མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

བོད་ཀྱི་དུས་བབ།
༢༠༢༦/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་ཉམས་ཞིབ་ཀྱི་དཔེ་དེབ་ཐོག་ནས་བོད་དོན་གྱི་ཁ་ཕྱོགས་འཛིན་སྟངས་ལ་བསམ་བློ་གཏོང་དགོས་སྐོར་བརྗོད་སོང་།

བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཐོག་དྷ་ས་ས་གནས་མགོ་འཛིན་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་(vijay kranti)ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་(China’s colonial games in Tibet )ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་བ་དང་། དཔེ་དེབ་དབུ་འབྱེད་ཐོག་ཏུ་རྩོམ་པ་པོ་ཝི་ཇི་ཀ་རིན་ཏི་ལགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས། བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས། དེ་བཞིན་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་དྷ་ས་ཁུལ་གྱི་ཉམས་ཞིབ་པ་བཅས་མཉམ་ཞུགས་གནང་སོང་།

སྐབས་དེར་བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས། ཕྱི་ལོ་ ༡༩༧༢ ནས་བཟུང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་རྗེས་བོད་དོན་ཐོག་དམིགས་བསལ་དོ་སྣང་བྱུང་ཞིང་། བོད་དོན་ནི་གཟི་བརྗིད་ལྡན་པ་དང་རེ་བ་ལྡན་པའི་འཐབ་རྩོད་ཅིག་ཡིན་པར་མཐོང་གི་ཡོད་ཅིང་། ༧གོང་ས་མཆོག་གི་དབུ་ཁྲིད་འོག་བོད་མི་རྣམས་ཀྱིས་བོད་དོན་འཐབ་རྩོད་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་བོད་ནང་གི་བོད་མི་རྣམས་ཀྱིས་དཀའ་ངལ་འཛེམས་མེད་ཐོག་བོད་དོན་འཐབ་རྩོད་རྒྱུན་འཁྱོངས་བྱས་པ་དེས་མི་ཚང་མ་སེམས་ཤུགས་བསྐྱེད་ཐུབ་པ་ཞིག་བྱུང་ཡོད་ལ། རང་ཉིད་ལ་མཚོན་ན་རྒྱ་གར་ནང་གསར་འགོད་པའི་ལས་ཀ་བྱས་ཏེ་བོད་མིའི་གནས་སྟངས་ལ་རྒྱུས་མངའ་ཡོད་པ་མ་ཟད། བོད་ནང་གི་ས་ཆ་འདྲ་མིན་དུ་བསྐྱོད་དེ་བོད་དོན་ཐོག་ཉམས་ཞིབ་བྱས་མྱོང་ཡོད་པས།  རང་ཉིད་བོད་མི་རྣམས་ལ་ཧ་ཅང་དགའ་བོ་ཡོད་ལ་༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་ཧ་ཅང་གུས་བརྩི་ཞུ་བཞིན་ཡོད་སྐོར་བརྗོད་སོང་།

ཡང་ཁོང་གིས། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡ་ལན་མ་སྤྲད་ནས་རྒྱུན་རིང་པོ་ཕྱིན་ཡོད་པ་དང་། ༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་བསྡུར་བྱས་པ་དེའང་རྒྱ་ནག་རང་ཉིད་ཀྱི་གནས་སྐབས་ཀྱི་དགོས་མཁོ་མ་གཏོགས་བོད་པའི་དཀའ་ངལ་སེལ་ཆེད་མ་རེད། ཕྱི་ལོ་ ༢༠༠༢ ལོར་༧གོང་ས་མཆོག་གི་སྐུ་ཚབ་རྒྱ་ནག་ནང་ཕྱིན་ཏེ་གྲོས་བསྡུར་བྱེད་མགོ་བཙུགས་པ་དེ། ཡུ་རོབ་མཐུན་ཚོགས་ཀྱིས་བོད་པའི་དཀའ་ངལ་མ་སེལ་ན་བཙན་བྱོལ་བོད་གཞུང་དེ་བོད་ཀྱི་གཞུང་དུ་ངོས་འཛིན་བྱ་རྒྱུ་ཡིན་པའི་གྲོས་ཆོད་ཅིག་བཞག་པའི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་ཡོད་ཀྱང་། དེའི་རིང་རྒྱ་ནག་ནང་ཨོ་ལིམ་ཕིག་རྩེད་འགྲན་འཚོགས་པ་སོགས་བྱུང་རྗེས། ཕྱི་ལོ་ ༢༠༡༠ ནས་བཟུང་རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བརྡ་ལན་ཅི་ཡང་མེད་པས། གནད་དོན་དེའི་ཐོག་བསྐྱར་ཞིབ་ངེས་པར་དུ་དགོས་ཀྱི་ཡོད་པ་དང་། དེ་བཞིན་བོད་པའི་གཞོན་སྐྱེས་ཁྲོད་དུ་བོད་དོན་འཐབ་རྩོད་ཐོག་ཤུགས་རྒྱག་དགོས་སྐོར་བརྗོད་སོང་།

བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།

འདི་གའི་གསར་འགོད་པས་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་སུ་བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱི་རྩོམ་སྒྲིག་བྱས་པའི་དེབ་ཀྱི་གལ་གནད་སྐོར་དྲིས་པར། ཁོང་གིས། བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་ནང་ལོ་མང་པོའི་རིང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་སྐོར་རེད། དེའི་ནང་བོད་ཀྱི་ཁོར་ཡུག ཆབ་སྲིད། ལོ་རྒྱུས་སོགས་ཀྱི་ཐོག་ནས་བཙན་གནོན་བྱེད་བཞིན་ཡོད་པ་གསལ་ཡོད། དམིགས་བསལ་ཉེ་ཆར་བོད་ནང་དུ་བོད་ཡིག་དང་བོད་སྐད་སྦྱོང་རྒྱུ་མེད་པ་བཟོས་ཡོད་པ་དང་། སྦྱོང་འདོད་ཚེ་རྒྱ་ཡིག་ཐོག་ནས་སྦྱོང་དགོས་པའི་སྲིད་ཇུས་ཤིག་བཟོས་ཡོད་པ་རེད། གནད་དོན་མང་པོའི་ཐོག་རྒྱལ་སྤྱིའི་ཁྲོད་ཀྱི་མཁས་དབང་དང་བོད་པ་མང་པོ་མཉམ་དུ་གྲོས་བསྡུར་བྱས་ཏེ་ཚིག་ཐོག་བརྒྱབ་ནས་བཏོན་པའི་དཔེ་དེབ་ཅིག་རེད། དཔེ་དེབ་དེའི་ཁྲོད་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་ཇི་ལྟར་བཙན་གནོན་བྱེད་པའི་སྲིད་ཇུས་ཀྱི་གནད་དོན་ཁག་གསལ་ཡོད་པ་དང་། དེའི་ཐོག་ནས་ང་ཚོའི་མ་འོངས་བའི་ཁ་ཕྱོགས་འཛིན་སྟངས་ལ་བསམ་བློ་གཏོང་རྒྱུ་འདུག ཅེས་འགྲེལ་བརྗོད་བྱུང་།

ཝི་ཇི་ཀ་རིན་ཏི་ལགས་ནི་གསར་འགོད་པ་དང་། བོད་རིག་པ་བ། པར་བ་བཅས་ཡིན་ཞིང་། ཕྱི་ལོ་ ༡༩༧༢ ནས་བཟུང་བོད་དོན་འཐབ་རྩོད་ཐོག་དོ་སྣང་བྱས་ཏེ་ད་ལྟའི་བར་བོད་དོན་དང་འབྲེལ་བའི་དཔེ་དེབ་བཅུ་ལྷག་བརྩམས་ཡོད་འདུག ཁོང་གིས་རྩོམ་སྒྲིག་བྱས་པའི་བོད་དུ་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དཔེ་དེབ་ལ་ཤོག་གྲངས་ ༥༠༠ ཡོད་ཅིང་། དེའི་ནང་བོད་དོན་དང་འབྲེལ་བའི་སྡེ་ཚན་ ༡༢ དང་། རྩོམ་པ་པོ་ ༣༩ ། དཔྱད་རྩོམ་གྲངས་ ༦༠ བཅས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese