མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མེ་འཁོར་ནང་བསྡད་དེ་ཧི་མ་ལ་ཡ་བརྒལ་རྒྱུ་ངའི་རྨི་ལམ་ཡིན།

བོད་ཀྱི་དུས་བབ།
༢༠༡༨/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ནང་གཞུང་འབྲེལ་སྐོར་སྐྱོད་དུ་ཕྱིན་ཏེ་བལ་ཡུལ་ནས་ཧི་མ་ལ་ཡ་བརྒྱུད་མཛེས་ལྗོངས་ལ་རོལ་ཞོར་དུ་རྒྱ་ནག་ལ་དེང་རབས་མེ་འཁོར་ནང་འགྲུལ་སྐྱོད་བྱ་རྒྱུ་ནི་ང་རང་སྒེར་གྱི་རྨི་ལམ་ཡིན་ཞེས་བརྗོད་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས་མགྲོན་འབོད་བྱས་པ་ལྟར། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཕི་ར་ཌེབ་ཀུ་མར་རྒྱ་ཝ་ལེ་(Pradeep Kumar Gyawali)ཡིས་ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༢༡ བར་རྒྱ་ནག་ནང་ཚོང་འབྲེལ་སྐོར་སྐྱོད་བྱེད་ཀྱི་ཡོད་པ་དང་། དེ་རིང་ཞོགས་པར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཝང་ཆི་ཧྲན་དང་ཕྱི་སྲིད་བློན་ཆེན་ཝང་ཡས་སོགས་ལ་ཐུག་འཕྲད་བྱས་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་གསར་ལམ་དུ་ཐོན་པའི་གནས་ཚུལ་ལྟར་ན། ཐུག་འཕྲད་སྐབས་སྲིད་འཛིན་གཞོན་པ་ཝང་ཆི་ཧྲན་གྱིས། རྒྱ་བལ་གཉིས་ཀྱི་འབྲེལ་ལམ་གཏིང་ཟབ་པོ་དེ་ནི་ཁྱིམ་མཚེས་ཡག་པོ་དང་གྲོགས་པོ་ཡག་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནས་བྱུང་བ་ཞིག་ཡིན་ལ། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་མགོ་འཁྲིད་རྣམས་པའི་སྣེ་འཁྲིད་འོག་འབྲེལ་བ་མུ་མཐུད་འཕེལ་རྒྱས་སུ་སོང་སྟེ་མཉམ་འབྲེལ་གྱི་གོམ་པ་བརྟན་པོ་མདུན་དུ་སྤོ་དགོས་ལུགས་དང་། བརྟན་ལྷིང་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་ལ། འཕེལ་རྒྱས་ནི་བརྟན་ལྷིང་གི་རྨང་གཞི་ཡིན་སྐོར་དང་། བལ་ཡུལ་གྱི་ཆབ་སྲིད་འཕོ་འགྱུར་ལེགས་འགྲུབ་བྱུང་བར་དགའ་ཚོར་ཆེན་པོ་སྐྱེས་ཀྱི་ཡོད་ལ། མ་འོངས་པར་བལ་ཡུལ་གྱི་རྨི་ལམ་མངོན་འགྱུར་ཡོང་བར་དཔལ་འབྱོར་རོགས་སྐྱོར་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

བལ་ཡུལ་ཕྱི་སྲིད་བློན་ཆེན་གྱིས་བལ་རྒྱ་གཉིས་ནི་ཕྱོགས་ཡོངས་ནས་མཉམ་ལས་འབྲེལ་བ་བཟང་བའི་མཐུན་ཕྱོགས་རྒྱལ་ཁབ་གཉིས་ཡིན་ལ། རྒྱ་ནག་གིས་དུས་རྟག་ཏུ་བལ་ཡུལ་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག བལ་ཡུལ་སྲིད་གཞུང་གསར་པའི་ངོས་ནས་བློ་བརྟན་འགྱུར་མེད་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ཐོག་བསྐྱོད་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག

ཡང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡས་(Wang Yi)དང་མཉམ་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་བའི་ཐོག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས། རྒྱ་དཀར་ནག་གཉིས་དང་བལ་ཡུལ་གསུམ་ནི་རང་བཞིན་གྱིས་མཐུན་གྲོགས་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་ལ། རི་རྒྱུད་གཅིག་དང་ཆུ་འགོ་གཅིག་གིས་སྦྲེལ་ནས་ཡོད། རྒྱ་ནག་གི་གཏམ་དཔེར་ནང་ཁྱིམ་མཚེས་དང་ནང་མི་ཕན་ཚུན་བར་རེ་བ་བྱེད་ཟེར་བ་བཞིན་བལ་ཡུལ་གྱི་ཡར་རྒྱས་ལ་རྒྱབ་སྐྱོར་བྱེད་པ་ནི་རྒྱ་དཀར་ནག་གཉིས་ཀྱི་ཐུན་མོང་གི་བསམ་ཚུལ་ཞིག་ཡིན་དགོས་པ་རེད། ཅེས་དང་། རྒྱ་བལ་གཉིས་ཀྱིས་ཕུགས་རྒྱང་རིང་པོའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཆ་ཤས་དེ། ཧི་མ་ལ་ཡའི་རི་རྒྱུད་ནས་རྒྱ་ནག་དང་བལ་ཡུལ་གཉིས་བར་ཚོང་འབྲེལ་ལམ་ཁ་གསར་བཟོ་བྱ་རྒྱུར་མོས་མཐུན་བྱུང་ཡོད། ཅེས་བརྗོད་འདུག བལ་ཡུལ་ཕྱི་སྲིད་བློན་ཆེན་གྱིས་ང་རང་སྒེར་ལ་རྨི་ལམ་ཞིག་ཡོད་པ་ནི་བལ་ཡུལ་ནས་ཧི་མ་ལ་ཡ་བརྒྱུད་མཛེས་ལྗོངས་ལ་རོལ་ཞོར་དུ་རྒྱ་ནག་ལ་དེང་རབས་མེ་འཁོར་ནང་འགྲུལ་སྐྱོད་བྱ་རྒྱུ་དེ་ཡིན། ཞེས་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོར་བལ་ཡུལ་གྱི་སྲིད་བློན་ཀེད་པེ་ཤཱར་མ་ཨོ་ལེ་ཡིས་པེ་ཅིན་ལ་འབྲེལ་བ་དམ་པོ་བཙུགས་པ་ནས་བཟུང་ཚོང་འབྲེལ་ཆེད་རྒྱ་ནག་གི་གྲུ་ཁ་དང་ལམ་ཁ་མང་པོ་ཞིག་བེད་སྤྱོད་བཏང་ཏེ་ཚོང་འབྲེལ་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྟབས། དེ་སྔོན་རྒྱ་གར་ལ་ཤུགས་ཆེན་བརྟེན་ཡོད་པའི་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དང་། མ་འོངས་པར་མེ་འཁོར་ལྕགས་ལམ་ཤར་སྐྱོད་ཐུབ་པ་ཡིན་ན། དཔལ་འབྱོར་ཙམ་མ་ཟད་ཆབ་སྲིད་སོགས་ཀྱི་ཐོག་ནས་རྒྱ་ནག་ལ་སྔར་ལས་ཤུགས་ཆེན་བརྟེན་དགོས་པ་ཞིག་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།རྒྱ་ནག་གཞུང་གི་འཆར་གཞི་ལྟར་ན། བོད་གཞིས་ཀ་རྩེ་ནས་སྐྱིད་གྲོང་བར་གྱི་ལྕགས་ལམ་བཟོ་སྐྲུན་གྱི་ལས་གཞི་དེ་ཕྱི་ལོ་ ༢༠༢༠ བར་ཚར་རྒྱུ་དང་། སྐྱིད་གྲོང་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཊུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཕྱི་ལོ་ ༢༠༢༢ བར་འགྲུབ་འཆར་ཡོད་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist