མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་སྤེལ་བ་ནི་ཧ་ཅང་ཐབས་རྡུགས་རེད།

བོད་ཀྱི་དུས་བབ།
༢༠༡༨/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཚོག་ནས་སེངྒེ་གཙང་པོ་དང་ཡར་ཀླུང་གཙང་པོ། རྨ་བྱ་ཁ་འབབ། དེ་བཞིན་རྒྱལ་མོ་དངུལ་ཆུ་དང་། རྨ་ཆུ་སོགས་གཙང་པོ་དེ་དག་གི་ཆུ་མགོ་བོད་ཆགས་ཡོད་པར་བརྟེན་ཨེ་ཤ་ཡའི་ཁྱོན་ཡོངས་ནས་མི་འབོར་ཐེར་འབུམ་ཙམ་གྱི་འཚོ་བ་བོད་ཀྱི་གཙང་པོ་དང་འབྲེལ་བ་ཆགས་ཡོད་སྐོར་གསུངས།ཁ་སང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྷ་ལྡན་གཙུག་ལག་ཁང་གི་༸རྒྱལ་བའི་ཕོ་བྲང་དུ། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ Emory University ཁང་གི་དགེ་ལས་སློབ་ཕྲུག་ཁག་ཅིག་དང་།  ཨེ་མོ་རི་དང་བོད་ཀྱི་མཉམ་འབྲེལ་མཐུན་ཚོགས་ Emory-Tibet Partnershipཀྱི་ཚོགས་མི།  དེ་བཞིན་རྒྱལ་ས་ལྡི་ལིར་གཞི་རྟེན་བྱས་པའི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པའི་ Foundation for Universal Responsibility ནང་གུ་རུ་ཀུལ་ཟབ་སྦྱོང་ལས་གཞིའི་ Gurukul Program ནང་མཉམ་ཞུགས་གནང་མཁན་སློབ་མ་ཁག་ཅིག་བཅས་ལ་བཀའ་སློབ་སྩལ་གནང་ཡོད་འདུག

སྐབས་དེར་༸གོང་ས་མཆོག་གིས་མི་ལོ་ ༥༩ རིང་བཞུགས་སྒར་དྷ་རམ་ས་ལར་༸སྐུ་འཚོ་བཞུགས་མཛད་དེ་དྷ་རམ་ས་ལ་ཕ་ཡུལ་གཉིས་པ་ལྟ་བུར་ངོས་འཛིན་གནང་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། འཛམ་གླིང་ནང་མི་གྲངས་ཐེར་འབུམ་བདུན་ཡོད་པ་རྣམས་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་དུས་ལ་བབ་ཡོད་པ་དང་།  གོ་ལའི་ཁོར་ཡུག་དང་དཔལ་འབྱོར་སོགས་ཀྱི་དཀའ་ངལ་དེ་དག་རྒྱལ་མཚམས་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར་འགྲོ་བ་མི་ཀུན་གྱིས་མཉམ་རུབ་ཐོག་ནས་གདོང་ལེན་བྱེད་དགོས་པའི་སྐོར་ལ་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་གཅིག་གྱུར་ཡིན། ཕན་ཚུན་ཉམས་མྱོང་བརྗེ་ལེན་ཐོག་ནས་སེམས་ནང་ཞི་བདེ་གོང་འཕེལ་གཏོང་ཐུབ། འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་རྣམས་ཀྱིས་བྱམས་པ་དང་བརྩེ་བ། བཟོད་སྲན། ཚུལ་ཁྲིམས་སོགས་ཀྱི་བསླབ་བྱ་གཅིག་མཚུངས་གསུངས་ཡོད། དེར་བརྟེན་ངོས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ལས་འགན་དེ་གལ་ཆེ་ཤོས་གཉིས་པར་བརྩི་བཞིན་ཡོད།  ལྷག་པར་ཆོས་མིང་ཐོག་ནས་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་སྤེལ་བ་ནི་ཧ་ཅང་ཐབས་རྡུགས་རེད། རྒྱ་གར་ལ་གཟིགས་དང་ལོ་ངོ་སྟོང་ཕྲག་རིང་ནས་ཆོས་ལུགས་མཐུན་སྒྲིལ་ལག་བསྟར་བྱེད་བཞིན་ཡོད། རྒྱ་གར་རང་གི་ནང་དར་བའི་ཆོས་ལུགས་ཁག་ཕུད་པའི་ཕྱི་ནས་རྒྱ་གར་ནང་དར་བའི་ཆོས་ལུགས་དཔེར་ན་ཛོ་ར་ཨསི་ཊེན་ (Zoroastrianism)ལྟ་བུར་མཚོན་ན། ཐོག་མའི་འབྱུང་ཁུངས་དེ་སྔ་པར་ཤིའམ་(Persia)དེང་སྐབས་ཨི་རཱན་ (Iran)དུ་གྲགས་པ་དེ་ནས་རིམ་བཞིན་རྒྱ་གར་ནང་དར་ནས་ད་ཆ་རྒྱ་གར་ནང་རྗེས་འབྲང་པ་མི་གྲངས་འབུམ་༡ ཙམ་ལས་མེད་ཀྱང་གྲོང་ཁྱེར་མུམ་བྷེའི་ Mumbai ནང་འཇིགས་ཞུམ་རྩ་བ་ནས་མེད་པར་ཞི་བདེའི་ངང་གནས་བཞིན་ཡོད།  དེ་ནི་རྒྱ་གར་གནའ་རབས་ཀྱི་སྲོལ་བཟང་མིག་དཔེར་འོས་པ་ཞིག་ཡིན།  རྒྱ་གར་རིག་གཞུང་ཟེར་ན་དེ་འདྲ་ཞིག་ལ་གོ་བ་རེད། ཅེས་གསུངས་འདུག

ཡང་ཁོང་གིས་མུ་མཐུད། ངོས་ལ་མཚོན་ན་བོད་མི་ས་ཡ་དྲུག་གིས་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད།  དེར་བརྟེན་བོད་མི་ཚོར་གང་ཐུབ་རོགས་པ་བྱ་རྒྱུ་དེ་ངོས་ཀྱི་ལས་འགན་ཡིན། ཕྱི་ལོ་ ༢༠༠༡ ནས་ངོས་ཀྱི་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་ཕྱེད་རྒན་ཡོལ་བྱས་ནས་བསྡད་རྗེས་ཕྱི་ལོ་ ༢༠༡༡ ལོར་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་མགོ་འཁྲིད་ལ་རྩིས་སྤྲོད་བྱས་པ་ཡིན། དེར་བརྟེན་ད་ཆ་ངོས་ཀྱིས་བོད་ཀྱི་ཁོར་ཡུག་ཧ་ཅང་འཇིག་སླ་བ་དེ་དག་སྲུང་སྐྱོབ་ཐོག་འབད་བརྩོན་བྱེད་བཞིན་ཡོད། གང་ཡིན་བརྗོད་ན་བོད་ཀྱི་ཁོར་ཡུག་གནད་དོན་དེ་བོད་མི་ས་ཡ་དྲུག་གི་གནད་དོན་ཙམ་ཞིག་མ་རེད།  རྒྱ་མིའི་ཚན་རིག་པ་ཞིག་ནས་ཀྱང་གོ་ལའི་གནམ་གཤིས་ལ་བོད་ཀྱི་ཁོར་ཡུག་གི་ཤུགས་རྐྱེན་སྤྲོད་སྟངས་དེ་འཛམ་གླིང་ལྷོ་སྣེ་(The South pole) བྱང་སྣེ་(The North Pole)བཅས་སྣེ་གཉིས་དང་གཅིག་མཚུངས་སྤྲོད་བཞིན་ཡོད་པ་དངོས་ཡོད་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་ཐུབ་པ་བྱུང་ཡོད། དེར་བརྟེན་བོད་ལ་འཛམ་གླིང་གི་སྣེ་གསུམ་པ།(Third Pole)ཞེས་ཁོང་གིས་འབོད་པ་རེད། ཨེ་ཤ་ཡའི་ཁྱོན་ཡོངས་ན་མི་འབོར་ཐེར་འབུམ་ཙམ་གྱི་འཚོ་བ་བོད་ཀྱི་གཙང་པོ་དང་འབྲེལ་བ་ཆགས་ཡོད། ཅེས་བཀའ་སློབ་སྩལ།

ཡང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེང་སྐབས་ནང་པ་སངས་རྒྱས་པའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་མཐིལ་ཕྱིན་པ་ཞིག་གནང་དགོས་ཚེ་བོད་སྐད་ནང་མ་གཏོགས་སྐད་ཡིག་གཞན་ནང་ཧ་ལམ་ཁག་པོ་ཡིན་སྐོར་བཀའ་སློབ་སྩལ་དོན།  རྒྱ་གར་གནའ་རབས་དཔལ་ནཱ་ལེནྡ་ནས་བརྒྱུད་པའི་ལེགས་བཤད་དེ་དག་གཙོ་བོ་ཚད་མའི་ལམ་ནས་རྒྱུ་མཚན་བཀོད་དེ་དཔྱད་པ་གཙོ་བོར་བྱས་པ་མ་གཏོགས་ལུང་ཙམ་གྱི་རྗེས་སུ་འབྲངས་ནས་འགྲོ་རྒྱུ་མིན་སྟབས་ཚན་རིག་པའི་ལངས་ཕྱོགས་དང་ཧ་ཅང་མཐུན་པོ་ཡོད།
དེང་སྐབས་འཛམ་གླིང་ནང་མིའི་བསམ་བློར་རེ་དོགས་སོགས་རྣམ་རྟོག་རུ་འཛིངས་པ་ལ་བརྟེན་ནས་སེམས་ལ་དཀའ་ངལ་ཧ་ཅང་ཡོད་པའི་སྐབས་འདིར།  རྒྱ་གར་གནའ་རབས་སྲོལ་རྒྱུན་ལམ་ལུགས་ནང་དར་བའི་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་སྐོར་དཔལ་ནཱ་ལེནྡའི་གཞུང་ནས་རྒྱས་བཤད་ཡོད་པ་དེ་དག་གིས་མི་མཐུན་ཕྱོགས་ཀྱི་བློ་དེ་དག་ལ་གཉེན་པོ་བསྟེན་ནས་སེམས་ཞི་བདེ་བག་ཕེབས་ཡོང་རྒྱུར་ཧ་ཅང་ཕན་ཐོགས་ཡོད་པར་བརྟེན་ལེགས་བཤད་དེ་དག་དུས་དེང་སྐབས་སུའང་འབྲེལ་བ་ཧ་ཅང་ཡོད།  རྒྱུ་མཚན་དེ་དག་ལ་བརྟེན་ནས་ངོས་ཀྱིས་ལེགས་བཤད་དེ་དག་གཙོ་བོ་རྒྱ་གར་རང་གི་ནང་དུ་བསྐྱར་གསོ་ཡོང་ཐབས་ཆེད་འབད་བརྩོན་བྱེད་བཞིན་ཡོད།  རྒྱ་གར་ནང་གནའ་དེང་ཤེས་ཡོན་ཟུང་འབྲེལ་ཐོག་ནས་འགྲོ་ཐུབ་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་ཡོད། ཅེས་སོགས་ཀྱི་བཀའ་སློོབ་བསྩལ།

གསར་འགོད་པ་སྐལ་བཟང་སྦྱིན་པས་སྐུ་སྒེར་ཡིག་ཚང་གི་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༤ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༦ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 1

  1. ཨ་འབར་འཇིགས་དབང། says:
    ལོ་ 8 སྔོན།

    ༄༅། སྤྲིན་པ་ནག་པོ་ངེས་མེད་འཁྱིལ་ན་ཡང།དངས་གསལ་མཚོ་མོ་འཇགས་ལ་གཡོ་བ་མེད།
    ཆར་ཆུ་གྲོགས་སུ་བྱས་ཏེ་མཁའ་མཐར་འདྲེས། གཞོན་པ་ང་ཚོའི་བློ་རྒྱ་མཚོ་དང་འདྲ།
    དྲང་བདེན་ལས་འབྲས་དབྱེ་བར་ཐོགས་པ་མེད། བུ་ངའི་ཕ་ཡུལ་ཞི་བདེའི་ཉེ་སར་ཡོད།
    འགྲོ་བ་རིགས་དྲུག་ཀུན་ལ་མ་ལྟར་བརྩེ། དགྲ་བགེགས་གནོད་བྱེད་ངེ་མེད་བྱུང་ན་ཡང་།
    བྱང་སེམས་སྙིང་རྗེའི་ཡིད་ལ་འགྱུར་བ་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese