐུ་ཚབ་ ༡༥ ཡིས་གྲུབ་པའི་ཚོགས་ཆུང་ཞིག་བྱང་ཀོ་རི་ཡའི་ནང་འབྱོར་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་ཐེངས་འདིའི་རྒྱལ་ཚོགས་ཀྱི་ཆེད་ཕེབས་གྲོས་མོལ་ལ་བརྟེན་ནས་རྒྱལ་སྤྱིའི་སྒང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའི་ཚོད་ལྟ་རིམ་པ་ལས་བྱུང་བའི་འཇིགས་སྣང་དག་དལ་གྱིས་ཞི་འཇགས་ཡོང་བའི་རེ་བ་བྱེད་བཞིན་ཡོད་འདུག

བདུན་ཕྲག་སྔོན་མའི་ནང་སྐུ་ཞབས་ཕིལ་ཊ་མེན་ལགས་ཀྱིས། ང་ཚོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་༡༥ སྐོར་ཞིག་བྱང་ཀོ་རི་ཡར་བསྐྱོད་དེ། གྲོས་མོལ་བྱས་ཏེ་འཇིགས་སྣང་ཆེ་བའི་ད་ལྟའི་གནས་སྟངས་དེ་སེལ་བའི་གོ་སྐབས་བསྐྲུན་ཐབས་བྱེད་ཀྱི་ཡིན། ཞེས་བརྗོད་ཡོད་པ་སད་ྲ་སྐུ་ཞབས་ཇེ་ཕི་རི་ཕིལ་ཊ་མེན་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༢ ལོའི་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་རྒན་པ་ཞིག་བྱང་ཀོ་རི་ཡའི་ནང་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག སྐུ་ཞབས་ཇེ་ཕི་རི་ལགས་ཀྱིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་པ་དེ་བྱང་ཀོ་རི་ཡར་ཉིན་གྲངས་བཞི་རིང་བསྡད་རྒྱུ་ཡིན་པ་དང་། སྐབས་དེར་ཁོང་གིས་བྱང་ཀོ་རི་ཡའི་ཕྱི་དྲིལ་བློན་ཆེན་རི་ཡོང་ཧོ་ (Ri Yong-ho) ལ་ཐུག་འཕྲད་གནང་རྒྱུ་ཡིན་འདུག

ཐེངས་འདིའི་ཕྱོགས་ཕེབས་ཀྱི་སྐོར་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ཨིས་ཏི་ཕིན་ཌུ་ཧར་རིཀ་ (Stephane Dujarric) ལགས་ཀྱིས། ཕྱོགས་ཕེབས་འདི་ནི་བྱང་ཀོ་རི་ཡ་དང་འབྲེལ་བའི་སྲིད་ཇུས་ཀྱི་སྐོར་ལ་ཡིན། ང་ཚོས་ཕྱོགས་ཕེབས་འདིའི་གྲུབ་འབྲས་ག་རེ་ཡོང་གི་ཡོད་མེད་རེ་སྒུག་བྱས་ཏེ་ལྟ་ཆོག་གི་རེད། ཅེས་བརྗོད་ཡོད་པ་རེད།

ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་ཅིག་གིས། ང་ཚོས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ལ་བརྟེན་ནས་བྱུང་པའི་འཇིགས་སྣང་དེ་སེལ་བའི་ཐབས་ཤེས་ཤིག་འཚོལ་དགོས་པ་རེད། ཕྱོགས་ཕེབས་འདིའི་མཇུག་འབྲས་སུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་ཡོངས་སུ་སེལ་རྒྱུ་ཁག་པོ་རེད། འོན་ཀྱང་མ་འོངས་པར་ཕྱོགས་ཕེབས་འདི་ལ་བརྟེན་ནས་དཀའ་རྙོག་དེ་དག་ཇི་ལྟར་སེལ་དགོས་པའི་ཐབས་ལམ་རིམ་གྱིས་འཚོལ་བར་ཏན་ཏན་ཕན་ཐོགས་ཀྱི་རེད། ཅེས་བརྗོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧི་ཐར་ (Heather) ལགས་ཀྱིས། སྐུ་ཞབས་ཕིལ་ཊ་མེན་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་བྱས་ཏེ་བྱང་ཀོ་རི་ཡར་ཕྱིན་ཡོད་པ་ལས་ཁོ་ནི་ཨ་རིའི་གཞུང་དང་འབྲེལ་བ་མེད་སྟབས། ཁོས་ཨ་རིའི་གཞུང་གི་བརྡ་ལན་གང་ཡང་ཁུར་ནས་བསྐྱོད་མེད་པ་དེ་ངས་འདི་ནས་ཐོག་མར་གསལ་པོ་བཟོ་འདོད་བྱུང་། ཨ་རིའི་གཞུང་ངོས་ནས་བྱང་ཀོ་རི་ཡ་དང་གྲོས་མོལ་བྱ་རྒྱུ་ག་དུས་ཡིན་ཡང་གྲ་སྒྲིག་ཡོད། འོན་ཀྱང་ཉེ་ལམ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པ་ལ་བལྟས་ན། བྱང་ཀོ་རི་ཡས་ཨ་རི་གཞུང་མཉམ་དུ་གྲོས་མོལ་བྱ་འདོད་མེད་པའི་རྣམ་པ་གསལ་པོར་སྟོན་གྱི་འདུག ཅེས་བརྗོད་ཡོད་པ་རེད།

ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་ཉེན་བརྡ་ཐེངས་འགའ་སྤྲད་ཡོད་ཀྱང་། བྱང་ཀོ་རི་ཡའི་གཞུང་གིས་མུ་མཐུད་ནས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། ད་ལྟའི་བར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཐེངས་དྲུག་ཚོད་ལྟ་བྱས་ཟིན་ཡོད་པ་མ་ཟད། བདུན་ཕྲག་སྔོན་མའི་ནང་ཨ་རིའི་རྒྱལ་ཡོངས་ལ་སྙོབ་པའི་མེ་ཤུགས་འཕུར་མདའ་ནུས་ལྡན་ཞིག་ཚོད་ལྟ་ལེགས་འགྲུབ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

མཆན། 1

  1. དགེ་བཤེ་བློ་དགའ says:
    ལོ་ 5 སྔོན།

    བར་ལམ་ནས་བོད་ཀྱི་དུས་བབ་འདི་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་བང་ཆེན་དུ་གྱུར་འདུག་་འཛམ་གླིང་སྟེང་གྲགས་ཆེ་བའི་་དབྱིན་ཇིའི་་BBCདང་ཨ་རིའི་CNNསོཊ་ཡོད་བཞིན་དུ་ཅིའི་ཕྱིར་གསར་འགོད་རང་དབང་མེད་པའི་རྒྱ་ནག་གིས་གསར་འགྱུར་རྫུན་མ་དག་ལ་ཤི་འཐམ་རོ་འཐམ་བྱེད་པ་ཡིན་ནམ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist