མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རྒྱ་གཉིས་ཀྱི་ཚོང་དམག་ཛ་དྲག་ཏུ་ཕྱིན།

བོད་ཀྱི་དུས་བབ།
༢༠༡༨/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་རྒྱ་ནག་གིས་བྱ་སྤྱོད་འགྱུར་བ་མ་བཏང་ན་རྒྱ་ནག་གི་དངོས་རྫས་དག་ལ་དཔྱ་ཁྲལ་བརྒྱ་ཆ་ ༡༠ སྤར་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཨ་རིའི་ནང་གི་ཆེད་ལས་པའི་བསམ་བློའི་ཐོན་རྫས་དེ། འཆར་འགོད་དང་ཚོང་གི་བསམ་བློ་གསར་པ་སོགས་རྒྱ་ནག་གི་ཚོང་གཉེར་ཁག་དག་གི་ནང་དུ་ལེན་ཐབས་བྱེད་ཀྱིན་པའི་བྱ་སྤྱོད་དེར་ཁ་གཏད་གཅོག་བཞིན་་ཡོད་པ་ལྟར། ཉེ་ཆར་ཨ་རི་གཞུང་གིས་ཨ་སྒོར་དུང་ཕྱུར་ ༥༠༠ ལྷག་གི་རིན་གོང་ལྡན་པའི་རྒྱ་ནག་གི་དངོས་ཟོག་ལ་རྒྱལ་ཁྲལ་བརྒྱ་ཆ་ ༢༥ སྤར་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༧ པའི་ཚེས་ ༦ ཉིན་ནས་ཐོན་རྫས་རྣམ་གྲངས་ ༨༠༠ ལ་དངོས་སུ་སྲིད་བྱུས་དེ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། གཞན་རྣམས་རྗེས་སུ་ཊོམ་གྱི་སློབ་སྟོན་པའི་ལམ་སྟོན་ལྟར་ཐག་གཅོད་བྱ་རྒྱུ་ཡིན་འདུག

དེ་རིང་ཊོམ་ཕུ་ཡིས་སླར་ཡང་རྒྱ་ནག་གི་བྱ་སྤྱོད་ལ་འགྱུར་བ་མ་བཏང་ན་རིན་གོང་ཨ་སྒོར་དུང་ཕྱུར་ ༢༠༠༠ ལྷག་གི་རྒྱ་ནག་གི་དངོས་ཟོག་ལ་རྒྱལ་ཁྲལ་བརྒྱ་ཆ་ ༡༠ སྤར་ངེས་ཡིན་ལུགས་བསྒྲགས་ཡོད་པར་བརྟེན། རྒྱ་ནག་གིས་ལམ་སེང་ལན་འདེབས་ཀྱིས་ཨ་རིའི་རྒྱལ་ཁྲལ་སྤར་བ་དེས་ཨ་རིའི་རིན་གོང་ཨ་སྒོར་དུང་ཕྱུར་ ༥༠༠ ལྷག་གི་དངོས་ཟོག་རྣམ་གྲངས་ ༦༥༩ ལ་གནོད་སྐྱོན་འབྱུང་ངེས་ཡིན་ལུགས་བརྗོད་པར། ཊོམ་གྱིས་རྒྱ་ནག་གིས་ཨ་རིའི་ཚོང་གཉེར་ཁང་ཁག་དང་ཞིང་པ་སོགས་ཀྱིས་མ་འགྲིག་པ་གང་ཡང་མ་བྱས་པར་སྡིགས་ར་སྐུལ་གི་ཡོད་ཚུལ་བརྗོད་འདུག

ཊོམ་ཕུ་ཡིས་ཚོང་འབྲེལ་གྱི་དམག་རྒྱ་ནག་ལ་དྲངས་པ་དང་ཨེ་ཤ་ཡའི་ཚོང་རྭའི་འཕར་ཆག་འཕྲལ་དུ་མར་ཟགས་ཡོད་པ་རེད། ཊོམ་ཕུ་ཡི་ཨ་རི་གཙུག་འཛིན་གྱི་སྲིད་བྱུས་ཀྱི་འོག་ཏུ་ཡུ་རོབ་དང་ཁ་ན་ཌ། དེབཞིན་མེག་སི་ཁོ་བཅས་ཀྱི་ཨ་རིའི་ཚོང་ཤག་དག་ལ་རྒྱལ་ཁྲལ་སྤར་ཡོད་ཅིང་། རྒྱལ་སྤྱིའི་ཚོང་ལས་ཞིབ་འཇུག་པ་ཚོས་དམག་འཁྲུག་འདི་ཉེན་ཁ་ཆེན་པོ་ཞིག་ཡིན་ཚུལ་བསྒྲགས་ཡོད་པ་རེད། ཡིན་ཡང་ཊོམ་ཕུ་ཡིས་ཚོང་ཤག་རྒྱལ་ཁབ་སུ་ཞིག་གི་ལག་ནས་ཚུལ་མིན་གྱི་ཁེ་བཟང་འཐོབ་རྒྱུར་འབད་བརྩོན་བྱེད་ཀྱིན་མེད་ཚུལ་དང་། དུས་ད་ཆ་བར་ཨ་རིའི་ཚོང་འབྲེལ་སྲིད་བྱུས་དེས་ཨ་རི་ལ་དུས་རྟག་ཏུ་གྱོང་རག་གི་ཡོད་པ་དང་ཚོང་ཤག་རྒྱལ་ཁབ་ཁག་དང་འདྲའ་མཉམ་གྱི་ཚོང་འབྲེལ་འཛུགས་ཐབས་བྱེད་ཀྱིན་ཡོད་ཚུལ་འབྲེལ་ཡོད་པ་རེད།

ཨ་རིའི་ཚོང་ལས་ཞིབ་འཇུག་པ་དུ་མ་ཞིག་གིས་ཨརིའི་ཚོང་གཉེར་ཁང་དང་ཚོང་པ་དག་གིས་དངོས་ཟོག་གི་མ་ལག་དུ་མ་ཞིག་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱིན་ཡོད་པས། ད་རེས་ཀྱི་རྒྱལ་ཁྲལ་སྤར་བའི་གནད་དོན་འདིས་ཨ་རིའི་ཚོང་གཉེར་ཁང་ཁག་དང་ཚོང་པ། དེ་བཞིན་མི་མང་སྲུང་སྐྱོབ་ལས་ལྡོག་སྟེ་གྱོང་གུན་ཐེབས་པའི་ཉེན་ཁ་ཡོད་ཚུལ་བསྒྲགས་ཡོད་པ་རེད།

ཚེ་རིང་ནོར་བུ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 3

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ says:
    ལོ་ 5 སྔོན།

    ཨ་རྒྱའི་ཁ་དམག་འོག་་ནས་།
    འཛམ་གླིང་ཁྲོམ་ར་ཉམས་སོང་།
    ཨ་རྒྱའི་ཁ་དམག་འོག་ནས་།
    དངུལ་གྱི་ཛ་སྐྱེད་ཆག་སོང་།
    ཨ་རྒྱའི་ཁ་དམག་འོག་ནས་།
    ཚོང་གི་འགྲོ་རྒྱུགས་འགག་སོང་།
    ཨ་རྒྱའི་ཁ་དམག་འོག་ནས་།
    འཛམ་གླིང་ཆབ་སྲིད་འཁྲུགས་སོང་།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་་ཉེ says:
    ལོ་ 5 སྔོན།

    ཨ་བྱང་ཁ་དམག་འཛམ་གླིང་འཐོམ་དུ་བཅུག་།
    ཨ་བྱང་མཐུན་འབྲེལ་འཛམ་གླིང་ཉེན་ཁར་བསྐྱལ་།
    ཨ་རྒྱའི་ཁ་དམག་འཛམ་གླིང་དཔལ་འབྱོར་ཉམས་།
    ཨ་བྱང་རྒྱ་གསུམ་ཆབ་སྲིད་ཟློས་གར་འཁྲབ་།
    འཛམ་གླིང་ཧྲིལ་པོ་བློ་དཱོགས་འོག་ཏུ་གནས་།
    གཡོ་ཁྲམ་ཆབ་སྲིད་དུས་རབས་ཉེར་གཅིག་འདིར་།
    འཛམ་གླིང་ཧྲིལ་པོ་སྟོབས་ཆེན་རྒྱལ་ཁབ་འོག་།
    དཔལ་འབྱོར་གོ་མཚོན་མིང་གི་རོགས་སྐྱོར་འོག་།
    སྒོ་གསུམ་རང་དབང་གཞན་གྱིས་ཆབ་སྲིད་བསླུས་།
    དེ་འདྲའི་དུས་ངན་འཛམ་གླིང་ཆབ་སྲིད་འོག་།
    སྐྱེ་འགྲོ་བདེ་བའི་སྨན་གཅིག་ནང་བསྟན་ཙམ་།
    འགྲོ་བའི་སྡུག་བསྔལ་སེལ་བའི་དམ་ཆོས་ལ་།
    ཉིན་ཚན་ཀུན་ཏུ་འབད་ལ་ངལ་མ་ཆུང་།
    འཛམ་གླིང་བདེ་སྐྱིད་སྲུངས་ལ་སྟོན་པའི་བསྟན་།
    བསྟན་པ་ཡུན་དུ་གནས་པའི་བཀྲིས་ཤོག་།

    Reply
  3. སྲས་སྐུ་ངོ་། says:
    ལོ་ 5 སྔོན།

    Intellectual property ཆེད་ལས་ལག་རྩལ།
    Economic analyst དཔལ་འབྱོར་དབྱེ་ཞིབ་པ།
    Tariff་ཟེར་ན་ནང་འདྲེན་ཚོང་དངོས་དཔྱ་ཁྲལ།
    Allied nations མཐུན་ཕྱོགས་རྒྱལ་ཁབ། ཡོ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རེད།

    ནམ་རྒྱུན་འཛམ་གླིང་གི་མི་གྲངས་7 billions དུང་ཕྱུར་བདུན་ཅུ་ཟེར། དེ་ན་50 billions ཟེར་ན་དུང་ཕྱུར་༥༠་རེད་ཡང་ན་ཐེར་འབུམ་༥༠་རེད།
    དུང་ཕྱུར་༥༠་ཡིན་ན་རྒྱ་ནག་གིས་སྐད་ངན་ཤོར་དགོས་མེད་ལ་ཨ་རིའི་སྲིད་འཛིན་ཁྲི་རོན་ཕུ་ལགས་ཀྱིས་སྐད་གསེང་མཐོན་པོས་བཤད་དགོས་དོན་མེད།

     

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist