ནམ་མཁའ།
སྲིད་སྐྱོང་བློ་སེང་གིས་ཨ་རིའི་ཧ་བ་ཊིའི་སློབ་གྲྭ་ནས་ཁྲིམས་ལུགས་ཀྱི་སྟེང་ནས་སློབ་འབྲས་འབུམ་རམས་པ་ཐོན་པ་དེ། ཁོ་རང་ཉིད་ཀྱི་རྒྱན་ཆ་ཡིན་ལ། ང་ཚོ་བོད་རིགས་ཞིག་གི་ངོས་ན་བཤད་ན་ཡང་སྤོབས་པ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་། བོད་མི་རིགས་ཀྱི་ཚེ་སྲོག་ཏུ་གྱུར་བའི་བོད་ཀྱི་སྐད་ཡིག་དང་རིགས་གཞུང་སོགས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཀྱི་སྣེ་ཁྲིད་མཁན་གྱི་དབུ་ཁྲིད་ཞིག་གི་ངོས་ནས་བཤད་ན། བོད་མི་རིགས་རང་གི་སྐད་ཡིག་གི་སྟེང་ནས་འབྲི་ཀློག་ཡག་པོ་ཞིག་ཀྱང་མི་ཐུབ་པ་མ་ཟད། ཐ་ན་རང་གི་མིང་ཙམ་ཡང་རང་གི་མི་རིགས་ཀྱི་ཡི་གེ་ཐོག་འབྲི་མི་ཤེས་མཁན་ཞིག བཙན་བྱོལ་བོད་མིའི་དབུ་ཁྲིད་ལ་བདམས་ཐོན་བྱུང་བ་རེད།
དཔེར་ན། སྲིད་སྐྱོང་གི་རང་བཙན་ལག་དེབ་སྟེང་བྲིས་བའི་མིང་འདི་ལྟར༼སློབ་བཟང་སངས་རྒྱས༽འདི་ནི་དངོས་བོའི་གནས་ཚུལ་ཞིག་ཡིན་པ་མི་མང་པོས་མཐོང་ཡོད་སྲིད། དེས་རྐྱེན་རྩོམ་བྱང་ལ་ཡང་འདི་ལྟར་བྲིས་པ་ཡིན་མོད། འོན་ཀྱང་། བོད་མི་ཁ་ཤས་ཀྱིས་མཐོང་སྣང་ལ། བཙན་བྱོལ་བོད་མིའི་དབུ་ཁྲིད་ལ་ཕྲན་གྱིས་མཐོང་ཆུང་བྱས་འདུག་སྙམ་སྟེ། ཕྲན་ལ་ངོ་རྒོལ་སྒྱོགས་རྡོ་འདྲ་འཕེན་སྲིད་མོད། འོན་ཏེ། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནི། ཨ་རི་དང་དབྱིན་ཇིའི་རྒྱལ་ཁབ་བཞིན་རང་གི་ཕ་སྐད་དབྱིན་ཡིག་བཤད་པའི་མི་རིགས་ཀྱི་གཞུང་ཞིག་མ་རེད།
འཛམ་གླིང་གི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་། རང་གི་ཕ་སྐད་ཀྱི་ཡིག་རིགས་སྟེང་ནས་རང་གི་མིང་འབྲི་མི་ཤེས་མཁན་ཞིག་སྲིད་འཛིན་དང་སྲིད་བློན་དུ་བདམས་ཐོན་བྱུང་མྱོང་ཡོད་ཀྱི་མ་རེད་སྙམ། ཐབས་སྐྱོ་བ་ཞིག་ལ། བོད་རང་གི་ཡིག་རིགས་ཀྱི་སྟེང་ནས་རང་གི་མིང་ཙམ་ཡང་འབྲི་མི་ཤེས་མཁན་ཞིག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལ་བདམས་ཐོན་བྱུང་སྟེ། ད་རུང་མཛད་སྒོ་སོགས་ཀྱི་སྐབས་སུ་མདོ་འཛིན་པ་ཚོས། མཁས་དབང་བློ་བཟང་སེང་གེ་ཞེས་འུར་བསྟོད་བྱས་ཏེ། སློབ་ཐོན་ལག་ཁྱེར་གྱི་མིང་དེ་བཙན་ཚུགས་ཀྱིས་མིང་གི་མགོར་འཇོག་གི་ཡོད་པ་རེད། འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་སྲིད་འཛིན་དང་སྲིད་བློན་ཞེས་འབོད་པ་ལས། སློབ་ཐོན་ལག་ཁྱེར་གྱི་མིང་དེ་སྲིད་འཛིན་དང་སྲིད་བློན་གྱི་མིང་མགོར་བཞག་སྟེ་འབོད་སྲོལ་མི་འདུག
དཔེར་ན། ཨ་རིའི་སྲིད་འཛིན་ཟུར་བ་ཨོ་བྷ་མ་ཡང་ཧ་བ་ཊིའི་སློབ་ཐོན་གྱི་ལག་ཁྱེར་ཡོད་ཀྱང་། ཨ་རིའི་སྲིད་འཛིན་ལས་ཐོག་སྐབས་སུ། མཁས་དབང་ཨོ་བྷ་མ་ཞེས་འབོད་པ་ཞིག་ལོ་བརྒྱད་ཀྱི་རིང་ཐོས་མྱོང་མེད། ཡིན་ན་ཡང་། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་དབུ་ཁྲིད་སྲིད་སྐྱོང་གི་མིང་མགོར་མཁས་དབང་ཞེས་འབོད་དུས། ཁོ་རང་གིས་ཀྱང་རང་གི་མི་རིགས་ཀྱི་སྐད་ཡིག་གི་སྟེང་ནས་མིང་ཙམ་ཡང་འབྲི་མི་ཤེས་པ་དེ་གཏིང་བརྗེད་དུ་གྱུར་ཏེ། ང་རྒྱལ་གྱི་མགོ་འཕང་གནམ་ལ་བཏགས་ཏེ་གཏམ་བཤད་ཀྱི་མགོ་འཛུགས་བཞིན་ཡོད།
འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་སྲིད་འཛིན་དང་སྲིད་བློན་མང་པོས་སྐད་རིགས་འགའ་རེ་ཤེས་ཀྱི་ཡོད་མོད། འོན་ཀྱང་རང་གི་མི་རིགས་ཀྱི་སྐད་ཡིག་འབྲི་ཀློག་ཡག་པོ་མི་ཐུབ་མཁན་ཞིག་ཡོད་ཀྱི་མ་རེད། ཡིན་ན་ཡང་། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་གི་ལམ་ནས་རང་གི་མིང་ཙམ་ཡང་འབྲི་མི་ཤེས་མཁན་ཞིག་དབུ་ཁྲིད་ལ་བདམས་ཐོན་བྱུང་བ་དཔེ་གསར་ཡིན་སྲིད་མོད། འོན་ཀྱང་། དུས་རབས་ཉི་ཤུ་དང་ཉེར་གཅིག་གི་ནང་། བོད་དང་འཛམ་གླིང་རྒྱལ་ཁབ་གཞན་སོགས་ཀྱི་ལོ་རྒྱུས་ནང་དུ། རང་གི་མི་རིགས་ཀྱི་སྐད་ཡིག་སྟེང་ནས་རང་གི་མིང་ཙམ་ཡང་འབྲི་མི་ཤེས་མཁན་ཞིག་རྒྱལ་ཁབ་དེའི་དབུ་ཁྲིད་ལ་བདམས་ཐོན་བྱུང་བ་ཐོག་མ་ཡིན་ངེས།
འོན་ཀྱང་། འཛམ་གླིང་གི་མི་རིགས་གང་ཞིག་འཛམ་གླིང་སྟེང་གསོན་པོར་གནས་ཐུབ་མིན་ནི། མི་རིགས་དེའི་སྐད་ཡིག་གནས་ཡོད་མིན་ལ་རེག་ལས་ཡོད་པ་མི་ཤེས་མཁན་གྱི་བོད་རིགས་ཚོས། ད་རུང་ཡང་གདོང་ལ་ཁྲོ་གཉེར་དང་སྣ་གཉེར་བྱས་ཏེ། ཨ་རིའི་ཧ་བ་ཊིའི་འབུམ་རམས་པའི་ལག་ཁྱེར་ཡོད་པ་རེད་ཅེས་བཤད་སྲིད། དེ་ནི་གོང་དུ་ཞུས་པ་ལྟར་རྒྱན་ཆ་ཡིན་པ་མ་ཟད། དེ་ལས་ཀྱང་སྐད་རིགས་འདྲ་མིན་ཤེས་ན་བོད་མི་རིགས་ཀྱི་སྤོབས་པ་རེད།
འོན་ཀྱང་ང་ཚོའི་མི་རིགས་ཀྱི་ཕ་སྐད་ནི་དབྱིན་ཇི་མིན་ལ། ང་ཚོའི་མི་རིགས་ནི་དབྱིན་ཇིའི་མི་རིགས་དེ་བས་ཀྱང་མིན་པ་མ་ཟད། ང་ཚོ་ནི་དབྱངས་གསལ་སོ་བཞི་རུས་ལ་ཐིམ་ཞིང་། གདངས་ལ་གྱེར་བའི་སྐད་དང་ཡི་གེ་ཡོད་པའི་མི་རིགས་ཤིག་ཡིན། དབྱངས་གསལ་སོ་བཞི་འཆི་ལ་ཉེ་བའི་སྐབས་འདིར། ང་ཚོ་ནི་དབྱངས་གསལ་སོ་བཞི་ལ་སྨན་བཅོས་བྱེད་མཁན་ཡིན་མོད། འོན་ཏེ། དབྱངས་སོ་བཞིའི་ནད་པར་གྱུར་པ་ཞིག་དབྱངས་གསལ་སོ་བཞིར་སྨན་བཅོས་བྱེད་མཁན་གྱི་དབུ་ཁྲིད་ལ་བདམས་པ་རེད། དེས་རྐྱེན་བཙན་བྱོལ་སྤྱི་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་། རང་གི་མི་རིགས་ཀྱི་སྐད་ཡིག་ལ་རིན་ཐང་ཅི་འདྲ་ཞིག་འཇོག་གི་ཡོད་པ་ཤེས་ཐུབ།
རྒྱལ་ཁབ་གང་དང་མི་རིགས་གང་ཞིག་ཡིན་ཡང་། དེའི་དབུ་ཁྲིད་ལ་རང་གི་མི་རིགས་ཀྱི་སྐད་ཡིག་དང་། རིགས་གཞུང་གི་གོ་དོན་སོགས་ལ་བྱང་ཆུབ་པའི་མཁས་པ་ཞིག་མིན་ན་ཡང་མི་རིགས་དེའི་སྐད་ཡིག་གི་སྒོ་ནས་འབྲི་ཀློག་བྱེད་པར་དཀའ་ངལ་མེད་པ་ཞིག་བདམས་ཀྱི་ཡོད་པ་ལས། རང་མི་རིགས་ཀྱི་སྐད་ཡིག་འབྲི་ཀློག་ཡག་པོ་ཞིག་མི་ཐུབ་ན་ཡང་། མི་རིགས་གཞན་གྱི་སྐད་ཡིག་གི་ལམ་ནས་ལག་ཁྱེར་མཐོ་བོ་ཡོད་པ་ཞིག་བདམས་ཐོན་བྱུང་ཡང་མྱོང་ཡོད་ཀྱི་མ་རེད། དཔེར་ན། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ལས་ཁུང་ཆུང་ཆུང་ཞིག་གི་མགོ་ཁྲིད་ལ་འདུག་དགོས་ཚེ་ཡང་། ཁོ་རང་ཚོའི་མི་རིགས་དེའི་སྐད་ཡིག་གི་ཕྱོགས་ནས་དཀའ་ངལ་མེད་པ་ཞིག་འཇོག་གི་ཡོད་པ་ལས། རང་གི་སྐད་ཡིག་གི་སྟེང་ནས་མིང་ཙམ་ཡང་ཡག་པོ་ཞིག་འབྲི་མི་ཤེས་ཀྱང་། མི་རིགས་གཞན་གྱི་སྐད་ཡིག་སྟེང་ནས་སློབ་ཐོན་ལག་ཁྱེར་མཐོ་བོ་ལ་བལྟས་ཏེ་ལས་ཁུངས་དེའི་མགོ་ཁྲིད་ལ་འཇོག་མི་སྲིད།
འཛམ་གླིང་གི་རྒྱལ་ཁབ་གང་ཡིན་ན་ཡང་། རྒྱལ་ཁབ་དེའི་དབུ་ཁྲིད་ཀྱིས་རང་གི་མི་རིགས་ཀྱི་སྐད་ཡིག་ཡག་པོ་མ་ཤེས་ཚེ་ཞབས་འདྲེན་ཡིན་པ་ལས། མི་རིགས་གཞན་གྱི་སྐད་ཡིག་ཡག་པོ་མ་ཤེས་ན། རྒྱལ་ཁབ་དེའི་མི་རིགས་དང་མི་དམངས་ཀྱི་ཞབས་འདྲེན་དུ་མཐོང་གི་མེད། འཛམ་གླིང་གི་རྒྱལ་ཁབ་མང་པོའི་སྲིད་འཛིན་ཚོས་དབྱིན་ཇིའི་སྐད་མི་ཤེས་མཁན་མང་པོ་ཡོད་པ་རེད། ཡིན་ཡང་། རང་གི་མི་རིགས་ཀྱི་སྐད་ཡིག་ལ་འབྲི་ཀློག་ཙམ་ཡང་བྱང་ཆ་མེད་མཁན་གྱི་སྲིད་འཛིན་དང་སྲིད་བློན་ཞིག་ཡོད་ཀྱི་མ་རེད་སྙམ། དེས་རྐྱེན་ང་ཚོས་བསམ་གཞིགས་ཞིབ་མོ་བྱས་ཏེ། ཐེངས་རྗེས་མར་སྲིད་སྐྱོང་ལ་འོས་འཕེན་སྐབས་བོད་དབྱིན་གཉིས་ཀྱི་སྟེང་ནས་འབྲི་ཀློག་ལ་དཀའ་ངལ་མེད་པ་ཞིག་འདེམ་རྒྱུ་གལ་ཆེན་རེད་སྙམ། དེ་མིན་དབྱངས་གསལ་སོ་བཞིའི་བདག་པོའི་མི་རིགས་ཀྱི་དབུ་ཁྲིད་ཞིག་ལ། རང་གི་མི་རིགས་ཀྱི་སྐད་ཡིག་གི་སྟེང་ནས་རང་གི་མིང་ཙམ་ཡང་གཙང་མ་ཞིག་འབྲི་མི་ཤེས་མཁན་ཞིག་བདམས་ཚེ། བོད་མི་རིགས་ཀྱི་ཞབས་འདྲེན་ཞིག་ཏུ་མཐོང་སོང་པས། ཚང་མས་ཐུགས་བསམ་རེ་གཏོང་བའི་ཆེད་དུ་རྩོམ་ཐུང་འདི་བྲིས་པ་ཡིན།
༢༠༡༨ ཟླ་ བ་ ༡ ཚེས་ ༧ ཉིན། ཡོ་རུབ་ནས་ཕུལ།
སྲིད་སྐྱོང་མཁས་དབང་ཞིག་མ་རེད་འབུམ་རམས་པ་མང་ཙམ་རེད་ལག་ཁྱེར་སྟོན་རྒྱུ་མེད་པའི་འབུམ་རམས་པ་ཧ་ཧ
ཡིག་ཉོབ་དེ་ཚོ་མ་བཀོད་ན་བཟང་དུས་བབ་ཚང་།
སྲིད་སྐྱོང་ལ་མཁས་དབང་འབོད་པ་ལས་འབུམ་རམས་པ་འབོད་ན་ལེགས། མཁས་དབང་ཟེར་ན་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལྟ་བུ་དགོས་པ་དང་། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དང་སྲིད་སྐྱོང་གཉིས་བར་ལ་གནམ་ས་ཁྱད་པར་ཡོད།
དོན་དང་མ་མཐུན་པའི་ངོ་ཚ་དང་ལར་རྒྱ། སྤྱི་སེམས་ཀྱི་དྲི་ཙམ་ཡང་མེད་པའི་མི་ངན་འདིའི་ཀུན་སྤྱོད་ཕྱིར་མངོན་པ་འདི་དག་ལ་ཚངས་བསམ་གཞིགས་གནང་གལ་ཆེ་བ་དང་། སྔོན་མ་ཡང་འདི་རིགས་ནས་སྡུག་སྐད་ཤོར་མྱོང་ཡོད་ནའང་གསར་ཤོག་ནང་བསམ་ཞིབ་མེད་པར་ཡིག་འཆར་འགོད་ཡུལ་དུ་གྱུར་ན་བློ་ཕམ་གྱི་རང་བཞིན་དུ་མངོན།།
དམངས་གཙོ་ཚད་ལྡན་གྱི་ཐོག་ནས་འདེམས་ཐོན་བྱུང་བའི་སྲིད་སྐྱོང་ཞིག་ལ་བོད་པས་མི་འགའ་ཤས་ཤིག་གི་ཚད་ལས་བརྒལ་བའི་དམའ་འབེབས་བྱེད་པ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་མུས་རེད།ད་ནས་བཟུང་རྒྱ་ནག་ཕྱོགས་ནས་བོད་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་ལ་སྐྱོན་བརྗོད་བྱ་དགོས་ཀྱི་མི་འདུག
ཕྱིར་སྡོད་བོད་མི་འགའ་ཤས་ཤིག་དམངས་གཙོ་དང་སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་རྒྱ་ནག་གི་འགྲིན་ཚབ་པ་བྱེད་བཞིན་ཡོད་པ་བློ་ཕམ་རང་བཞིན་རེད།
འདི་ལས་ལྷག་མ་འབེབས་དང་མཐོང་ཆུང་ཁྱད་བསོད་ཚིགས་མཚོན་སོགས་ནུས་པ་ནི་དཔེ་རེད་མ་འོངས་པར་ང་ཚོས་སྲིད་སྐྱོང་བོད་ཡིག་གཅིག་པུ་ཤེས་མཁན་ཞིག་གདམས་དགོས་དེ་ནས་ག་བ་ལ་སླེབས་ས་རེད་ཧ་གོ་ཡོང་།
མི་ལོ་བརྒྱད་རིང་མཁས་དབང་ཨོ་བྷ་མ་ཞེས་མ་ཐོས་རུང་། མི་ལོ་བཅུའི་རིང་ཟམ་གདོང་རིན་པོ་ཆེས་སྲིད་སྐྱོང་བར་མཛད་སྐབས་༼མཁས་དབང་ཟམ་གདོང་རིན་པོ་ཆེ་ཞེས༽འབོད་པ་གོ་མ་མྱོང་ངམ། ད་ཕལ་ཆེར་རྒྱལ་བ་རིན་པོ་ཆེ་ལའང་རིན་པོ་ཆེ་ཞེས་མ་ཞུ་ཟེར་ཉན་འདུག །ད་ཡིན་ན་་་་་་་་་་་
ཕྱི་ནང་ངོ་མི་ཤེས་པའི་རྩོམ་པ་པོ་།
གཞན་ལ་བལྟས་བའི་མིག་ཡོད་ཀྱང།རང་ཉིད་བལྟ་ཡི་མེ་ལོང་དགོས་པའི་དཔེ་ལྟར་ནས་བཤད་པ་ཡང་རྩོམ་འབྲི་པ་ཡིན་ན་ལེགས་པོ་ཡོད་པས།རྟོག་ཙམ་མ་འགྲིག་པར་ཡང་གང་ཟག་གཞན་ཞིག་ལ་སྐྱོན་འཛུགས་རྐྱང་རྐྱང་བྱེད་བསྡོད་པ་ཡིན་ན་ཅི་ཕན།ལགས་ན་སྲིད་སྐྱོང་ཁོང་ལ་སྐྱོན་རྐྱང་རྐྱང་འཚོལ་བསྡོད་པ་མ་གཏོགས་ཁོང་ལ་དགེ་མཚན་ག་རེ་འདུག་མ་བལྟས་པ་གང་ཡིན་ནམ།སྲིད་སྐྱོང་ནི་མཆོག་གསུམ་བོད་མི་ཡོངས་ཀྱི་འདེབས་པ་རེད་ལ།ཁྱེད་ལ་ན་ཟུག་དྲག་པོ་རྒྱག་དགོས་པ་གང་རེད།ནམ་མཁའ་ལགས།བོད་པ་འགའ་ཤས་རང་རིགས་མི་དེ་དག་ལ་རྒྱབ་སྐྱོར་བྱ་མ་ཐུབ་ན་ཁ་རྡུང་གཏོང་རྐྱང་བྱེད་ནས་བསྡོད་པ་ཡིན་ན་སོ་སོའི་རྐང་པ་ལ་སོ་སོའི་རྡོར་གཞུ་པ་གཅིག་པ་མ་ཡིན་ནམ།
སྤྱིར་བཏང་བྱས་ན་རང་བཙན་ལག་དེབ་(དཔྱ་ཁྲལ་ལག་དེབ།) ནང་གི་ཐོ་འགོད་རྣམས་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་གནང་སྲོལ་ཡོད་པ་ལས་དོ་བདག་སོ་སོས་བྱེད་ཀྱི་མེད། གཞན་གྱིས་ཡིག་ནོར་བྲིས་པ་དེ་དོ་བདག་གིས་མི་ཤེས་རྨོངས་པའི་རྒྱུ་མཚན་དུ་བཟུང་ནས་༡༽ དམའ་དབེབས། ༢༽ མཐོང་ཆུང།
༣༽ ཁྱད་གསོད། ༤༽ ཚིག་རྩུབ་གང་མང་མང་བཤད་ན་ཧ་ཅང་ཐལ་དྲག་པ་མ་ཡིན་ནམ། འཇིག་རྟེན་ཡ་རབས་བཟང་སྤྱོད་དང་འགལ་བ་མ་ཡིན་ནམ། དེ་ཡང་མང་མོས་བྱུང་ནས་རྒྱལ་ཁ་ལོན་པའི་སྲིད་སྐྱོང་ཞིག་ལ་ཁྱད་གསོད་གནང་ན་དོན་ལ་བོད་མི་མང་མོས་ཀྱི་སེམས་ཁམས་ལ་ཁྱད་གསོད་གནང་བ་མ་ཡིན་ནམ། ལེགས་པར་སོམས་ཤིག
ལེགས་པར་བརྟག་ལ་ང་ཡི་ངག །
བླང་བར་བྱ་ཡི་འགྲན་ཕྱིར་མིན།།
ང་ཚོས་བོད་པ་མང་དག་ཞིག་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་ཚོར་སྣང་བྱུང།ཁ་ནང་ང་ཚོས་ནང་པ་དང་ཡང་ན་འགྲོ་བ་རིགས་དྲུག་ཟེར་ནས་རྒྱུན་མ་ཆད་ནས་ལབ་སྡོད་ཀྱི་ཡོག་རེད།དོན་དངོས་ལ་ངར་རྒྱལ་ཕྲག་དོག་གཏི་མུག་ཐོག་བྱ་སྤྱོད་སྤེལ་བཞིན་པ་རེད།གཅིག་གི་གཅིག་ལ་རྒྱབ་སྐྱོར་བྱ་ཡི་ཚུལ་དུ་གཅིག་གུ་གཅིག་གནོད་སྐྱེལ་གང་ཐུབ་རེད།སྐད་ཆ་ཅིག་འདྲིས་ཡ་ཁྱེད་ཀྱི་དེ་སྔ་རྒྱ་ནག་དམར་ཤོག་ལ་ཁ་གཏད་ཚུལ་དུ་རྩོམ་ཡིག་ཕན་ཐོག་ཡོད་གང་སྤེལ་མྱོང་ཡོད་དམ།
ཁྱོད་ཀྱི་བོད་ཡིག་གི་ཤེས་ཚད་ལ་བལྟས་ན་སྲིད་སྐྱོང་ལ་ཁ་གཏོང་བའི་ཆ་རྐྱེན་ཚང་གིན་མི་འདུག ། ངོ་མ་ཡིན།
ཁྱོད་ནོར་ཐལ། སྲིད་སྐྱོང་ལ་ཁ་གཏོང་བའི་ཆ་རྐྱེན་ཚང་འདུག ཆ་རྐྱེན་དེ་དག་ནི་གཞན་ལ་གཞི་མེད་སྐྱོན་བརྗོད་བྱེད་པའི་ཡི་གེ་ཅུང་འབྲི་ཤེས་པ་དང་། རང་ལ་འཇོན་ཐང་ཅི་ཡང་མེད་པས་ལས་མེད་དྲ་འབུལ་གྱུར་པའོ།།
ཧཧཧ
མ་འོངས་པའི་སྲིད་སྐྱོང་དེ་བོད་གཅིག་པུ་ཤེས་མཁན་ཞིག་གདེམས་རོགས་གྲོགས་པོ་དེང་དུས་ཀྱི་ཤེས་ཡོན་དེས་ང་ཚོ་ལ་ཕན་མེད་རེད་རང་བཙན་ལག་དེབ་སྟེང་ལ་མིང་སུས་བྲིས་པ་རེད་དམ་བསམ་བློ་ཡག་གཏོང་ཨེ་ཡོད་དམ
སོ་སོའི་མིང་བྲིས་མ་ཤེས་མཁན་སུ་ཡོད་རེད། འབྲེལ་མེད་དོན་གཞན་རང་རེད།
རྒྱ་དམར་གྱིས་བཙན་དབང་དང་ཐུབ་ཚོད་གཏོང་བཞིན་འོག་རང་ཅག་བོད་རིགས་སྐྱབས་བཅོལ་བའི་གནས་སྟངས་ཉམ་ཐག་ངང་དུ་གནས་བཞིན་དུ་གཅིག་གིས་གཅིག་ལ་སྐྱོར་རོགས་བྱེད་དགོས་ཚོད་ལ་དོན་མེད་དོན་ཆུང་གཅིག་གིས་གཅིག་ལ་དམའ་འབེབས་མཐོང་ཆུང་བྱས་ནས་བསྡད་ན་བྱེད་སྟངས་ནོར་བ་མ་ཡིན་ནམ། བསམ་བློ་ལེགས་པར་གཏོང་རོགས་གནང་།
Our Sikyong is an Indian Politician.
རང་མིང་འབྲི་མི་ཤེས་པའི་གནས་སྟངས་དེ་བློ་སེང་ཁོང་སྲིད་སྐྱོང་མ་ཆགས་གོང་གི་གནས་ཚུལ་ཡིན་སྲིད། ནམ་མཁའ་ཁྱོད་ཀྱང་རང་མིང་འབྲི་མི་ཤེས་པའི་གནས་སྟངས་དང་སྐབས་ཤིག་བྱུང་ཡོད་དེ། སྦྱངས་ནས་ད་ལྟ་ཤེས་ཐུབ་པ་བྱུང་བའི་ཕྱིར། དེས་ན་བློ་སེང་སྲིད་སྐྱོང་ཆགས་ནས་རང་མིང་འབྲི་མི་ཤེས་པའི་གནས་སྟངས་ལྟ་བུ་བཅོས་ནས་བོད་རིགས་རྣམས་ཀྱིས་ངོམས་སུ་ཆོག་པའི་མཁས་དབང་དབུ་ཁྲིད་བློ་སེང་ལ་དོན་མེད་དམའ་དབེབས་གནང་ན་ནོར་བ་ཞིག་ཏུ་མཐོང་། ལར་ནས་མཁས་དབང་ཞེས་པའི་མིང་འབོད་ཙམ་ལའང་ནམ་མཁའ་ཁྱོད་ལ་མི་བཟོད་པ་ཆེན་པོ་བྱུང་འདུག་པས་ཀུན་སློང་ལ་སྐྱོན་ཡོད་པ་གསལ་གསལ་ཐིང་ཐིང་རེད་འདུག་ག
སྲིད་སྐྱོང་ནི་མི་དམངས་ཀྱི་འདེམས་པ་རེད།
གང་ལྟར་ཁོང་ནི་ང་ཚོའི་སྲིད་སྐྱོང་རེད། རྩ་དོན་གྱི་ངོས་ནས་བཤད་ན་གང་ཟག་ཅིག་གི་ལས་གནས་འཕོ་འགྱུར་གྱི་གནད་དོན་ཙམ་གྱིས་ཁོང་ལ་འདི་ཙམ་དུ་སྡང་པོ་བྱེད་མ་བབ། གང་ཟག་ཅིག་གི་ལས་གནས་དང་འབྲེལ་བའི་སྡང་ཟུག་གིས་བོད་ཀྱི་སྲིད་སྐྱོང་དང་རྩ་དོན་ལ་རྨ་འབབ་ལ་ཇི་མི་སྙམ་པ་འདི་ངོ་མ་སེམས་ཁུར་སྐྱེ་ས་ཞིག་རེད། ཁྱོད་ཀྱིས་རང་མིང་འབྲི་མི་ཤེས་མཁན་གྱི་སྲིད་སྐྱོང་ལབ་ས་དེ་བོད་ཀྱི་སྲིད་སྐྱོང་ལབ་ཀྱི་ཡོད་རེད་དོ། བོད་ཀྱི་སྲིད་སྐྱོང་ལ་དམའ་འབེབས་རེད། མ་གཞི་དེ་ནི་རང་བཙན་ལག་དེབ་ལས་ཁུངས་ཀྱིས་དབྱིན་ཡིག་ལ་བལྟས་ནས་བོད་ཡིག་བྲིས་པས་འབྲི་ནོར་བཟོས་པ་ཞིག་ཡིན་པ་ཧ་ཅང་གསལ་ལ། ཁོང་གི་མིང་སེང་གེ་ཡང་སངས་རྒྱས་སུ་བྲིས་པ་འདིས་ཁོང་སྒེར་གྱི་ཡིག་ནོར་མིན་པ་རྟོགས་སླ། རྗེས་ནས་བསྐྱར་བཅོས་མ་བྱས་པར་དེ་མུར་ལྷག་པ་ནི་ཁོང་སྒེར་གྱི་མཐུས་ཤོར་དང་ལམ་འགྲོ་མ་རྒྱུག་པ་ཞིག་རེད་ལབ་ན་ཆོག་ས་རེད།
ང་ཚོ་སུ་ལ་ཡང་གཞུང་གི་ལས་ཁུང་དང་དགོན་པའི་སྐྱབས་རྟེན་ཁང་སོགས་ལ་མིང་འབྲི་ས་ནས་ཕར་ཅི་བཞིན་ལབ་ཀྱང་མིང་དང་སྐྱེ་ཚེས་ལོག་པ་བྲིས་པ་བགྲང་གིས་མི་ལངས། འདི་ཚང་མ་གང་དོ་བདག་དེ་ཡིག་རྨོང་ཡིན་པའི་དན་རྟགས་སུ་འགྲོ་དཀའ། མ་གཞི་རྩོམ་འདིས་བློ་བཟང་སེང་གེ་ལ་དམིགས་བསལ་ཕན་གནོད་གང་ཡང་མི་བྱེད་ན་ཡང་། ང་ཚོ་བོད་ཡིག་ཅུང་ཟད་ཤེས་བསམ་མཁན་ཚོར་དྲང་བདེན་གཏན་ནས་མེད་པ་འདི་དངོས་གནས་ཐབས་སྐྱོ་བོ་དང་བློ་ཕམ་པོ་ཞིག་ཏུ་མཐོང་སོང་། དངོས་གནས་ཡིན། ཕྱོགས་ཞེན་དང་གཞན་ལ་གང་གནོད་འབྲི་བ་ཙམ་ལས་རང་སེམས་དཔང་དུ་བཞག་ནས་བདེན་དོན་གྱི་ལ་རྒྱ་ལ་ནི་ཐལ་བ་སྤར་མོ་གང་གི་རྩིས་ཀྱང་མི་བྱེད་པ་འདུག རང་གི་ཕྱོགས་ཡིན་མིན་ལས་དོན་དངོས་ཡིན་མིན་ལ་གཏན་ནས་མི་བསམ་པ་འདིས་སེམས་ཤུགས་གཅག་གི་འདུག་གོ།
དེ་ཧམ་སང་དགོས་ཡ་དང་ཧོན་ཐོར་དགོས་པ་ཞིག་མ་མཐོང།འགའ་ཤས་ཀྱིས་རྒྱ་གར་མི་སེར་བསྒྱུར་ནས་བོད་པ་ནིན་མདོག་མདོག་དང་ཕྱི་རྒྱལ་ཁག་ཏུ་ཞུགས་པའི་བོད་མི་མང་དག་ཞིག་ཕྱི་རྒྱལ་མི་སེར་བསྒྱུར་ཐབས་བྱེད་བཞིན་ཡོད་པ་མ་ཚད་ཕྲུ་གུ་མང་ཤོས་བོད་སྐད་ཤེས་ཀྱི་ཡོདག་མ་རེད།ཁྱེད་ཀྱི་དེ་དག་ལ་ཁྱེད་ཚོ་བོད་པ་མ་རེད་ཟེར་ལབ་རྒྱུ་ཡིན་པས་ཡང་ན་ཁྱེད་ཚོས་ངོ་ཚ་ཡ་མི་འདུག་ལབ་རྒྱུ་ཡིན།