མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་སྒྲིག་འཛུཊ་ནང་སྲིད་དབང་སྒེར་གཅོད་ཀྱི་མགོ་བོ་རྡོག་གཅིག་འབུར་ས་མེད་པ་བཟོ་རྒྱུ་དེ་ངའི་དམིཊ་ཡུལ་ཡིན།

བོད་ཀྱི་དུས་བབ།
༢༠༡༨/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

འཚོགས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགལ་ཟླ་རྩོད་རྙོག་བྱུང་གི་ཡོད་པ་དེ་དག་ཁ་གསལ་གཏིང་གསལ་དང་ཐག་གཅོད་ལེགས་པོ་གནང་རོགས་ཞེས་གྲྭ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས་འབོད་སྐུལ་ཞུས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་ལྷོ་ཕྱོགས་སེར་བྱེས་གཙང་པ་ཁང་ཚན་ནས་ཡིན་པའི་གྲྭ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས། ཉེ་སྔོན་ཁོང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་དབང་སྒེར་གཅོད་རྡོག་གཅིག་འབུར་ས་མེད་པ་བཟོ་བའི་ཆེད་དུ་རང་ལུས་མེར་སྲེག་གནང་རྒྱུ་ཡིན་པའི་གནས་ཚུལ་ཞིག་སྤྱི་ཚོགས་བརྒྱུད་ལམ་དུ་སྤེལ་ཡོད་པའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བྱས་སོང་བ་དང་། ཁོང་གིས་འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གནང་སྟངས་ཤིག་གིས་སྤྱི་ཚོགས་ནང་དཀྲུག་ཤིང་དང་འགལ་ཟླ་མང་པོ་བྱུང་ཡོད་སྟབས། འཆར་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་དེ་ལ་ཐག་གཅོད་ཡག་པོ་ཞིག་དང་། སྤྱི་ཚོགས་ལ་ཁ་གསལ་གཏིང་གསལ་གྱི་གསལ་བཤད་ཅིག་ངེས་པར་དུ་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

དེ་ཡང་གསར་འགོད་ལྷན་ཚོགས་ཐོག་གྲྭ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས་ཤོག་ངོས་ལྔ་དང་དོན་ཚན་གསུམ་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་སོང་བའི་ནང་དུ། འདས་ལོའི་ཕྱི་ཟླ་༡༡ པའི་ནང་དང་ཟླ་འདིའི་ཚེས་ ༤ ཉིན་ཁོང་གིས་ཨམྲ་ཝ་ཏིའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་སོགས་མཇལ་སྐབས། ཁོང་གིས་རང་ལུས་མེར་བསྲེག་གཏོང་རྒྱུའི་བློ་ཐག་བཅད་པའི་གནས་ཚུལ་དེ་ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་མཚན་མོར་སྐད་འཕྲིན་རྒྱབ་ཏུ་བཀོད་པ་ཡིན། དེ་སྔོན་ནས་སྲིད་དབང་སྒེར་གཅོད་དང་ཕྱོགས་ཁག་དཔུང་སྒྲིལ་སོགས་ཡིད་སྐྱོ་བའི་གནས་སྟངས་མང་པོ་ཞིག་མཐོང་ཐོས་བྱུང་ཡོང་དུས་བསམ་བློ་ལན་མང་བཏང་བས་རང་ལུས་མེར་སྲེག་གི་བྱ་བར་འཇུག་དགོས་པ་འདྲ་མཐོང་། གང་ལྟར་གནད་དོན་གསུམ་ཚང་ན་རྩ་དོན་གྱི་དམིགས་ཡུལ་ཞིག་གི་ཆེད་དུ་རང་ལུས་མེར་སྲེག་ལས་འགུལ་སྤེལ་དགོས་པར་མཐོང་། གནད་དོན་གསུམ་ནི། བཙན་བྱོལ་བོད་མིའི་མཐོ་རིམ་དབང་འཛིན་པའི་ཁྲོད་དུ་སྲིད་དབང་སྒེར་གཅོད་ཡོད་པ་དང་། སྲིད་དབང་སྒེར་གཅོད་ལ་ངོས་ལེན་མི་བྱེད་པ། སྲིད་དབང་སྒེར་གཅོད་ལ་ཡོ་སྲང་མི་བྱེད་པ་བཅས་གསུམ་ཡིན། རྩ་དོན་གྱི་དམིགས་ཡུལ་གཅིག་ནི་བཙན་བྱོལ་སྒྲིག་འཛུགས་ནང་དུ་སྲིད་དབང་སྒེར་གཅོད་ཀྱི་མགོ་བོ་རྡོག་གཅིག་ཀྱང་འབུར་ས་མེད་པ་བཟོ་རྒྱུ་དེ་ཡིན། ཅེས་བརྗོད་འདུག

ཡང་ཁོང་གིས།  བོད་ཀྱི་མང་གཙོའི་སྲིད་གཞུང་འདི་རིན་ཐང་ཆུང་ཆུང་ཞིག་ག་ལ་ཡིན། འདི་ནི་ལོ་ངོ་བརྒྱ་ཡི་ཡར་སྔོན་༧སྐུ་མདུན་སྐུ་གོང་མའི་སྐབས་ནས་དགོངས་བཞེས་མཛད་ཅིང་འགོ་འཛུགས་ཐབས་ཤེས་མཛད་ཡོད། ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་འབད་ཐབས་མཛད་ཅིང་། མི་ལོ་ལྔ་བཅུ་ལྷག་ཙམ་རིང་གཡས་སྐྱོར་གཡོན་སྐྱོར་གྱིས་སྐྱེད་སྲིང་མཛད་པའི་མང་གཙོའི་སྲིད་གཞུང་ཚད་དང་ལྡན་པ་ཞིག་ཡིན། འདི་ཉིད་བོད་མི་རིགས་རིག་གཞུང་དང་བཅས་པ་རྒྱུན་གནས་ཐུབ་པའི་ཀ་བ་ལྟ་བུར་གཟིགས་ནས་འཛུགས་གནང་མཛད་པ་ཡིན། གཞིས་བྱེས་གཉིས་ཀྱི་མི་མང་གི་རེ་ལྟོས་བཅོལ་སའི་གཞུང་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་ལྔ་བཅུ་ལྷག་གིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་སྐུ་ལུས་མེ་ལྕེར་བསྒྲོན་སྐབས་ཤི་དུར་ཁུང་ནས་རེ་བའི་མིག་འབུར་སྲིད་གཞུང་འདི་ལ་གཏད་ཡོད། ཡུལ་གྲུ་གཞན་སུ་གཅིག་གི་སྲིད་གཞུང་དང་བསྡུར་ཐབས་མེད་པའི་སྲིད་གཞུང་ཡིན། འདི་འཛུགས་མཁན་གྱི་ཆ་ནས་བསྡུར་ཐབས་མེད་ལ། དམིགས་ཡུལ་གྱི་ཆ་ནས་བསྡུར་ཐབས་མེད། སྐྱེད་སྲིང་མཛད་སྟངས་ཀྱི་ཆ་ནས་བསྡུར་ཐབས་མེད། དེར་བརྟེན་ང་ཚོའི་མང་གཙོའི་སྲིད་གཞུང་འདིར་མཐོ་རིམ་དབང་འཛིན་པས་གང་བྱུང་བྱེད་དབང་མེད་ཅིང་བྱེད་ཀྱང་མི་རུང་། ཞེས་བརྗོད་འདུག

འཚོགས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འབོད་སྐུལ་བྱས་དོན། སྲིད་གཞུང་འདི་ནི་ཡུལ་གྲུ་གཞན་དག་གི་སྲིད་གཞུང་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན། གོང་ཞུས་ཀྱི་སྐྱོ་གནས་རྣམས་ནི་འཛིན་སྐྱོང་བཀའ་ཤག་གིས་ཕྱག་ལས་གནང་ཕྱོགས་དང་འབྲེལ་བ་ལས་བྱུང་ཡོད། ད་དུང་བློ་འཚབ་འབྱུང་གཞི་གཞན་ཞིག་ནི་གནད་དོན་དེ་དག་ཐག་གཅོད་ལེགས་པོ་ཡོང་རྒྱུའི་ཚབ་ལ་རྣོ་ངར་ལྡན་པའི་འཐབ་རྩོད་དང་། ཕྱོགས་འཐེན་དཔུང་སྒྲིལ་གྱི་འཐབ་རྩོད་བརྒྱུད་ནས་དཀར་ནག་གོ་ལྡོག་གི་ཐག་གཅོད་ཀྱི་ཐོག་ལ་འགྲོ་རྒྱུའི་ཉེན་ཁ་ཐོན་བཞིན་ཡོད། གནད་དོན་འདི་ཚོ་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་རྒྱུའི་སྐུ་དབང་ཡོངས་སུ་རྫོགས་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་གོང་ཞུས་ཀྱི་ཁྱད་ཆོས་ལྡན་པའི་ང་ཚོའི་སྲིད་གཞུང་འདི་སྲུང་སྐྱོབ་བྱེད་མཁན་ལ་འཕགས་མཆོག་ཕྱག་ན་པདྨོས་ཕྱུགས་རྫི་ལྟ་བུར་མངགས་པ་ཞིག་དང་། བོད་ཆོལ་གསུམ་རྒྱལ་ཡོངས་མི་མང་གི་སྐུ་ཚབ་ཏུ་མངགས་པའི་ཕ་མ་ལྟ་བུའང་ཡིན། ཡིན་ནའང་ཁོང་རྣམ་པས་རང་འཁྲིའི་འགན་ཁུར་ཚད་ལྡན་མི་ཞུ་བའམ་ངན་རྒྱབ་དཔུང་སྒྲིལ་སོགས་ལྡོག་ཕྱོགས་ཀྱི་བྱ་འགུལ་འཐོན་ཚེ། གོང་ཞུས་ཀྱི་རིན་ཐང་ལ་བརྩི་བཀུར་ཞུ་ཐབས་བྲལ་བ་ཞིག་ཆགས་ཀྱི་རེད། གསར་འགོད་གསལ་བསྒྲགས་འདི་བརྒྱུད་ནས་བཀུར་འོས་སྤྱི་འཐུས་རྣམས་ལའང་གསལ་འདེབས་ཞུ་རྒྱུ་ཞིག་ལ། རང་ཉིད་ལ་གོང་ཞུས་ཕྱུགས་རྫི་ལྟ་བུ་དང་ཕ་མ་ལྟ་བུར་འཛིན་པའི་མཚན་གནས་རྗེས་འབྲེལ་གྱི་ཆེ་མཐོང་ལ་རང་སྲུང་ཐུབ་པ་དང་རང་འཁྲིའི་ཐུགས་འགན་ཆ་ཚང་བཞེས་ཐུབ་པའི་གསོལ་འདེབས་ཞུ་བཞིན་ཡོད། གལ་ཏེ་དེ་ལྟར་མ་བྱུང་ཚེ་མཇུག་འབྲས་ངན་པ་ལྷག་ན་འགན་འཁྲི་སུ་ཞིག་ལ་བབ་མིན་ཐུགས་ལ་མངའ་བར་ཞུ། ཞེས་བརྗོད་འདུག

མཇུག་ཏུ་གསར་འགོད་པས། སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་གནད་དོན་དེ་དག་གི་ཐོག་གླེང་སློང་དང་བཟང་ཕྱོགས་ཀྱི་འགྱུར་བ་མ་བྱུང་བ་ཡིན་ན། ཁྱེད་ཀྱིས་རང་ལུས་མེར་སྲེག་ལས་འགུལ་གྱི་ལམ་ཀ་དེར་འགྲོ་རྒྱུ་ཡིན་ནམ་ཞེས་དྲིས་པར་ཁོང་གིས། གནས་སྟངས་ལ་ལྟ་ཡི་ལྟ་ཡི་བྱས་ཏེ་ཐག་གཅོད་དགོས་པ་ཞིག་རེད། ཅེས་བརྗོད་སོང་།

ཡང་གྲྭ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱི་རེ་སྐུལ་ལྟར་གནད་དོན་འདི་དང་འབྲེལ་ནས་སྒེར་འབྲེལ་གནང་འདོད་ཡོད་མཁན་ཚོས་ཁོང་གི་ཁ་པར་ཨང་གྲངས་ ༩༨༨༠༠༡༧༩༡༦ ཐོག་འབྲེལ་བ་གནང་རོགས།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Resisting China’s Occupation: 1 October Joint Statement. Photo Credit: International Tibet Network
Mobile App

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བ་ནི་མི་མང་ལ་དྲག་གནོན་བྱས་པའི་ཉིན་མོ་ཞིག་ཡིན།

སྐར་མ ༡༧ སྔོན་ལ།
ཕྱ་ིལོ་ ༢༠༢༥ ཟླ་ ༩ ཚེས་ ༡༨ ཉིན་ཨུ་རུ་སུའི་ཡུལ་སྐོར་བ་ ༡༦ འགྲམ་འགག་སྒོ་ནས་བོད་དུ་ཕྱིན། དྲ་ལ་མ་གྱི་པར།
Mobile App

ཨུ་རུ་སུའི་མི་ ༡༦ ཐོངས་མཆན་རིན་མེད་ཐོག་འགྲམ་འགག་སྒོ་ནས་བོད་ནང་ཕྱིན།

སྐར་མ ༣༠ སྔོན་ལ།
Jian Guo (R) had denied spying for China during his trial
Mobile App

ཇེན་གོ་ཡིས་གསང་མྱུལ་བྱས་པའི་ནག་ཉེས་འོག་ལོ་བཞི་དང་ཟླ་དགུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡ སྔོན་ལ།
Mobile App

འོས་བསྡུའི་ལས་འཕར་འགན་འཛིན་གཉིས་ཀྱིས་ལས་ཁུར་དམ་འབུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
Alexandra Xanthaki was appointed UN Special Rapporteur in the field of cultural rights in October 2021
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པས་ཧྥ་རན་སིའི་འགྲེམས་སྟོན་ཁང་ལ་སྐྱོན་བརྗོད་གནང་།

༢༠༢༥/༠༩/༣༠
Mobile App

རྒྱ་ནག་གིས་ཇོ་མོ་གླང་མར་གཏེར་ཁ་སྔོག་འདོན་བྱེད་ཉེན་ཡོད་འདུག

༢༠༢༥/༠༩/༣༠

མཆན། 12

  1. བོད། says:
    ལོ་ 8 སྔོན།

    གྲ་པ་སྨྱོན་པ་དེ་དགོས་པའི་ཆོས་མ་བྱས་མི་དགོས་པའི་འཇིག་རྟེན་མགོ་ནག་པའི་ཇུས་ཏོག་འདྲ་བྱས། ཨ་ཁཁ་་་་་་་

    Reply
  2. གླང་དར་མའི་བུ་ཚ says:
    ལོ་ 8 སྔོན།

    སྲིད་དབང་སྒེར་གཅོད་པ་དངོས་མ་དེ་རྒྱ་གཞུང་རེད་་་་་ཨ་ཁ་་་ད་དུང་ཡང་ཤེས་མེད་པར་འདྲ་་་་་
    གྲྭ་རྒན་དེ་གི་དགྲ་དགའ་གཉེན་སྡུག་གི་ལས་ཀ་དངོས་མ་བྱེད་བཞིན་འདུག་་་་་

    Reply
  3. ལྷ་མོ says:
    ལོ་ 8 སྔོན།

    ཐུགས་རྗེ་ཆེ། ཁྱོད་ཀྱི་རིག་པར་ཞིབ་བཤེར་བྱེད་བཞིན་ཡོད།
    གྲྭ་པ་སྨྱོན་པ་དེ་འདྲའི་ལ་སྐད་ཆ་འདྲིས་ནས་སྤྱི་ཚོགས་ལ་ཕན་ཐོག་པ་འདུག་དང་མི་འདུག

    དཔེ་འདིར་བཞིན
    ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། །མཁས་པར་གྱུར་ན་དུལ་བར་གནས། །ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། །རྒྱ་མཚོས་ཅ་ཅོ་ག་ལ་སྒྲོག །

    ཡང་ན།

    མཁས་པ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲང་། །ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག། །

    Reply
  4. ལྷ་མོ says:
    ལོ་ 8 སྔོན།

    གྲྭ་པ་སྨྱོན་པ་དེ་འདྲའི་ལ་སྐད་ཆ་འདྲིས་ནས་སྤྱི་ཚོགས་ལ་ཕན་ཐོག་པ་འདུག་དང་མི་འདུག

    དཔེ་དེ་བཞིན
    ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། །མཁས་པར་གྱུར་ན་དུལ་བར་གནས། །ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། །རྒྱ་མཚོས་ཅ་ཅོ་ག་ལ་སྒྲོག །
    ཡང་ན།

    མཁས་པ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲང་། །ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག། །

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ནང་ཆོས་སྙིང་པོ་འཚེ་བའི་བྱ་ལས་སྤོངས་།
    ལྷག་བསམ་འགན་འཁུར་ལག་ལེན་ཁ་ཕྱོགས་ནོར་།
    རྒྱུ་ཚན་གནས་ལུགས་ཁྲིམས་ཀྱི་བདག་སྤྲོད་ཐུབ་།
    བསམ་ཆུང་ཚབ་ཚུབ་མ་གནང་བློ་རྒྱ་ཆེ་ཙམ་གྱིས་།

    Reply
  6. བོླ་ཤེས་རབ། says:
    ལོ་ 8 སྔོན།

    ད་ཡིན་ན་གསར་བསྐོས་པ་ཚོས་དྲི་བ་དྲི་ས་རྫོགས་ཡིན་ས་རེད། མི་སྨྱོན་པ་དེ་ཚོ་ལ་དྲི་སྐོས་བྱེད་ནས་ད་དུང་བོད་མིའི་སྤྱི་ཚོགས་ནང་ཁྱབ་སྤེལ་བྱེད་འདུག ཨ་ཁ་ཁ་་་་་་ད་ཡིན་ན་རྒྱ་གར་གསར་སྐོས་པ་དང་ཁུངས་ལུང་མེད་པ་ཆ་རེད་འགྲོ་ས་རེད། གནས་ཚུལ་སྤེལ་ཡ་ལ་མ་སྡང་ན་བླ་མ་དང་སྤྱི་ཚོགས་སྟེང་མི་དམིགས་དཔེ་འགྲོ་བ་ཚོའི་ལོ་རྒྱུ་དང་མང་ལ་བློ་སྐྱེས་སྤྲོད་ཡ་དུ་མ་ཡོད་རེད།

    Reply
  7. kunpolamagoogle says:
    ལོ་ 8 སྔོན།

    དུད་འགྲོ་ལས་ཀྱང་རྨོངས་པའི་གྲྭ་ཟུགས་བདེན་རྫུན་དབྱེ་བ་ཕྱེ་མི་ཤེས་དྲང་མིན་དབྱེ་མཚམས་ཕྱེ་མི་ཤེས་མཁན། རང་ཤིི་ཡ་ལ་མ་འཇིགས་ན་། བླངས་དོར་མི་ཤེས་པའི་གླན་ལྐུག་དེ་འདྲ་མེད་ན་ཡག་གི་རེད་མེ་ལ་འཆོང་ཤིག། བོད་སྤྱི་ལ་གྱོང་ཡོག་མ་རེད་འཆོངས་འཆོངས་ཤིག། ཁྱེད་རང་འདྲ་པོ་མེད་དགོས་གི་རེད།།

    Reply
  8. feelsojang says:
    ལོ་ 8 སྔོན།

    དང་ཐོག་སྲིད་དབང་སྒེར་སྤྱོད་འདུག་ན་རེ་རེ་བཞིན་ཐེར་འདོན་བྱེད་དགོས། དེ་མིན་བརྒྱ་བཤད་སྟོང་བཤད་བྱས་ཏེ་རང་ཤི་བརྒྱབ་ཀྱང་མི་ཕན། ད་བར་དུ་བོད་བརྒྱ་དང་ལྔ་བཅུ་ལྷག་གིས་རང་ལུས་མེར་བསྲེགས་བཏང་བ་རེད། གྲུབ་འབྲས་གང་ཐོབ་སོང་།

    Reply
  9. བོད་དགའ་ says:
    ལོ་ 8 སྔོན།

    ཕ་ཡུལ་གངས་ལྗོངས་ལགས་།རིགས་གསར་སྐབས་བུ་ཕྲུག་གི་ཕ་མ་ལ་འཐབ་རྩོད་དང་སློབ་མའི་དགེ་རྒན་ལ་འཐབ་རྩོད་བྱེད་པ་དེ་ནི་།ངེས་པར་དུ་རྒྱ་དམར་གྱི་བཙན་དབང་ཡིན་པ་མཁྱེན་པར་མཛོད་། དེ་དང་ཆབ་གཅིག་དེང སང ་ཆོས་དད་རང་དང ་དམངས་གཙོའི་རང་དབང་ཁ་ལ་ཁྱེར་ནས་། སློབ་མའི་བླ་མ་ལ་ངོ་རྒོལ་དང་འབངས་མིའི་དབུ་ཁྲིད་ལ་རྒྱུ་མཚན་མི་ལྡན་པའི་སྨ་འབེབས་བྱེད་པ་དེ་ནི་ འཐབ་ཕྱོགས་གཅིག་གྱུར་དང་དངུལ་དཱ་ཡང་གི་ནུས་པ་ཡིན་པ་གོར་མ་ཆག་།།

    Reply
  10. བོད་དགའ་ says:
    ལོ་ 8 སྔོན།

    དུད་འགྲོ་ལས་རྨོངས་པའི་གྲྭ་གཟུགས་རང་ལུས་མེ་བསྲེག་ཐོང་ཤིག་།

    Reply
  11. བདེན་པའི་རྒྱབ་ལངས། says:
    ལོ་ 8 སྔོན།

    སྐུ་ཞབས་ཁོང་ཡིད་རང་བསྔགས་བརྗོད་ཡོད།

    Reply
  12. ཕ་ཡུལ་གངས་ལྗོངས། says:
    ལོ་ 8 སྔོན།

    རྒན་རབས་པའི་ངག་རྒྱུན་ལ་རིག་གསར་སྐབས་བུ་ཕྲུག་གི་ཕ་མ་ལ་འཐབ་རྩོད་དང་སློབ་མ་རྣམས་དགེ་རྒན་ལ་རྡུང་འདེགས་གཏོང་གི་ཡོད་ཚུལ་གྱི་ལོ་རྒྱུས་ཡོད་པ་རེད།དེང་སང་མི་འགའ་ཤས་ཀྱི་དམངས་གཙོ་དང་རང་དབང་ཁ་ལ་ཁྱེར་ནས་བོད་རིགས་ནང་ཁུངས་ལ་འཐབ་རྩོད་དང་ངོ་རྒོལ་།ཐ་ན་རང་ལུས་མེ་སྲེད་གཏོང་རྒྱུ་ཡིན་ཚུལ་བཤད་པ་ནི་ཧ་ལས་པའི་ཐབས་སྐྱོ་པོ་ཞིག་མ་རེད་དམ།མི་ལུས་རིན་ཆེན་གསེར་ལས་དཀོན་ཞེས་ཀྱི་དཔེ་རེད།སོ་སོར་རྩ་ཆེན་གཟུགས་པོ་དེ་བོད་རིགས་ནང་ཁུངས་འཐབ་རྩོད་བྱེད་པའི་ལག་ཆ་བཟོ་རྒྱུ་ཡིན་ནམ།ཕྱིའི་དགྲ་ཕར་བཞག་ནང་་ཁུངས་རྙོག་གླེང་ཆེད་དུ་རང་རང་སོྲ ག་དེར་འགྲོ ་བཏང་རྒྱུ་ཡིན་ནམ།ཁྱེད་རང་གྲྭ་པ་ཞིག་ཡིན་རན་ཆོག་བཞག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese