མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྗོན་ཨོ་ལེ་ཝིར་ལ་རྒྱ་ནག་གིས་དྲ་ཐོག་ཕར་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༡༨/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཟུར་ཟུའི་དཔྱད་གཏམ་སྤེལ་མཁན་བརྙན་འཕྲིན་མདོ་འཛིན་པ་གྲགགས་ཅན་རྗོན་ཨོ་ལེ་ཝིར་གྱི་གནས་ཚུལ་ཡོངས་རྫོགས་རྒྱ་ནག་གི་དྲ་ལམ་ཁག་ནས་ནག་གསུབ་བཏང་ཡོད་འདུགཟླ་འདིའི་ཕྱི་ཚེས་༢༢ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། དབྱིན་ཇིའི་ཟུར་ཟའི་བརྙན་འཕྲིན་མདོ་འཛིན་པ་གྲགས་ཅན་སྐུ་ཞབས་རྗོན་ཨོ་ལེ་ཝིར(John Oliver) ལགས་ཀྱིས། བདུན་སྔོན་མའི་དོ་ནུབ་(Last Week Tonight) ཞེས་པའི་བརྙན་འཕྲིན་ལེ་ཚན་ནང་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོར་སྐར་མ་ ༢༠ རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྲིད་དབང་གཅིག་སྡུད་དང་དབང་ཆ་རྒྱ་བསྐྱེད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཡུ་གུར་བ་མང་པོ་སློབ་གསོ་བསྒྱུར་བཀོད་ཁང་ཞེས་པའི་ནང་བཙན་བཀག་གིས་མནར་གཅོད་གཏོང་བཞིན་པ་དང་། དེ་བཞིན་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་གི་གཙོའི་བརྒྱུད་ལམ་ཁག་ཏུ་དམ་དྲག་བྱེད་བཞིན་པ་སོགས་ཀྱི་སྐོར་ལ་དགོད་གཏམ་གྱི་ལམ་ནས་ཟུར་ཟ་བྱས་པར་བརྟེན། ཁོང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཆེ་ཤོས་ཝེ་པོ་དྲ་ཁུངས་ནས་ཕྱིར་འཕུད་དང་། ཁོང་གི་སྐོར་འཁོད་པའི་གནས་ཚུལ་ཚང་མ་རྒྱ་ནག་གི་བརྒྱུད་ལམ་ཁག་ནས་ནག་གསུབ་བཏང་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་བཀོད་པའི་གནས་ཚུལ་ནང་ཁོང་གིས་གསར་འགྱུར་ལེ་ཚན་དེ་རྒྱང་སྲིང་བྱས་པའི་ཉིན་མོ་དེར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་དང་བརྙན་ལམ་ཁག་ནས་ལྟ་ཉན་ཐུབ་ཀྱི་ཡོད་ན་ཡང་། ཕྱི་ཉིན་དེར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོང་གི་ཟུར་ཟའི་བརྙན་ཐུང་དེ་མེད་པ་བཟོས་ཡོད་པ་མ་ཟད། ཁོང་གི་མིང་ཐོག་ནས་གསར་འགྱུར་དང་གནས་ཚུལ་འཚོལ་བཤེར་བྱེད་སྐབས། རྒྱ་ནག་གི་དྲ་རྒྱའི་ཁྲིམས་སྒྲིག་དང་འགལ་གྱི་ཡོད་པའི་བརྡ་ལན་འབྱོར་གྱི་ཡོད་པ་དང་། རྒྱ་ཡིག་ནང་ཁོང་གི་མིང་བྲིས་ནས་འཚོལ་བཤེར་བྱེད་སྐབས་གནས་ཚུལ་རེ་གཉིས་རྙེད་ཀྱི་ཡོད་ན་ཡང་མང་པོ་ཞིག་གི་དྲ་གནས་སྟོང་པ་བཟོས་ཡོད་འདུག གཞན་ཁོང་གི་མིང་ཐོག་ནས་གསར་འགྱུར་འགོད་ཐབས་བྱེད་སྐབས་དྲ་གནས་གང་གིས་ཀྱང་ལས་ཀ་བྱེད་མི་ཐུབ་པ་བཟོས་ཡོད་སྐོར་འཁོད་འདུག

ཁོང་གི་ཟུར་ཟའི་བརྙན་ཐུང་དེའི་ནང་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ཁག་ལ་དམ་དྲགས་ཤུགས་ཆེར་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་ཝེ་པོ་དྲ་ལམ་ནས་ཞི་ཅིན་ཕིན་གྱི་གཟུགས་དབྱིབས་དང་འདྲ་བའི་འགུལ་རིས་དོམ་སེར་ནག་གསུབ་བཏང་ཡོད་པ་མ་ཟད། གནད་འགག་ཅན་གྱི་མི་སྣ་ཚོའི་མིང་ཡང་བཀག་ནས་ཡོད་པ་རེད། དེ་ནི་གཞན་གང་གིས་ཀྱང་བྱེད་མི་སྲིད་པའི་ལས་དོན་ཞིག་ཡིན་སྐོར་དང་། གཞན་རྒྱ་ནག་གཞུང་གིས་དྲུག་བཞིའི་སློབ་མའི་ལས་འགུལ་ནས་བཟུང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་སྟེ་ད་ལྟ་བར་དེ་ལྟར་བྱས་ནས་ཡོང་ཡོད་པ་རེད། རྒྱ་ནག་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལོའུ་ཞོ་པའོ་བཙོན་འཇུག་ནད་མནར་གྱིས་གྲོངས་ཡོད་པ་དང་ཁོང་གི་བཟའ་ཟླ་ལོའུ་ཞཱ་ད་དུང་བཟང་བཙོན་འོག་ཡོད་པ། ཞི་ཅིན་ཕིན་གྱིས་སྲིད་དབང་རྒྱ་བསྐྱེད་དང་གཅིག་སྡུད་ལམ་ལུགས་ཀྱི་སྲིད་བྱུས་འོག་ཡུ་གུར་གཙོའི་གྲངས་ཉུང་མི་རིགས་ཁག་གི་ནང་ཁ་བྲལ་བ་དང་དྲག་སྤྱོད་པ་ཡིན་སྐོར་བརྗོད་ནས་དམ་དྲག་ཆེ་རུ་གཏོང་བཞིན་ཡོད་སྐོར་སོགས་བརྗོད་ཡོད་འདུག

སྔར་ལོ་སྐུ་ཞབས་རྗོན་ཨོ་ལེ་ཝིར་ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཅར་འདྲི་དང་མཉམ་དུ་རྒྱ་ནག་གིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་དང་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐོར་སོགས་དགོད་གཏམ་གྱི་ལམ་ནས་ཟུར་ཟ་བྱས་ཡོད་པ་དེར་འཛམ་གླིང་གི་མི་གྲངས་ས་ཡ་མང་པོས་ལྟ་ཉན་བྱས་རྐྱེན། རྒྱ་ནག་ཕྱི་སྲིད་བློན་ཆེན་ཀུན་ཧྲང་(Geng Shuang)ཟེར་བས་ཏཱ་ལའི་བླ་མ་དང་རྗོན་ཨོ་ལེ་ཝིར་གཉིས་ཀྱིས་གཏམ་གླེང་ལེ་ཚན་དང་། རྗོན་ཨོ་ལེ་ཝིར་གྱི་གཞི་རྩ་གང་ཡང་མེད་པའི་འཁྲབ་སྟོན་གྱི་སྐད་ཆ་དག་ལ་ངོ་རྒོལ་ཡོད་ཅེས་བརྗོད་ཡོད་པ་མ་ཟད། སྐབས་དེའི་བཅར་འདྲིའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཁག་ཅིག་གི་ཀླད་པའི་ལས་ཀ་ཏག་ཏག་བྱེད་ཀྱི་མེད་སྐོར་གསུངས་པར་བརྟེན། ཏཱ་ལའི་བླ་མའི་སྐད་ཆ་དེ་དག་ནི་ཧ་ཅང་དགོད་བྲོ་བ་དང་བདེན་པ་རྩ་ནས་མེད་པ་ཞིག་རེད། ང་ཚོས་ནམ་རྒྱུན་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དེ་ཆོས་ལུགས་ཀྱི་པགས་པ་གྱོན་ནས་རྒྱ་ནག་ཁ་བྲལ་གཏོང་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཐེངས་འདིར་ཁོའི་བཅར་འདྲིའི་སྐད་ཆར་ཉན་པ་ཡིན་ན་ཁོ་ནི་འཁྲབ་སྟོན་པ་ཆེན་པོ་ཞིག་ཡིན་པ་གསལ་ཡོང་གི་འདུག་ཅེས་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད།

སྐུ་ཞབས་རྗོན་ཨོ་ལེ་ཝིར་ལགས་ནི་ཕྱི་ལོ་ ༡༩༧༧ ལོའི་ཟླ་༤ ཚེས་༢༣ ཉིན་དབྱིན་ཡུལ་ནུབ་བརྒྱུད་ཀྱི་(Erdington, West Midlands) ཞེས་པར་སྐྱེས་ཤིང་། ཁོང་གི་པ་ལགས་ནི་སློབ་གྲྭའི་དགེ་རྒན་དང་སྤྱི་ཚོགས་ཞབས་ཞུ་བ་ཞིག་ཡིན་པ་དང་། ཨ་མ་ལགས་ནི་རོལ་དབྱངས་དགེ་རྒན་ཞིག་ཡིན་འདུག ཁོང་ཆུང་དུས་ནས་སློབ་གྲྭ་རིམ་པར་འགྲིམས་ཏེ་རྗེས་སུ་དབྱིན་ཇིའི་ཁམ་ཟམ་གཙུག་ལག་སློབ་གཉེར་ཁང་གི་ཁིར་ཤིན་མཐོ་སློབ་(Christ’s College) ནང་དབྱིན་ཇིའི་སྐད་ཡིག་ཐོག་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༠༡ ལོ་ནས་ཁོང་སྔ་གཞུག་ཏུ་གར་སྟེགས་འདྲ་མིན་སྟེང་ནས་འཁྲབ་སྟོན་བྱས་ཏེ་སྐད་གྲགས་ཆགས་ཡོད་འདུག ད་ལྟའི་ཆར་ཁོས་ཨ་རི་དང་དབྱིན་ཡུལ་གཉིས་ཀྱི་གསར་འགྱུར་ལེ་ཚན་དང་དགོད་བྲོ་གཏམ་གླེང་། གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་སོགས་ཀྱི་ལས་རིགས་འདྲ་མིན་གཉེར་གྱི་ཡོད་འདུག ཁོང་གི་གྲགས་ཆེ་བའི་ལེ་ཚན་དེ་བདུན་སྔོན་མའི་དོ་ནུབ་ཞེས་པའི་སྐར་མ་ ༢༠ རིང་གི་ལེ་ཚན་དེ་ཡིན་པ་དང་། ལེ་ཚན་དེའི་ནང་གཙོ་བོ་ཨ་རི་དང་དབྱིན་ཡུལ་གཙོའི་རྒྱལ་སྤྱིའི་ཆབ་སྲིད་གནད་དོན་དང་རིག་གཞུང་གི་སྐོར་སོགས་དགོད་བྲོའི་གཏམ་གླེང་དང་ཟུར་ཟའི་དཔྱད་གཏམ་སྤེལ་གྱི་ཡོད་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 1

  1. ཨ་འབར་འཇིགས་དབང། says:
    ལོ་ 8 སྔོན།

    ནག་སྲུབ་བཏང་དགོས་དོན་གང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese