མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩེད་འགྲན་པའི་ཆེད་ལས་ཐོག་བོད་པའི་གཤིས་ཀ་དེ་འཁྱེར་ནས་འགྲོ་དགོས།

བོད་ཀྱི་དུས་བབ།
༢༠༡༨/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

 ༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་གོ་ནེ་ཧྥ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ནང་ཞུགས་མཁན་བོད་རིགས་རྩེད་འགྲན་པ་ཚོར་ས་གནས་གང་དུ་བསླེབ་ཀྱང་བོད་པའི་རིག་གཞུང་གོམས་གཤིས་འཁྱེར་ནས་འགྲོ་ཡི་ཡོད་པ་དེ་མ་བརྗེད་པ་བྱོས་ཞེས་གསུངས་འདུག

དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་གྱི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག མི་འགྱང་བར་བོད་ཀྱི་རྐང་སྤོལ་རུ་ཁག་གོ་ནེ་ཧྥ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་(CONIFA World Football Cup)ནང་ཐེངས་དང་པོ་འཛུལ་ཞུགས་བྱ་རྒྱུ་གཏན་འཁེལ་བྱུང་ཡོད་པའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་གནང་སོང་བ་དང་། ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གོ་ནེ་ཧྥ་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་རྩེད་འགྲན་པ་དང་ལས་བྱེད་བཅས་ནས་བཙན་བྱོལ་བོད་མི་ཙམ་མ་ཟད། བོད་མི་ས་ཡ་ ༦ གི་ཚབ་མཚོན་བྱས་ཏེ་འགྲོ་ཡི་ཡོད་པས་འོས་འགན་ཆེན་པོ་ཡོད་པ་ལྟར་འགྲན་སྡུར་ཡག་པོ་བྱེད་དགོས་སྐོར་གསུངས་སོང་།

ལྷན་ཚོགས་ཐོག་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་པ་སངས་རྡོ་རྗེ་ལགས་ཀྱིས། ང་ཚོ་བོད་མི་རིགས་བཙན་བྱོལ་བ་ཆགས་ནས་ལོ་མང་འགྲོ་ཡི་ཡོད་ཀྱང་། ད་རེས་བོད་ཀྱི་རྐང་སྤོལ་རུ་ཁག་འཛམ་གླིང་རྐང་སྤོལ་རྩེད་འགྲན་(FIFA) ནང་མ་ཚུད་པ་དང་རང་བཙན་མེད་པའི་རྒྱལ་ཁབ་ཁག་ལ་རྐང་སྤོལ་རྩེད་འགྲན་གྱི་སྡིངས་ཆ་ཚད་མཐོ་ཤོས་སུ་གྱུར་བའི་རྒྱལ་སྤྱིའི་གོ་ནེ་ཧྥ་རྐང་སྤོལ་རྩེད་འགྲན་ནང་ཐོག་མར་ཞུགས་ཐུབ་པ་ནི་དགའ་འོས་པ་དང་སྤོབས་པ་སྐྱེས་འོས་པ་ཞིག་ཆགས་ཡོད་པར་བརྟེན། ད་རེས་དགའ་སྤོབས་ཀྱི་ཚོར་བ་ཤུགས་ཆེན་ཐོག་ནས་གསར་འགོད་ལྷན་ཚོགས་འདི་ཚོགས་པ་ཡིན། ཞེས་བརྗོད་སོང་།

 ཡང་གོ་ནེ་ཧྥ་རྐང་སྤོལ་རྩེད་འགྲན་ནང་འཛུལ་ཞུགས་བྱེད་ཐབས་དང་གྲྭ་སྒྲིག་སོགས་ཀྱི་སྐོར་ལ་ཁོང་གིས། བོད་ཀྱི་རྐང་སྤོལ་རུ་ཁག་ནས་ལོ་གཅིག་ལྷག་གི་གོང་ནས་རྒྱལ་སྤྱིའི་གོ་ནེ་ཧྥ་རྐང་སྤོལ་རྩེད་འགྲན་ནང་ཚུད་པར་སྙན་ཞུ་ཕུལ་ཏེ་སྦྱོང་བརྡར་གྲ་སྒྲིག་བྱས་ཡོད་པ་མ་ཟད། རྒྱ་གར་གྱི་རྩེད་འགྲན་རུ་ཁག་བར་འགྲན་སྡུར་བྱས་པ་སོགས་དཀའ་ལས་གང་མང་བརྒྱབས་ཏེ། སང་ཉིན་དྷ་ས་ནས་ཐོན་འགྲོ་ཡི་ཡོད་སྐོར་དང་། བོད་ཀྱི་རྐང་སྤོལ་རུ་ཁག་དབྱིན་ཡུལ་དུ་ཕྱོགས་ཐོན་བྱེད་པར་བོད་མིའི་སྒྲིག་འཛུགས་ནས་འགྲུལ་སྐྱོད་ཆེད་ཧིན་སྒོར་འབུམ་ ༡༥ གནང་ཡོད་པ་དང་། དེ་བཞིན་ཡིག་ཆ་ཁག་ལེགས་འགྲུབ་བྱུང་བར་བོད་མིའི་སྒྲིག་འཛུགས་གཙོས་ལྡི་ལིའི་དོན་གཅོད་དང་། དབྱིན་ཡུལ་དོན་གཅོད་ཁང་སོགས་འབྲེལ་ཡོད་མང་པོ་ཞིག་གིས་དཀའ་ལས་བརྒྱབས་ཏེ། ད་རེས་བོད་ཀྱི་རྐང་སྤོལ་རུ་ཁག་ལ་རྒྱལ་ཁ་ཆེན་པོ་འདི་འདྲ་ཞིག་ཐོབ་པར་ང་ཚོ་བོད་མི་རིགས་ཀྱི་རྣམ་པ་སྟོན་སའི་སྡིངས་ཆ་གལ་ཆེན་ཞིག་ཆགས་ཡོད་སྐོར་སོགས་བརྗོད་སོང་།

 དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ན་ནིང་སི་ཀེམ་དུ་ (Sikkim Governor Gold Cup)ཞེས་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་སྐབས་འགྲན་སྡུར་ཡག་པོ་བྱས་ཏེ་རྒྱ་གར་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་གྲགས་ཆེ་ཤོས་(Mohun Bagan)དང་སྡུར་ཐུབ་པ་བྱུང་ཡོད། དེར་བརྟེན་བོད་ཀྱི་རྐང་སྤོལ་རུ་ཁག་ལ་སྔར་ལས་ལྷག་གིས་གྲུབ་འབྲས་ཐོན་པ་བྱུང་ཡོད་པར་བསྔགས་བརྗོད་ཞུ་ཡི་ཡོད། ད་རེས་འཛམ་གླིང་གི་རྒྱལ་ཁབ་ཁག་ ༣༨ ཀྱི་རྩེད་འགྲན་ནང་ང་ཚོ་ཚུད་ཐུབ་པ་དེས་བོད་ཀྱི་གཞོན་སྐྱེས་རྣམས་ལ་བརྡ་ལན་ཡག་པོ་ཞིག་སྤྲོད་ཐུབ་ཡོད་པ་རེད།  དང་པོ་དེར་དཀའ་ལས་བརྒྱབས་ནས་རྩེད་མོ་བརྩེས་ན་རྒྱལ་ཡུམ་ཆེན་མོ་ཕུད་པའི་རྒྱལ་སྤྱིའི་སྡིངས་ཆའི་སྒང་བསྐྱོད་ཐུབ་ཀྱི་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་རྩེད་འགྲན་ཁག་ཆེ་གྲས་ནང་འཛུལ་ཞུགས་བྱེད་ཐབས་ཡོད་པའི་བརྡ་ལན་གསལ་པོ་སྤྲོད་ཐུབ་ཡོད། གཉིས་ནས་༧གོང་ས་མཆོག་གི་བཀའ་དགོངས་ལྟར་འཕྲོད་བསྟེན་གྱི་ཐོག་ནས་སྔོན་འགོག་ཆེད་བོད་རིགས་གཞོན་སྐྱེས་ཚོས་ཐ་མག་ཉལ་ཐ་འཐེན་པ་ལས་རྩེད་མོའི་རིགས་ལ་དོ་སྣང་བྱས་ན་འཕྲོད་བསྟེན་ཡག་པོ་ཡོད་པ་དང་། སྤྱི་ཚོགས་ལ་ཕན་ཐོགས་ཡོང་བའི་བརྡ་ལན་གསལ་པོ་སྤྲོད་ཐུབ་པ་བྱུང་ཡོད། ཅེས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྩེད་རིགས་དང་འཕྲོད་བསྟེན་ཆེད་བོད་མིའི་གཞིས་ཆགས་ཁག་ཚང་མའི་ནང་རྐང་སྤོལ་དང་ལག་སྤོལ་རྩེད་ཐང་འཛུགས་སྐྲུན་སོགས་ལ་མཐུན་སྦྱོར་གནང་སྟེ། ས་གནས་ཁག་ཕན་ཚུན་བར་འགྲན་སྡུར་དང་། ལྷོ་དང་བྱང་གཉིས་བར་འགྲན་སྡུར། དེ་བཞིན་རྒྱལ་ཡུམ་ཆེན་མོ་དང་། རྒྱལ་སྤྱིའི་སྡིངས་ཆའི་སྒང་བསྐྱོད་ཐུབ་པ་སོགས་ཀྱི་འཆར་གཞི་ཡོད་སྐོར་དང་། རྒྱལ་སྤྱིའི་གོ་ནེ་ཧྥ་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་རྩེད་འགྲན་པ་དང་ལས་བྱེད་བཅས་ནས་བཙན་བྱོལ་བོད་མི་ཙམ་མ་ཟད། བོད་མི་ས་ཡ་ ༦ གི་ཚབ་མཚོན་བྱས་ཏེ་འགྲོ་ཡི་ཡོད་སྟབས་འོས་འགན་ཆེན་པོ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་རྩེད་འགྲན་སྐབས་སྤོབས་པ་དང་གདེང་ཚོད་ཆེན་པོའི་ཐོག་རྩེད་འགྲན་ཡག་པོ་བྱེད་དགོས་སྐོར་སོགས་གསུངས་སོང་།

དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རྩེད་འགྲན་པ་དང་ལས་བྱེད་བཅས་ལ་མཇལ་ཁ་བཀའ་སློབ་བསྩལ་ཡོད་པ་དང་། སྐབས་དེར་༧རྒྱལ་བ་རིན་པོ་ཆ་ེམཆོག་གིས་རྩེད་འགྲན་བྱེད་པར་གང་དུ་ཕྱིན་པ་ཡིན་ནའང་རྩེད་འགྲན་པའི་ཆེད་ལས་ཐོག་བོད་པའི་གཤིས་ཀ་དེ་འཁྱེར་ནས་འགྲོ་དགོས། ས་ཆ་གང་དུ་བསླེབ་ཀྱང་ང་ཚོ་བོད་མི་རིགས་ཀྱི་མཚན་མཐོང་ལ་རྒྱ་བཅས་ལ་ཕན་པ་ཞིག་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་པ་ནི་སྤོབས་པ་བྱེད་ཐུབ་པ་ཞིག་རེད། དེ་སྔོན་ང་ཚོ་རྒྱ་གར་ལ་འབྱོར་སྐབས་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་བདག་པོ་བརྒྱབ་ཐུབ་ན་བསམ་པ་ཙམ་ལས་བསམ་བློ་རྒྱ་ཆེན་པོ་མེད། བར་ལམ་ལོ་བཞི་བཅུ་ལྔ་བཅུ། དྲུག་ཅུ་ཕྱིན་པའི་སྐབས་ང་ཚོར་བྱམས་བརྩེ་ཡི་རིག་གཞུང་ཞིག་ཡོད་པ་རེད། ང་ཚོས་སྨོན་ལམ་ག་དུས་བརྒྱབ་པ་ཡིན་ནའང་ཁ་ནས་སེམས་ཅན་ཐམས་ཅད་ཅེས་བྱམས་བརྩེ་དང་ལྡན་པའི་སྨོན་ལམ་རྒྱག་གི་ཡོད་པ་རེད།དེ་ཡང་ཚན་རིག་དང་མཐུན་པ་ཧ་ལས་པ་ཞིག་རེད། བྱམས་བརྩེ་ཅན་གྱི་མི་ཞིག་བཟོས་ནས་ཁོ་འཚོ་ཐུབ་པའི་སྤྱི་ཚོགས་བྱམས་བརྩེ་ལྡན་པ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་ཞིག་རེད། དེ་འདྲ་ཡིན་དུས། ཁྱེད་ཚོ་ས་གནས་གང་དུ་བསླེབ་ཀྱང་བོད་པའི་རིག་གཞུང་གོམས་གཤིས་འཁྱེར་ནས་འགྲོ་ཡི་ཡོད་པ་དེ་མ་བརྗེད་པ་བྱོས། ཉིན་གུང་རྩེད་མོ་རྩེ་མཚན་མོར་ཆང་རག་འཐུང་ནས་རྒྱག་རེས་བརྒྱབ་མ་སྡོད་ཨང་། ཞེས་བཀའ་སློབ་གནང་འདུག

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ནི་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་སྤྱི་ཚོགས་ནང་རྩེད་མོའི་ནུས་པ་གོང་འཕེལ་སྤྱི་དང་། ལྷག་པར་དུ་རྒྱ་གར་དང་རྒྱལ་སྤྱིའི་རྩེད་འགྲན་ཁག་ཏུ་བོད་ཀྱི་སྐུ་ཚབ་མཚོན་ཐུབ་པའི་རྩེད་འགྲན་རུ་ཁག་འདེམས་སྒྲུག་དང་གསོ་སྐྱོང་བྱེད་པ་བཅས་ཡིན་འདུག ད་ལྟའི་ཆར་ཚོགས་པ་རྒྱ་སྐྱེད་ཀྱིས་རྒྱ་བལ་གཉིས་དང་ཕྱི་རྒྱལ་ཡུ་གྲུ་ཁག་མང་པོའི་ནང་ས་གནས་རྩེད་འགྲན་ཚོགས་ཆུང་བཙུགས་ཏེ། ད་རེས་གོ་ནེ་ཧྥ་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ནང་རྒྱ་གར་ནས་བོད་རིགས་རྩེད་འགྲན་པ་ ༡༥ དང་། ཨ་རི་ནས་རྩེད་འགྲན་པ་ ༢ ། ཁེ་ན་ཌ་ནས་ ༢ ། དེ་བཞིན་ཡུ་རོབ་ནས་ ༣། དབྱིན་ཡུལ་ནས་ ༡ བཅས་ཁྱོན་བོད་རིགས་རྩེད་འགྲན་པ་ ༢༣ མཉམ་ཞུགས་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༣༡ ནས་ཟླ་རྗེས་མའི་ཚེས་ ༡༠ བར་གྱི་རྩེད་འགྲན་ནང་ཞུགས་གཏན་འཁེལ་ཡོད་འདུག

གསར་འགོད་པ། ཚེ་རིང་ནོར་བུ་དང་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༧ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 8 སྔོན།

    རྩེད་རིགས་རྒྱུད་ནས་མི་རིགས་མཐུན་སྒྲིལ་ཟབ་།
    རྩེད་རིགས་རྒྱུད་ནས་མི་རིགས་ངོ་སྤྲོད་ཟབ་།
    རྩེད་རིགས་རྒྱུད་ནས་རྒྱལ་ཁབ་ངོ་སྤྲོད་ཟབ་།
    རྩེད་རིགས་རྒྱུད་ནས་བཟང་སྤྱོད་ངོ་སྤྲོད་ཟབ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese