མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁྲོན་བོད་མྱུར་སྐྱོད་ལྕགས་ལམ་མགོ་འཛུགས་འཆར།

བོད་ཀྱི་དུས་བབ།
༢༠༡༨/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གཞུང་ལམ་ལྕགས་ལམ་བཟོ་བ་ནི་བོད་སྐྱོང་འཐབ་ཇུས་རྣམས་ལག་ལེན་དོན་འཁྱོལ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་མི་འགྱངས་བར་སི་ཁྲོན་ནས་ལྷ་ས་བར་མྱུར་སྐྱོད་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་ལས་གཞི་གཏན་འབེབ་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན། རྒྱ་ནག་དཔལ་འབྱོར་ལྷན་ཁང་གི་ལོ་འཁོར་ཚོགས་འདུ་ཐེངས་གསུམ་པའི་ཐོག ཕྱི་ལོ་ ༢༠༡༩ ལོའི་ལོ་མགོ་ནས་རྒྱ་ནག་གིས་བཅད་བགོས་བྱས་པའི་བོད་ཤར་ཕྱོགས་ཀྱི་མདོ་སྟོད་སྨད་གཉིས་ཀྱི་ཕྱེད་ཀ་ཚུད་པའི་སི་ཁྲོན་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་མགོ་འཛུགས་ཀྱི་ལས་གཞི་གཏན་འབེབ་བྱས་ཡོད་པ་དང་སྦྲགས། ཞི་ཅིན་ཕིན་གྱིས་ཚད་གཞི་མཐོ་བོ་དགོས་པའི་སྐུལ་མ་བྱས་ཡོད་འདུག

ཚོགས་འདུ་དེའི་ཐོག་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཁྲོན་བོད་ལྕགས་ལམ་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱལ་ཁབ་ཡུན་རིང་བདེར་འགོད་དང་། རྒྱལ་ཁབ་གཅིག་གྱུར་ཡོང་བར་སྲུང་སྐྱོང་། མཐའ་མཚམས་བརྟན་བརླིང་ཡོང་བར་ཕན་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བར་དགོས་པ་ཡོད་པ་སོགས། བོད་སྐྱོང་འཐབ་ཇུས་ལག་ལེན་དོན་འཁྱོལ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད། ཚན་རིག་དང་མཐུན་པའི་འཆར་འགོད་དང་ལག་རྩལ་གྱི་འདེགས་སྐྱོར། སྐྱེ་ཁམས་སྲུང་སྐྱོང་། ཉེན་མེད་ཁུངས་ལྡན་བཅས་ཀྱི་སྤྱིའི་བསམ་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱ་དགོས་ཤིང་། ཁྲོན་བོད་དང་མཚོ་བོད་གཞུང་ལམ། ཁྲོན་བོད་ལྕགས་ལམ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འགོ་འཛུགས་ས་མཐོན་པོ་དང་ཚད་གཞི་མཐོན་པོ། སྤུས་ཚད་མཐོན་པོ་བཅས་ཀྱི་སྒོ་ནས་ཨར་ལས་འཆར་འགོད་དང་འཛུགས་སྐྲུན་བྱ་དགོས། ཞེས་བརྗོད་འདུག

ཉེ་བའི་ལོ་ཤས་ནས་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནས་ལྷ་སར་མཐུད་པའི་གཞུང་ལམ་དང་ལྕགས་ལམ་སོགས་ཀྱི་མིང་ལ་མཚོ་བོད་ལམ་དང་ཁྲོན་བོད་ལམ། དེ་བཞིན་ནུབ་བོད་ལམ་སོགས་མིང་འདྲ་མིན་འོག་ནས་ལྕགས་ལམ་དང་གཞུང་ལམ་སོགས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་། དེ་དག་གི་དམིགས་ཡུལ་ནི་བོད་ཀྱི་དཔལ་འབྱོར་ཡར་རྒྱས་དང་མཐའ་མཚམས་བརྟན་སྲུང་ལ་དམིགས་ཡོད་སྐོར་བརྗོད་བཞིན་པ་ལས། གཙོ་བོ་བོད་ཡུལ་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་ཡོང་ཐབས་དང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་བོད་ཁུལ་དུ་རྒྱ་སྐྱེད་གཏོང་ཐབས། དེ་བཞིན་མྱུར་བགྲོད་ལྕགས་ལམ་དང་གཞུང་ལམ་ལས་གཞི་རྒྱ་བསྐྱེད་ཀྱིས་བོད་ནང་མཚོན་ཆ་དབོར་འདྲེན་དང་དྲག་དམག་གི་རྟེན་གཞི་ཚུགས་ཐབས་བྱེད་ཀྱི་ཡོད་པ་རེད།

གཞན་རྒྱ་ནག་གིས་བོད་ཁུལ་གང་སར་ཡུལ་སྐོར་སྤྲོ་འཆམ་གྱི་མིང་སྣ་ཚོགས་གཏགས་ནས་མི་མང་པོ་འབོད་འགུག་གིས་ས་ཆ་མང་པོ་ཡུལ་སྐོར་སྤྲོ་འཆམ་གྱི་གནས་སུ་བསྒྱུར་དགོས་སྐོར་བརྗོད་དེ། བོད་ཀྱི་འབྲོག་ལས་དང་ཞིང་ལས་སོགས་མེད་པར་བཏང་ནས་བོད་མི་ཚོ་རྒྱ་གྲོང་ལ་ཕབ་པ་དང་། རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱེད་ཀྱི་ཡིན་སྐོར་བཤད་ཀྱི་ཡོད་ཀྱང་། ཕྱུག་ཟོག་དང་ཞིང་ལས་ཀྱི་འཚོ་བ་དོར་ནས་ལོ་ཤས་དང་ཟླ་ཤས་ལས་མ་སོང་བར་རོགས་སྐྱོར་མཚམས་ཆད་དེ་ཞིང་འབྲོག་མི་མང་གི་འཚོ་བར་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་ཧོང་ཀོང་རང་དབང་གསར་ཁང་གིས་དབྱེ་ཞིབ་གསར་འགྱུར་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པའི་བསྟི་གནས་མང་པོ་འཛུགས་སྐྲུན་བྱས་ཏེ། ཕྱི་ལོ་ ༢༠༢༠ ལོར་བོད་ཁུལ་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ལོ་རེར་ས་ཡ་ ༣༥ ཟིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་།  ཕྱི་ལོ་ ༢༠༠༥ ལོར་བོད་ཁུལ་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༤ ལས་འབྱོར་མེད་ན་ཡང་། ཕྱི་ལོ་ ༢༠༠༦ ལོར་བོད་ཁུལ་དུ་ལྕགས་ལམ་འཛུགས་སྐྲུན་བྱས་པ་ནས་བཟུང་། བོད་ཁུལ་དུ་ལོ་རེར་ཆ་སྙོམས་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་ ༢༠ ཇེ་མང་དུ་སོང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༢༤ ཟིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

མཆན། 1

  1. Lobsang Wangdu says:
    ལོ་ 4 སྔོན།

    རྒྱ་དམར་གྱི་བོད་དུ་་་ ཁྲོན་བོད་མྱུར་སྐྱོད་ལྕགས་ལམ་མ་རེད། ཁྲོན་བོད་མྱུར་འཇིག་ལྕགས་ལམ་མགོ་འཛུགས་འཆར་རེད། ཧོང་ཀོང་རང་དབང་གསར་ཁང་ནས་་་ བོད་ལ་དབྱེ་ཞིབ་གནང་པ་ ཐུགས་རྗེ་ཆེ།
    རྒྱ་དམར་གི་རྨི་ལམ་་་ བོད་་་ CHINA’S Big DREAM—— > TIBET is Zero….. ? ☠️ ? ? ? ☄️ ? ? ☢️ ? ⚰️
    Oh God ! Who’s SAVE TIBET ? ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist