མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིར་རྒྱ་གར་ཡུལ་མིས་ཐུབ་ཚོད་བཏང་།

བོད་ཀྱི་དུས་བབ།
༢༠༡༨/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁམས་ཀ་ཐོག་ནང་རྒྱ་གར་ཡུལ་མི་རླངས་འཁོར་གང་ཡོང་སྟེ་གཞིས་གྲོང་དེའི་བོད་མི་ཚོར་གང་བྱུང་དབྱུག་པས་རུབ་རྡུང་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༦ ཉིན་གྱི་དགོང་མོར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཟྰར་མོར་(Sirmaur)རྫོང་སྰ་ཊུན་(Sataun)གྲོང་སྡེའི་ཁམས་ཀ་ཐོག་གཞིས་ཆགས་ནང་བོད་མི་དང་རྒྱ་གར་ཡུལ་མིའི་བར་འཁྲུག་འཛིང་ཤོར་ནས་རྒྱ་གར་ཡུལ་མི་དོས་སྐྱེལ་རླངས་འཁོར་གང་བོད་མིའི་གཞིས་ཆགས་ནང་ཡོང་སྟེ་བོད་མི་ཚོར་གང་བྱུང་རུབ་རྡུང་གིས་བོད་པའི་ཕོ་གསར་བཞི་ལ་རྨས་སྐྱོན་བཟོས་ཏེ་ས་གནས་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཕོ་གསར་གཅིག་གི་རྐང་ལག་གཉིས་བཅགས་ནས་ད་ལྟ་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

འདི་ག་གསར་ཁང་གི་གསར་འགོད་པས། སྰ་ཊུན་གྲོང་སྡེའི་བོད་མིའི་གཞིས་ཆགས་ཀྱི་གཞིས་མགོའི་ལས་ཁུངས་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་སྐབས་ས་འཐུས་བསོད་ནམས་སྒྲོལ་མ་ལགས་ཀྱིས། གནས་ཚུལ་དེའི་བྱུང་རྐྱེན་ཕྱི་ཚེས་༢༥ ཉིན་གྱི་དགོང་མོའི་ཆུ་ཚོད་༡༠ ཡས་མས་ཤིག་ལ་བོད་པའི་ཕོ་གསར་གཉིས་ཚོང་ཁང་ལ་ཟ་མ་ཉོ་རུ་སོང་ཞིང་། རྒྱ་གར་ཕོ་གསར་བཞི་ཚོང་ཁང་ཡོད་ས་དེ་གར་བསྡད་ཡོད་པ་དང་། རྒྱ་གར་ཕོ་གསར་ཚོས་བོད་པའི་ཕོ་གསར་གཉིས་ལ་ག་རེ་བྱེད་ཀྱི་ཡོད་སོགས་དྲིས་པར། བོད་པའི་ཕོ་གསར་ཚོས་ང་ཚོ་ཟ་མ་ཉོ་རུ་ཡོང་བ་ཡིན་ཞེས་བཤད་སྐབས། ཁོ་ཚོར་ག་རེ་བྱས་ནས་བོད་སྐད་བཤད་པ་ཡིན་ཞེས་བརྙས་བསྐོ་ཐབས་བྱས་ཡོད་འདུག་ལ། རྒྱ་གར་ཕོ་གསར་དེ་ཚོས་བོད་པའི་ཕོ་གསར་གཅིག་གི་ལག་མགོར་ཆུ་ཚོད་ཡག་པོ་ཞིག་ཡོད་པ་དེ་སྟོན་དང་སྙིང་རྗེ་མོ་འདུག་ཅེས་ལག་མགོ་ནས་འཕྲོག་བརྩིས་བྱས་སྟབས། ཕན་ཚུན་བར་ཁ་རྩོད་ཤོར་ནས་ལག་འཛིང་བྱེད་མགོ་བརྩམས་ཡོད་པ་དང་། རྒྱ་གར་བ་དེ་ཚོས་བོད་པའི་ཕོ་གསར་དེའི་ལག་མགོའི་ཆུ་ཚོད་འཕྲོག་པ་མ་ཟད། བོད་པའི་ཕོ་གསར་ཚོའི་ཁ་པར་གཉིས་དང་གསེར་གྱི་ལྕགས་ཐག་ཕྲ་མོ་ཞིག་ཡོད་པའང་བོར་བརླག་ཕྱིན་འདུག དེའི་རྗེས་བོད་པའི་ཕོ་གསར་ཚོ་ཕྱིར་གཞིས་གྲོང་ལ་ལོག་ཡོད་ནའང་། རྒྱ་གར་ཕོ་གསར་ཚོས་རླངས་འཁོར་བསྐོར་ནས་བོད་མིའི་གཞིས་གྲོང་ནང་ཡོང་སྟེ་འཁྲུག་འཛིང་བྱས་པ་རེད། དེ་དུས་མཚན་མོ་ཡིན་པས་ང་ཚོ་ཚང་མ་ཉལ་བསྡད་ཡོད་ཅིང་། ཕྱི་ལོགས་ནས་སྐད་ཆེན་པོ་རྒྱག་བཞིན་ཡོད་སྟབས། ང་ཕྱི་ལ་ལྟ་རུ་སོང་བ་ཡིན། སྐབས་དེར་རྒྱ་གར་ཕོ་གསར་ཚོས་བོད་པའི་ཕོ་གསར་གཅིག་ལ་དབྱུག་པས་རུབ་རྡུང་བྱེད་ཀྱིན་འདུག་ལ། གཞིས་མི་ཚོ་ཡོང་ནས་བར་བྱས་ཏེ་རྒྱ་གར་ཕོ་གསར་ཚོ་ཕྱིར་འགྲོ་རུ་བཅུག་སོང་། ཞེས་དང་།

ཡང་མོས་མུ་མཐུད་དགོང་མོ་དེར་བྱུང་བའི་དོན་རྐྱེན་དེ་ངས་དངོས་སུ་མཐོང་ཐོས་བྱུང་མོད། ཕྱི་ཉིན་ཞོགས་པར་བསྐྱར་དུ་ལག་ཆ་ཐོགས་པའི་རྒྱ་གར་བ་དོས་སྐྱེལ་རླངས་འཁོར་གང་བོད་པའི་གཞིས་གྲོང་ནང་འཛུལ་ཡོང་འདུག་ལ། སྐབས་དེར་ང་རང་མེད་ན་ཡང་ལས་རོགས་ཚོས་བཤད་པ་ལྟར་ན། ཉིན་དེར་གཞིས་གྲོང་གི་བོད་མི་ཚོས་ཞོགས་པའི་ཆུ་ཚོད་༡༠:༣༥ སྟེང་ཁོར་ཡུག་གཙང་སྦྲ་བྱེད་ཀྱིན་ཡོད་ཅིང་། རྒྱ་གར་བ་ཚོ་ཡོང་ནས་དེར་ཡོད་བོད་པ་ཚང་མ་རྩ་མེད་བཟོས་ཤོག་ཅེས་གང་བྱུང་དབྱུག་པས་རུབ་རྡུང་བྱས་ཡོད་ཅིང་། དགོང་མོ་དེར་བྱུང་བའི་དོན་རྐྱེན་དང་འབྲེལ་བ་མེད་པའི་དེར་ཡོད་བོད་པའི་ཕོ་གསར་ཚང་མར་རུབ་རྡུང་བྱས་འདུག བོད་པའི་ཕོ་གསར་རང་ལོ་༢༥ ཙམ་ཡིན་པ་ཞིག་རྒྱ་གར་ཚོས་ཁང་པའི་བར་ཁྱམས་ལ་དེད་ནས་རུབ་རྡུང་བྱས་ཏེ་རྐང་པ་དང་ལག་པ་བཅག་ནས་ད་ལྟ་ (Nahan hospital) སྨན་ཁང་ལ་སྐྱེལ་དགོས་བྱུང་ཡོད་པ་རེད། ཕོ་གསར་དེ་དག་གི་མིང་ལ་བཀྲ་ཤིས་རྡོ་རྗེ་དང་ཚེ་རིང་དབང་ཕྱུག དཔལ་ལྡན་རྡོ་རྗེ། རྡོ་རྗེ་རྣམ་རྒྱལ་དང་དེ་དག་གི་ཁྲོད་ནས་རྨས་སྐྱོན་ཚབ་ཆེན་བྱུང་ཡོད་པ་དེ་རྡོ་རྗེ་རྣམ་རྒྱལ་རེད། ཅེས་བརྗོད་བྱུང་།

གཞན་ཡང་འབྲེལ་ཡོད་མིང་བརྗོད་འདོད་མེད་པ་ཞིག་གིས། ད་ལྟ་ང་ཚོས་གནས་སྟངས་དང་གནས་ཚུལ་ཚང་མ་ཉེན་རྟོག་པར་ཡར་ཞུ་བྱས་ཡོད་ལ། དེ་རིང་ཉེན་རྟོག་པས་སྨན་ཁང་དུ་ཡོད་པའི་ཕོ་གསར་གསུམ་ལ་རྟག་དཔྱད་བྱེད་ཀྱིན་འདུག དེ་བཞིན་ཁ་སང་མངའ་སྡེའི་འཐུས་མི་དང་ས་གནས་ཉེན་རྟོག་དཔོན་པོ་གཞོན་པ་སོགས་སྨན་ཁང་དུ་བཅར་ནས་གནས་ཚུལ་ཚང་མར་རྟོག་ཞིབ་བྱས་པ་བརྒྱུད། ཁོ་ཚོས་གནས་སྟངས་གསལ་བོར་ཤེས་རྟོག་བྱུང་ཡོད་པ་རེད། ཡིན་ནའང་དེ་རིང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསར་གནས་རྫུན་མ་འགྲོ་བཞིན་འདུག་པས། ང་ཚོས་གནས་ཚུལ་དེའི་སྐོར་ཁོ་ཚོར་བཤད་པ་ཡིན། ཁོ་ཚོའི་གསར་གནས་ཁག་ལ་ཆ་འཇོག་རྒྱུ་ཡོད་པ་མ་རེད། ཉེན་རྟོག་པས་ཞིབ་འཇུག་ཆ་ཚང་བྱས་ཏེ། གདོང་དང་གདོང་ཐུག་བཅུག་ནས་མཐའ་མའི་ཐག་གཅོད་ཡོང་གི་རེད་ཅེས་གསུངས་སོང་། ཞེས་བརྗོད་བྱུང་།

རྒྱ་གར་གྱི་མཐོང་སྣང་ (Outlook) ཞེས་པའི་གསར་ཁང་གི་གནས་ཚུལ་ལྟར་ན། དོན་རྐྱེན་གྱི་འབྱུང་གཞི་གཙོ་བོ་ཉིན་དེའི་ཕྱི་དྲོར་བོད་པའི་ཕོ་གསར་ཁག་ཅིག་གིས་རྒྱ་གར་ཡུལ་མི་གཉིས་ལ་རུབ་རྡུང་བྱས་ཏེ་ཁོ་གཉིས་ཀྱི་འཕྲུལ་རྟ་བཅག་པ་སོགས་ཀྱི་རྐྱེན་གྱིས་ཡིན་པ་དང་། དེའི་རྗེས་རྒྱ་གར་ཡུལ་མི་ཚོ་བོད་པའི་གཞིས་ཆགས་ནང་སོང་སྟེ་བོད་པའི་ཕོ་གསར་ཁག་ཅིག་ལ་དབྱུག་པས་རུབ་རྡུང་གིས་ཕན་ཚུན་ལག་འཛིང་ཤོར་ཚུལ་དང་། ས་གནས་ཉེན་རྟོག་ཕྱོགས་ནས་དོན་རྐྱེན་དེའི་ཁྲོད་མི་༧ ལ་རྨས་སྐྱོན་ཕོགས་འདུག ཅེས་འཁོད་འདུག

གནས་ཚུལ་གཞན་ཞིག་གི་ནང་གཟའ་འཁོར་ཁ་ཤས་སྔོན་ནས་རྒྱ་གར་བ་དང་བོད་མིའི་བར་མ་འཆམ་པའི་དོན་དག་བྱུང་ཡོད་པ་དང་། རྒྱ་གར་བ་ཚོས་བོད་མི་ཚོར་མཆིལ་མ་འཕེན་པ་སོགས་བྱས་ཏེ། བོད་མི་ཚོས་རྒྱ་གར་ས་གནས་ཡུལ་མི་ཚོས་ང་ཚོར་སུན་བཙེར་དང་བརྙན་བཅོས་བྱེད་ཀྱི་འདུག་ཅེས་ཞུ་གཏུག་བྱས་ཡོད་ཚུལ་དང་།  དེ་བཞིན་ས་གནས་ཉེན་རྟོག་ཕྱོགས་ནས་བོད་མི་དང་རྒྱ་གར་ཡུལ་མིའི་བར་གྱི་འཁྲུག་འཛིང་གི་རྐྱེན་གྱིས་ཡུལ་དེའི་ས་གནས་ཁག་ཅིག་ནང་རྙོག་ཟིང་ལངས་སྲིད་པས། ཉམས་འཇོག་བྱེད་དགོས་པའི་ཉེན་བརྡ་བཏང་འདུག ཅེས་ཀྱང་འཁོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 13

  1. ཕ་ཡུལ་གངས་ལྗོངས། says:
    ལོ་ 8 སྔོན།

    དེ་རིང་དོན་རྐྱེན་འདི་ལ་བརྟེན་ནས་རང་གཞུང་གི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་བཀའ་སློབ་ལམ་སྟོན་དང་ཡུལ་མི་རྣམས་དང་གཞིར་ཆགས་བར་འབྲེལ་ལམ་ཟབ་མོ་བཏང་ཐབས་བྱ་དགོས་པ་གལ་ཆེ།འབྱུང་གྱུར་ལ་དཀའ་ངལ་འདི་རིགས་མི་ཡོང་ཆེད་གཞི་ཁོངས་མི་དམངས་རྣམས་ཟབ་ཟབ་བྱ་རྒྱུ་གལ་ཆེའོ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ང་ཚོ་རང་ས་ཤོར་ནས་མི་ཡུལ་དུ་སྐྱབས་བཅོལ་ནས་བསྡད་ཡོད་ན་ཡུལ་མིའི་མིག་ལ་མི་མཛེས་པའི་བྱ་སྤྱོད་ཁང་པ་རྫིགས་པོ་རྒྱག་རྒྱུ་དང་མོ་ཊ་འགོང་ཆེན་ཉོ་རྒྱུ་སོགས་སྐྱབས་བཅོལ་བའི་མིང་དོན་དང་མ་མཚུངས་ན་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོངས་བཀའ་ཤག་ནས་བོད་མི་ཚོ་མི་ཡུལ་དུ་འགྲོ་བཟོ་སྡོད་མཁས་ཐུབ་པའི་ལམ་སྟོན་ཟན་ནན་མ་གནང་ཚེ་ང་ཚོར་དཀའ་ངལ་འདི་རིགས་མུ་འཐུད་ནས་འཕྲད་སྲིད་པ་མ་རེད་དམ་།

    Reply
  3. སྣང་ཤེས། says:
    ལོ་ 8 སྔོན།

    རྒྱ་གར་འདི་བོད་ལ་གནའ་དེང་གཉིས་གར་བཀའ་དྲིན་ཆེན་པོ་རེད། གནའ་སྔ་མོ་སེམས་རྡུང་ལ་ཆོས་ལ་བཙུད། དེང་སང་ལུས་རྡུང་ནས་སྲིད་ལ་བཙུད། བཀའ་དྲིན་ཆེན་པོ་རེད་ད།

    Reply
  4. ལྷ་མོ says:
    ལོ་ 8 སྔོན།

    ཏོག་ཙམ་རྡུང་པ་ཡིན་ན་རྒྱ་གར་ནི་གནས་ཚང་ཡིན་པ་ལས་རང་ཡུལ་མེད་པ་དྲན་མི་ཡོང་ངམ།ནམ་རྒྱུན་ཁ་རྒྱག་པ་བཤད་པ་ཙམ་ལས་གཞན་གང་ཡང་བྱེད་ཐུབ་ཀྱི་མེད་པ།མགཞིར་བོད་མི་མི་ཤོས་ས་གནས་ཡུལ་མི་གནས་སྟངས་ལ་ལྟོས་ཀྱི་མེད་པ་གསེར་གྱི་ཨ་ལོང་གསེར་འཛུལ་ཀྲིལ་།སྦག་སྦག་དང་མོ་ཏྲ།ཁོ་ཚོས་ཚོར་སྣང་བསམ་བློ་བཏང་མེད་པ།མདོར་ན་བོད་མི་མང་ཤོས་ཞིག་རྫིག་པོ་བྱ་ཡ་དགའ་དྲག་ནས་སྐབས་རེ་ཡུལ་མི་དེ་དག་ལ་ཕོག་ཐུབ་སོང་པ་ཡང་ཡོང་ངེས།གཟབ་གཟབ་བྱ་རྒྱུ་མ་བརྗེད།

    Reply
  5. བདེན་པའི་རྒྱབ་ལངས། says:
    ལོ་ 8 སྔོན།

    གསར་སྒྱུར་ལ་བལྟས་ནས་བོད་གཏམ་དཔེ་ཞིག་དྲན་བྱུང་། གནས་ཚང་གཡར་བས་མ་ཚད་གནས་མོར་རེ་བ་ཟེར་རྒྱབ་འདྲ་བོ་བྱུང་འདུག རང་གི་བཙོས་པའི་ཆང་དེ་ཞིམ་པོ་མེད་ཀྱང་འཐུང་རྒྱུ་རེད།

    Reply
  6. སྲས་སྐུ་ངོ་། says:
    ལོ་ 8 སྔོན།

    ནམ་རྒྱུན་ཁ་རྒྱག་པ་དང་རྫིག་པ་བྱས་ན་་ཡོང་རྒྱུ་འདི་ལས་མེད།

    Reply
  7. སྲས་སྐུ་ངོ་། says:
    ལོ་ 8 སྔོན།

    ནམ་རྒྱུན་ཁ་རྒྱག་པ་བཤད་ན་ཡོང་རྒྱུ་འདི་མེད་།

    Reply
  8. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ང་ཚོ་ལ་ཕ་ཡུལ་མེད་ཀི་།
    མི་ཡུལ་དུ་སྐྱབས་བཅོལ་ཡིན་ཀི་།
    གནས་ཚང་དང་མགྲོན་པོ་ཡིན་ཀི་།

    Reply
  9. རྡོ་སེངྒེ། says:
    ལོ་ 8 སྔོན།

    གཞིས་ཆགས་འདི་ཚོས་རང་ཉིད་ཅིག་ཡིན་བསམ་བཞིན་ཡོད་རེད།
    ཁོང་ཚོས་སོ་སོ་སྐྱབས་བཅོལ་བ་ཡིན་བ་བརྗེད་འདུག

    Reply
  10. དགྲ་ལས་རྣམ་རྒྱལ། says:
    ལོ་ 8 སྔོན།

    ཡ་མཚན། ལོ་འདི་འདྲ་ཞིག་ལ་རྒྱ་གར་དུ་བསྡད། བོད་མིའི་གཞིས་ཆགས་འདིའི་མིང་གོ་བ་དང་པོ་ཡིན། གང་ལྟར། གཞན་གྱི་ཡུལ་ནས་སུ་བདེན་ནའང་། སྙོམ་ཆུང་འདུག་ཤེས་དགོས། བོད་ཀྱི་ཁ་དཔེར། གཉོམ་ཆུང་འདུག་ཤེས་ན། བཙན་པོས་སྒུལ་མི་ཐུབ་ཟེར། བོད་མི་ཚང་མས་གཞན་ཡུལ་ནས་འདུག་ཤེས། འགྲོ་ཤེས་ཡོང་བའི་རེ་བ་ཞུ།

    Reply
  11. བསྟན་འཛིན་སྒྲོལ་ནས says:
    ལོ་ 8 སྔོན།

    གསར་འགྱུར་གྱི་འགོ་བརྗོད་ཧ་ཅང་ཐལ་གྲགས་འདུག སྤྱི་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་ལས་ལྡོག་སྟེ་མི་རིགས་གཉིས་ནང་ཁུལ་མཁོན་འཛིན་གྱི་བློ་དེ་བས་ཤུགས་ཆེ་རུ་གཏོང་རྒྱུའི་ཉེན་ཁ་འདུག གསར་འགྱུར་སྤྱི་འདྲ་ཞིག་སྤེལ་སྐབས་གསར་འགྱུར་དེས་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་རྒྱུའི་བློ་བཅངས་དགོས་ཀྱི་རེད་བསམ་གྱི་འདུག གཞན་དུས་འབབ་ཚང་ནས་གནས་ཚུལ་དེའི་རིགས་ལ་དོ་སྣང་བྱས་ནས་སྤེལ་བ་འདི་ཡག་པོ་རེད།

    Reply
  12. རོང་བཟའ་མ། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་གཅིག་པོས་ཕྱི་ནང་གཉིས་ཀ་མཐོང་གི་རེད། དེ་མིན་པའི་གསར་ཁང་ཚང་མས་རང་གི་ལྟོ་རྒྱབ་ཙམ་ལས་གནད་དོན་འདི་རིགས་ལ་ལག་པ་འཆང་ཕོད་ཀི་མརེད། བོད་པའི་གསར་ཁང་ཚོས་དུས་བབ་ཙང་ལ་དཔེ་ལྟ་རྒྱུ་གལ་ཆེན་རེད་གདའ།

    Reply
  13. ངག་དབང་བརྩོན་འགྲུས་ says:
    ལོ་ 8 སྔོན།

    Sataun ཟེར་བའི་གྲོང་སྡེ་བདེ་གང་དུ་ཡོད་དམ་མ་ཟད་བོད་པ་ཚོའི་ནོར་བ་རེད་དམ་ཡང་ན་རྒྱ་གར་བ་ཚོས་ནོར་བ་ཡིན་ནམ་ ཁྱེད་ཀྱི་གསར་འགོད་འགོད་པ་ཐུགས་ཆེ་གནང་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese