མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས།

བོད་ཀྱི་དུས་བབ།
༢༠༡༨/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ།

 ༄༅། །དེ་ཡང་དགའ་ལྡན་ཤར་རྩེ་གྲྭ་ཚང་དང་གྲྭ་ཚང་གི་སློབ་གྲྭ་ཐུན་མོང་གིས་གོ་སྒྲིག་ཞུས་ཏེ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག །འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྡོམ་བརྩོན་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར། དགའ་ལྡན་ཤར་བྱང་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་། མཁན་ཟུར་རྣམ་པ། སྐྱབས་མཆོག་ཟོང་མཆོག་སྤྲུལ་རིན་པོ་ཆེ། དགེ་བསྐོས་དང་དབུ་མཛད་ལགས་ཀྱིས་གཙོས་བླ་སྤྲུལ་དགེ་བཤེས་དགེ་འདུན་འདུས་མང་དང་། མོན་གྷོ་འདོད་རྒུ་གླིང་གི་ས་གནས་གཞིས་འགོ་མཆོག་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། རྒྱ་གར་བའི་སྐུ་མགྲོན་ཁག་ཅིག་དང་། སམ་བྷོ་ཊའི་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ། གཞིས་གྲོང་ཁག་གི་སྤྱི་མི་སོགས་ཕྱི་ནང་གི་སྐུ་མགྲོན་ཁག་དང་། སམ་བྷོ་ཊའི་སློབ་ཕྲུག་བཅས་མི་མང་འདུ་འཛོམས་ཐོག་སྐུ་མགྲོན་རྣམས་ཀྱིས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། སྣང་གསལ་མར་མེ་ཞལ་ཕྱེ། སྔོན་འགྲོ་དང་འཛིན་གྲྭ་དང་པོའི་སློབ་ཕྲུག་རྣམས་ཀྱིས་འཁྲུངས་སྐར་ལ་བསྟོད་ཚིག་འབུལ་བ་དང་་སྐུ་མགྲོན་གཙོ་བོ་རྣམས་ཀྱིས་སྤྲི་གོར་གཅོད་བྲེགས་གནང་ཞིང་། གྲྭ་ཚང་གི་སྦྱིན་བདག་ཨ་མ་མེ་ཤཱང་དང་། འགྲོ་ཕན་གླིང་ཆོས་ཚོགས་ཀྱིས་འཁྲུངས་སྐར་གྱི་མཛད་སྒོའི་མཐུན་རྐྱེན་གནང་བར་ཤེས་ཚོགས་དང་སློབ་གྲྭ་ནས་དམིགས་བསལ་ཆེ་བསྟོད་ཞུས།

གྲྭ་ཚང་གི་དབུ་བཞུགས་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་གིས་དུས་ཆེན་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་དོན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་དགའ་སྟོན་ལ་གཞིས་བྱེས་བོད་མི་ཡོངས་དང་། མགོན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལ་རྒྱུན་དུ་ཉམས་བཞེས་དང་གུས་བརྩི་ཆེ་མཐོང་ཞུ་མཁན་གྱི་འཛམ་གླིང་མི་མང་ཡོངས་ལ་དགའ་ལྡན་ཤར་རྩེ་གྲྭ་ཚང་གིདགེ་འདུན་འདུས་མང་ཡོངས་ཀྱི་ཚབ་ཞུས་ཏེ། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། ༸རྒྱལ་དབང་མཆོག་གིས་བོད་ནང་དུ་དགུང་ལོ་ཉེར་ལྔའི་བར་བསྐྱངས་པའི་མཛད་འཕྲིན་ཁག་དང་། དེ་རྗེས་བཙན་བྱོལ་དུ་ཕེབས་པ་ནས་ད་ལྟའི་བར་བོད་གཞུང་མང་གཉིས་ཀྱི་ཆེད་བསྐྱངས་དང་སྐྱོང་བཞིན་པའི་རླབས་ཆེན་གྱི་མཛད་འཕྲིན་སྤྱི་དང་། ཁྱད་པར་འགྲོ་བ་ཀུན་ལ་ཁྱབ་པའི་བྱམས་བརྩེ་དང་། མིའི་སེམས་ལ་བག་ཕེབས་དང་སྤྲོ་སྣང་རབ་ཏུ་སྟེར་བའི་བཅོས་མིན་ཞལ་རས་དགྱེས་བརྩེའི་འཛུམ་མདངས་དང་། བཞད་སྒྲ་དང་བཅས་འཛམ་གླིང་གི་ཡུལ་གྲུ་གང་སར་ཞབས་ཀྱིས་བཅགས་ཏེ། འཛམ་གླིང་ཞི་བདེ་དང་། རྒྱལ་སྤྱིའི་འཁྲུག་རྩོད་ཁག་ཞི་ཐབས། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར། མིའི་རིགས་སྤྱི་ལ་འཕྲད་བཞིན་པའི་ཐུན་མོང་གི་དཀའ་ངལ་སེལ་ཐབས་བཅས་ཀྱི་ཆེད། འགྲོ་བ་མིའི་རིགས་སྤྱི་ལ་ཁྱབ་པའི་བྱམས་བརྩེ་དང་འབྲེལ་བའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་དང། ཆོས་ལུགས་ཕན་ཚུན་བར་མཐུན་ལམ་གོང་འཕེལ་དུ་གཏོང་རྒྱུ། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་ཐུགས་དགོངས་རྒྱ་ཆེར་བཞེས་ཏེ། རྟེན་འབྱུང་གི་ལྟ་བ་དང་གཞན་ཕན་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་བཟང་དེ་ཉིད་གང་ཉིད་ཀྱི་ཉམས་བཞེས་ཀྱི་ཐུགས་དམ་གྱི་མཐིལ་དུ་མཛད་ཅིང་། གཞན་ལའང་འཆད་སྤེལ་གཙོ་བོར་མཛད་པ་སོགས་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ཆེད་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་འཕྲིན་བགྲང་ལས་འདས་པ་ཞིག་བསྐྱངས་དང་སྐྱོང་བཞིན་ཡོད་པ་བཅས་ལ་འཛམ་གླིང་ཁྱོན་གྱི་རྒྱལ་ཁབ་དང་ཚོགས་སྡེ་ཁག་འདྲ་མིན་ནས་ཆོས་དང་། རིག་གཞུང་། ཚན་རིག ལྟ་གྲུབ། སེམས་ཁམས་རིག་པ་སོགས་སྡེ་ཚན་སྣ་ཚོགས་པའི་སྒོ་ནས་ཆེ་བསྟོད་དང་གཟེངས་རྟགས། ཕྱག་འཁྱེར། མཚན་གནས་སོགས་བགྲང་གིས་མི་ལང་བ་ཕུལ་ཏེ་༸རྒྱལ་དབང་མཆོག་ནི་དེང་འཛམ་གླིང་ནང་རྩོད་མེད་ཡོངས་གྲགས་ཐོག་གུས་བཀུར་དང་དགའ་མོས་ཆེ་ཤོས་ཞུ་ཡུལ་དང་། ཞི་བདེ་དང་བྱམས་བརྩེའི་མཚོན་རྟགས་དང་། མཚན་སྙན་ཆེ་ཤོས་སུ་གྱུར་ཡོད་པ་དང་། ཁོང་གི་མཛད་པ་འཕྲིན་ལས་དང་མཚན་སྙན་འཛམ་གླིང་ཕྱོགས་གང་དུ་ཁྱབ་པ་དེར་བོད་དང་བོད་མི་ཙམ་དུ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཧཱི་མ་ལའི་མི་རིགས་རྣམས་ཀྱི་ཆེ་མཐོང་དང་མཚན་སྙན་ཡང་མཉམ་དུ་ཡོད་ཡོད་པ་ཞིག་ཡིན་པས། དེ་ལྟར་༸གོང་ས་མཆོག་གི་མཛད་པ་རྣམ་པར་ཐར་པ་རྣམས་ཤེས་པ་དང་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཁོང་གིས་ལམ་སྟོན་བཀའ་སློབ་ཕེབས་པ་རྣམས་སྤྱི་སྒེར་ཚང་མས་གལ་འགངས་ཆེ་ཤོས་སུ་བརྩིས་ཏེ་ཉིན་རེའི་འཚོ་བའི་ནང་ཉམས་བཞེས་གནང་ཐུབ་པ་ཞིག་བྱུང་ན། ༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པའི་དགོས་དོན་ཚང་གི་ཡོད་ཚུལ་སོགས་དུས་ཆེན་དང་འབྲེལ་བའི་བཀའ་སློབ་གཟབ་རྒྱས་གནང་།

དེ་བཞིན་ས་གནས་གཞིས་འགོ་མཆོག་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱིས་དུས་ཆེན་དང་འབྲེལ་བའི་བཀའ་སློབ་གཟབ་རྒྱས་གནང་ཞིང་། གྲྭ་ཚང་གི་སློབ་གྲྭའི་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་དབར་༸རྒྱལ་བའི་མཛད་རྣམ་དང་རིག་གནས་ཐོག་འགྲན་བསྡུར་བགྲོ་གླེང་དང་། སློབ་ཕྲུག་ཁག་ཅིག་ནས་དབྱིན་སྐད་ཐོག་ནས་༸རྒྱལ་བའི་མཛད་རྣམ་ངོ་སྤྲོད་ཞུས།

ལོ་མང་རིང་གྲྭ་ཚང་ལ་ཞབས་ཞུ་གནང་མཁན་ལས་བྱེད་ཁག་ཅིག་ལ་སྲི་ཞུ་ཕུལ་བྱུང་གི་གཟེངས་བསྟོད་ཕྱག་ཁྱེར་དང་ལེགས་སྐྱེས་གསོལ་རས། འདི་ལོའི་དབྱར་ཁའི་ཚན་རིག་ཟབ་སྦྱོང་འཚོགས་སྐབས་གྲྭ་ཚང་གི་ཁོངས་ནས་ནུབ་ཕྱོགས་ལྟ་གྲུབ་དང་། དངོས་ཁམས། སྐྱེ་དངོས། དབང་རྩའི་ཐོག་རྒྱུགས་འབྲས་རྩེར་སོན་རྣམས་ལ་ལེགས་སྐྱེས་གསོ་རས། སམ་བྷོ་ཊའི་ཟློས་གར་དགེ་རྒན་དང་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་གཟིགས་འབུལ་ཞུས་རྗེས། གྲྭ་ཚང་གི་སློབ་སྤྱི་མཆོག་གིས་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་བཅས་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་པ་དང་། དེའི་ཉིན་རྒྱབ་ནས་གྲྭ་ཚང་ཁྱབ་ཁོངས་ཁང་ཚན་སོ་སོར་ཡང་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་འདུག།

ཡང་སྤྱི་ཟླ་ ༦ ཚེས་ ༢༦ ཉིན། ཐཱའི་ཝན་དུ་དགའ་ལྡན་ཤར་རྩེ་ནང་བསྟན་སློབ་གཉེར་ཁང་དང་ཐའི་ཝན་སྐུ་ཚབ་དོན་གཅོད་ཐུན་མོང་གིས་གོ་སྒྲིག་ཞུས་ཏེ། ཐཱའི་ཝན་དུ་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཡོད་ཅིང་། མཛད་སྒོ་དེར་༸གོང་ས་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་དྲ་ལམ་བརྒྱུད་བཀའ་སློབ་གཟབ་རྒྱས་ཐད་གཏོང་བཀའ་དྲིན་བསྩལ་པར་མཛད་སྒོར་ཞུགས་པའི་མི་མང་སྟོང་ཚོ་མང་པོའི་སེམས་ལ་སྤྲོ་སྣང་དང་སེམས་མགུལ་ཚད་མེད་ཐེབས་ཡོད་འདུག་ལ། ཐཱའི་ཝན་དུ་དགའ་ལྡན་ཤར་རྩེ་ནང་བསྟན་སློབ་གཉེར་ཁང་གིས་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པ་ད་རེས་ཐེངས་བཅུ་པ་ཆགས་ཡོད།

དེ་བཞིན་སིང་གྷ་པུར་དགའ་ལྡན་ཤར་རྩེ་འགྲོ་ཕན་གླིང་ཆོས་ཚོགས་དང་། ཨ་རི་ཐུབ་བསྟན་དར་རྒྱས་གླིང་དང་མཱ་ལེ་ཤཱའི་གྲྭ་ཚང་གི་ཆོས་ཚོགས་རྣམས་སུའང་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པར། དེར་ཡོད་ཆོས་ཚོགས་ཀྱི་སློབ་མ་དང་ས་གནས་མི་མང་མང་པོར་༸རྒྱལ་བའི་མཛད་རྣམ་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་གོ་རྟོགས་དང་དེ་ལ་བརྟེན་ནས་སོ་སོའི་མི་ཚེར་འགྱུར་བ་གསར་པ་ཞིག་འབྱུང་ངེས་པས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་༸གོང་ས་སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཞིང་། ཀུན་ཁྱབ་རླབས་ཆེན་གྱི་མཛད་འཕྲིན་མཐའ་དག་འགྲུབ་པའི་སྨོན་འདུན་བཅས། དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་ ༢༠༡༨ སྤྱི་ཟླ་ ༧ ཚེས་ ༧ ལ།།

འབྲེལ་ཡོད་གསར་འགྱུར།

Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

སྐར་མ ༡༦ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese