མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོར་བོད་རིགས་གཞོན་སྐྱེས་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོ་བསྡུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༨/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་མ་རྡར་སི་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་འདི་ལོར་ཤེས་ཡོན་དང་རིག་གཞུང་། རྩེད་མོ་བཅས་ཚན་པ་གལ་ཆེན་གསུམ་གྱི་ཐོག་ནས་མཐོ་སློབ་འགྲིམས་བཞིན་པའི་བོད་རིགས་སློབ་ཕྲུག་ཚོར་རྒྱ་གར་རྒྱལ་ཡོངས་བོད་རིགས་གཞོན་སྐྱེས་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོ་ཞེས་པའི་རིག་རྩལ་འགྲན་ཚོགས་ཤིག་བསྡུ་འཆར་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༡༥ སྟེང་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ།  མ་རྡར་སི་བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས་ཀྱིས། མི་འགྱང་བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྒྱ་གར་རྒྱལ་ཡོངས་བོད་རིགས་གཞོན་སྐྱེས་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོ་ཞེས་པ་ཞིག་འཚོགས་འཆར་ཡོད་པའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་བ་དང་། ལྷན་ཚོགས་ཐོག་རིག་རྩལ་འདུ་འཛོམས་ཆེན་མོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལྷ་རོང་ལགས་ཀྱིས་ཉག་ཕྲ་བའི་བོད་མིའི་འཐབ་རྩོད་ཀྱི་དུས་སྐབས་འདིར་གཞོན་སྐྱེས་ཚོ་མི་རིགས་ཀྱི་སོན་རྩ་ཡིན་སྟབས། འགན་འཁུར་དྭང་དུ་བླངས་ཏེ་ངེས་པར་དུ་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་སོང་།

རྒྱ་གར་རྒྱལ་ཡོངས་བོད་རིགས་གཞོན་སྐྱེས་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལྷ་རོང་ལགས་ཀྱིས་རིག་རྩལ་འདུ་འཛོམས་ངོ་སྤྲོད་དང་འབྲེལ་ཏེ་བརྗོད་དོན། རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོ་ཞེས་པའི་ལས་གཞི་འདིའི་རྒྱབ་ལྗོངས་མདོར་བསྡུས་ཤིག་ཞུས་པ་ཡིན་ན། ལས་གཞི་འདི་ཐོག་མར་ཆི་ནེ་ནང་སློབ་སྦྱོང་བྱེད་བཞིན་པའི་མ་རྡར་སི་བོད་རིགས་སློབ་ཕྲུག་མཐུན་ཚོགས་(Tsam)ནས་མགོ་འཛུགས་བྱས་ཏེ་ལོ་ངོ་ ༡༣ ལྷག་འགྲོ་བཞིན་ཡོད་པ་རེད། ད་ལྟའི་ཆ་ལ་ས་གནས་སུ་བོད་རིགས་སློབ་ཕྲུག་ཉུང་དུ་སོང་བའི་རྐྱེན་གྱིས་དཔལ་འབྱོར་གྱི་གནས་བབ་ལ་དཀའ་ངལ་བྱུང་ནས་ད་ལོར་ཁོ་རང་ཚོས་གོ་སྒྲིག་བྱེད་ཐུབ་ཀྱི་མེད་པ་དང་། དེ་བཞིན་ས་གནས་ཁག་གཞན་པའི་སློབ་ཕྲུག་ཚོས་ཀྱང་བདག་པོ་མ་བརྒྱབ་པ་ཞིག་ཆགས་ཀྱི་ཡོད་སྟབས། ལས་གཞི་གལ་ཆེན་པོ་འདི་འདྲ་ཞིག་ད་ཐེངས་ང་ཚོས་གོ་སྒྲིག་མ་བྱས་པ་ཡིན་ན་རྒྱུན་ཆད་འགྲོ་བཞིན་ཡོད་པ་རེད། ལས་གཞི་འདི་བོད་པའི་གཞོན་སྐྱེས་ཚོོའི་ནུས་པ་མཉམ་སྤུང་བྱེད་སའི་གཞི་རྩ་ལྟ་བུ་ཞིག་ཆགས་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། དེ་རིང་ང་ཚོས་འདིར་གོ་སྒྲིག་ཚོགས་ཆུང་ཞིག་བཙུགས་ནས་ལས་གཞི་འདི་ངེས་པར་དུ་བསྒྲུབ་དགོས་ཀྱི་འདུག་བསམས་པ་རེད་ལ། ང་ཚོས་ལས་གཞི་འདི་མུ་མཐུད་རྒྱ་ཆེ་བ་ཞིག་དང་སྔར་ལྷག་གི་ཚགས་ཚུད་པ་ཞིག་ཡོང་ན་སྙམ་ནས་འབད་བརྩོན་བྱེད་བཞིན་ཡོད། ཅེས་དང་། གསར་འགོད་ལྷན་ཚོགས་སྐོང་དགོས་དོན་ནི་རྒྱ་གར་རྒྱལ་ཡོངས་ནང་ཡོད་པའི་བོད་རིགས་སློབ་ཕྲུག་ལས་གྲུབ་པའི་ཚོགས་པ་ཆ་ཚང་བ་ཞིག་ལས་གཞི་དེའི་ནང་མཉམ་ཞུགས་བྱེད་ཐུབ་ན་བསམ་ཡོད་སྐོར་བརྗོད་སོང་།

ལས་གཞིའི་དགོས་དམིགས་སྐོར་ལ་ཁོང་གིས། ལས་གཞིར་དམིགས་ཡུལ་གཙོ་བོ་གསུམ་ཡོད་པ་ལས་དང་པོ་བོད་རིགས་གཞོན་སྐྱེས་རྣམས་མ་འོངས་པའི་སོན་རྩ་ཡིན་སྟབས། ༧གོང་ས་མཆོག་གི་བཀའ་སློབ་གཞིར་བཟུང་ཆོས་དང་རིག་གཞུང་གི་སྡིངས་ཆ་ཉར་ཚགས་ཀྱིས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་བྱེད་པ་དེ་ཡིན་པ་དང་།  གཉིས་པ་སློབ་ཕྲུག་ཚོགས་པ་ཁག་ནི་རང་རེའི་སྤྱི་ཚོགས་ནང་གི་མགོ་འཁྲིད་ཀྱི་ནུས་པ་སྐྱེད་སྲིང་བྱེད་ས་དེ་ཡིན་སྟབས། རྒྱ་གར་གྱི་ས་གནས་མང་པོའི་ནང་གནས་པའི་བོད་རིགས་སློབ་ཕྲུག་ཚོགས་པ་ཁག་མཉམ་འཛོམས་ཀྱི་སྡིངས་ཆ་ཞིག་བསྐྲུན་ཏེ། བོད་ཀྱི་ད་ལྟའི་གནས་བབ་ལ་དཔག་པའི་ནུས་པ་མཉམ་སྤུང་དང་མ་འོངས་པའི་མགོ་འཁྲིད་སྐྱེད་སྲིང་སོགས་ཀྱི་ཐོག་ཕན་ཐོགས་ཡོང་ཐབས། གསུམ་པ་སློབ་མ་ནང་ཁུལ་བར་བསམ་ཚུལ་བརྗེ་ལེན་བྱས་ཏེ་ས་གནས་ས་ཐོག་ནས་ལས་འགུལ་སྤེལ་ཕྱོགས་དང་། བསམ་ཚུལ་མི་འདྲ་བ་མཉམ་གཅིག་ཏུ་སྤུངས་ནས་གཞོན་སྐྱེས་ཚོས་ལོ་གཅིག་གི་ནང་བོད་དོན་དྲིལ་བསྒྲགས་ལས་འཆར་སྤེལ་རྒྱུ་བཅས་ཡིན་སྐོར་སོགས་བརྗོད་སོང་།

རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་སྟངས་འཛིན་པ་རིན་ཆེན་དབང་རྒྱལ་ལགས་ཀྱིས།  རྩ་བའི་རྒྱ་གར་རྒྱལ་ཡོངས་བོད་རིགས་སློབ་མའི་ངོ་བོ་ལས་གྲུབ་པའི་ལས་གཞི་འདི་མ་དྷི་ར་སི་བོད་རིགས་སློབ་ཕྲུག་མཐུན་ཚོགས་ནས་འགན་འཁུར་ཏེ་འདས་པའི་ལོ་ངོ་ ༡༣ རིང་ལས་གཞི་འདི་སྤེལ་ནས་ཡོང་ཡོད་པ་རེད། འོན་ཀྱང་། ད་ལྟའི་ཆར་འདུ་འཛོམས་ཆེན་མོ་དེ་ཚོགས་མ་ཐུབ་པའི་དཀའ་ངལ་ཞིག་འཕྲད་ཀྱིན་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། དེའི་རྒྱུ་རྐྱེན་ནི་ཕྱོགས་གཅིག་ནས་མ་དྷི་ར་སིའི་ནང་སློབ་འཇུག་བྱེད་པའི་སློབ་མ་ཇེ་ཉུང་ཡིན་པས་དཔལ་འབྱོར་མཁོ་སྒྲུབ་བྱེད་པ་སོགས་ལ་དཀའ་ངལ་ཞིག་འཕྲད་དེ། ད་ལྟའི་ཆར་ཚོགས་ཐུབ་ཐབས་མེད་པའི་གནས་སྟངས་ཤིག་གི་འོག་ཁོ་རང་ཚོས་ང་ཚོར་ཡིག་ཆ་རྩིས་སྤྲོད་བྱས་ཡོད་པ་རེད། ང་ཚོས་ལས་གཞི་འདི་གནད་འགག་ཆེན་པོ་ཞིག་ལ་རྩིས་དགོས་དོན་ནི། འདས་པའི་ལོ་ ༡༣ རིང་གི་བརྒྱུད་རིམ་ལ་བལྟས་ཡོང་དུས། རྒྱ་གར་རྒྱལ་ཡོངས་ཀྱི་བོད་རིགས་སློབ་མའི་ཚོགས་སྡེ་ཁག་གི་མགོ་འཁྲིད་མཉམ་འཛོམས་བྱས་ཏེ་ནུས་པ་མཉམ་སྤུང་བྱས་ཡོད་པ་དེ་འདྲ་གང་ཡང་མི་འདུག སྤྱིར་བཏང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞོན་སྐྱེས་ཚོར་ཟབ་སྦྱོང་སྤྲོད་པ་སོགས་གནང་སྐབས། གཞོན་སྐྱེས་མཉམ་འཛོམས་ཀྱི་དུས་སྐབས་ཤིག་རང་བཞིན་གྱིས་ཆགས་འགྲོ་ཡི་ཡོད་ཀྱང་། གཞོན་སྐྱེས་རང་གིས་དྭང་དུ་བླངས་ཏེ་བྱས་བཞག་པ་ལས་གཞི་འདི་ལས་ལྷག་ཅིག་ད་ལྟའི་བར་དུ་མེད་བསྡད་པའི་བཟོ་འདྲ་པོ་ཞིག་རེད། ཅེས་བརྗོད་སོང་།

ལས་གཞིའི་ནང་ཤེས་ཡོན་དང་རིག་གཞུང་། རྩེད་མོ་བཅས་ཚན་པ་གལ་ཆེན་གསུམ་ཡོད་པ་ལས་ཤེས་ཡོན་ནང་གཙོ་བོ་ཟླ་གཅིག་གི་གོང་ནས་གསལ་བརྡ་བཏང་སྟེ་དཔྱད་རྩོམ་རང་བཞིན་ལྡན་པའི་རྩོམ་ཡིག་འགྲན་བསྡུར་བྱ་རྒྱུ་དང་། གཉིས་པ་ད་ལོའི་གློག་བརྙན་བཟོ་སྐྲུན་གྱི་བརྗོད་གཞི་ནི་རྒྱ་གར་ནང་ཁ་འཐོར་དུ་ཕྱིན་པའི་སློབ་ཕྲུག་ཚོགས་པ་ཁག་གི་ངོ་སྤྲོད་ཡིན་པ་དང་། རིག་གཞུང་འཁྲབ་སྟོན་ནང་རྐྱང་གཞས་དང་འཁྲབ་གཞས། མཉམ་གཞས། དེ་བཞིན་རྩེད་མོའི་ནང་བུ་བུ་མོའི་གཉིས་ཀྱི་སིལ་སྤོལ་སོགས་ཡོད་སྐོར་བརྗོད་སོང་།

རྒྱ་གར་རྒྱལ་ཡོངས་བོད་རིགས་གཞོན་སྐྱེས་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོའི་ནང་འཛུལ་ཞུགས་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་པ་ཁག་ནི་བྷེང་ལོར་ས་གནས་གཞོན་ནུ་ལྷན་ཚོགས་དང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང། མེ་སོར་བོད་རིགས་སློབ་ཕྲུག་མཐུན་ཚོགས། མ་རྡར་སི་བོད་རིགས་སློབ་ཕྲུག་མཐུན་ཚོགས། བྷང་ལོར། བྷ་རོ་ཀྲ། ལྡི་ལི། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང། ལྡེ་ར་ལྡུན་བྱང་སེམས་ཚོགས་པ། ཝཱ་ན་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ཅན་རྡི་གྷར་ས་གནས་གཞོན་ནུ་སོགས་ཡིན་པ་དང་། འདུ་འཛོམས་ཆེན་མོ་དེ་འདི་ལོའི་ཕྱི་ཟླ་དགུ་བ་བཅུ་བ་ཡས་མས་ཤིག་ལ་འཚོགས་འཆར་ཡོད་ཀྱང་། སྤྱིའི་འགྲོ་སོང་ཚོད་རྩིས་བྱས་ན་ཧིན་སྒོར་འབུམ་ ༥།༥ ཙམ་ཡིན་པ་དང་། ད་ལྟའི་བར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་དང་ཀིརྟི་དགོན་པ་བཅས་ནས་ཁྱོན་ཧིན་སྒོར་ཁྲི་ ༧ མ་ཟིན་ཙམ་ཞིག་ལས་རག་མེད་སྟབས། རིག་རྩལ་འདུ་འཛོམས་ཆེན་མོ་དེ་ག་དུས་ཤིག་ལ་འཚོགས་ཐུབ་མིན་ངེས་གཏན་མེད་སྐོར་བརྗོད་སོང་།

 གསར་འགོད་པ། སྐལ་བཟང་སྦྱིན་པ་དང་བསོད་ནམས་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༠ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༤ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེh says:
    ལོ་ 8 སྔོན།

    ལས་འཆར་ཡག་པོ་འདུག་ཐུགས་རྗེ་ཆེ་ལས་
    འཆར་འདི་རིགས་ལ་དབུས་བོད་མིའི་སྒྲིག་འཛུགས་
    ནས་དཔལ་འབྱོར་གྱི་མཐུན་རྒྱུར་གནང་དགོས་པ་
    གལ་ཆེན་དུ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese