མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་རེ་ཟུང་གིས་བཀའ་མོལ་གནང་སྐབས་གཟབ་གཟབ་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༨/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

༄༅། །ཉེ་ཆར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག སྤྱི་འཐུས་མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་ནས་༸སྐྱབས་མགོན་རིན་པོ་ཆེས་གསུངས་བཞག་པ་ཚང་མ་བཀའ་རེད་ཟེར་ནས་སྒྲུབ་དགོས་པ་ཞིག་རྩ་བ་ནས་མི་འདུག་ཅེས་བརྗོད་འདུག་པ་དེ་ནི་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ས་ཡ་དྲུག་ཙམ་མ་ཟད། འཛམ་གླིང་ནང་༸གོང་ས་མཆོག་ལ་དད་གུས་ཞུ་མཁན་མི་འབོར་གྲངས་ལས་འདས་པ་རྣམས་ལ་བློ་ཕམ་ཤིན་ཏུ་སྐྱེས་གཞི་དང་། བཀྲིན་ལ་བསམ་ཤེས་མེད་པའི་གཏམ་རང་རེད། ང་ཚོས་དྲན་ཤེས་དགོས་པ་ཞིག་ལ་རང་རེ་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ནས་མི་ལོ་ ༦༠ ཙམ་གྱི་རིང་། སྐྱབས་བཅོལ་བ་གཞན། ཨབ་གྷ་ནི་སི་ཐན་དང་། སྦང་ལ་དྷེ་ཤེ། ཤྲི་ལང་ཀ་སོགས་ནས་སྐྱབས་བཅོལ་བ་མང་པོ་མཐོང་རྒྱུ་ཡོད་ཀྱང་། སུ་ལ་ཡང་སྐྱབས་བཅོལ་གཞུང་འདུག་གམ། ཤེས་ཡོན་ཆེད་ཟུར་བཙུགས་སློབ་གྲྭ་འདུག་གམ། དགེ་འདུན་གྱི་སྡེ་དགོན་པ་འདུག་གམ། མཐུན་རྐྱེན་གང་ལེགས་ཡོད་པའི་གཞིས་ཆགས་དང་། ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་ལམ་སྲོལ་གཞུང་སོགས་རང་རེའི་བོད་མི་བཙན་བྱོལ་བ་ལ་ཡོད་པ་བཞིན་སུ་ལ་ཡང་མེད། དེ་བཞིན་བོད་མི་བཙན་བྱོལ་བ་རྣམས་ཀྱི་གནས་སྟངས་ཡང་ཧ་ཅང་ཡར་རྒྱས་ཕྱིན་ཟིན་པ་ནི་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ལས་གཞན་སུས་ཀྱང་འཇོན་བཞག་པ་མེད་པ་ཚང་མས་མཁྱེན་གསལ་རེད། ཡང་སྤྱི་འཐུས་ཁོང་རང་ཉིད་འདེམས་ཐོན་ཡོང་ཁོངས་དཔལ་ས་སྐྱ་ཆོས་ལུགས་ཀྱི་བླ་ཆེན་འཁོན་རིགས་བསྟན་པའི་སྲོག་ཤིང་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་དུས་རྒྱུན་ནས་༸གོང་ས་མཆོག་གི་བཀའ་དྲིན་དང་བཀའ་ལ་བརྩི་བཀུར་དགོས་པའི་བཀའ་སློབ་ཡང་ཡང་གནང་བ་དེ་ཚོ་གོ་ཐོས་མེད་པ་ཡིན་ནམ། དེ་སྔོན་ཡང་སྤྱི་འཐུས་ཁོང་ནས་སྤྱི་ཚོགས་ནང་བརྡབ་གསིག་བྱུང་བ་བསྐྱར་དུ་དྲན་བསྐུལ་བྱུང་སོང་། དེ་ནི་ནམ་རྒྱུན་སྤྱི་འཐུས་རྣམས་ནས་འཚམས་གཟིགས་སྐབས་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དགོས་པ་གལ་ཆེ་ཡིན་སྐོར་འབོད་སྐུལ་བཀའ་སློབ་གནང་སྲོལ་དང་འགན་དབང་ཡིན་ཡང་། ད་ལམ་སྤྱི་འཐུས་ཁོང་ནས་དེ་ལས་ལྡོག་ཏེ། དྭང་སློབ་ལས་ཟུར་རྣམས་ལ་དམའ་འབེབས་མཐོང་ཆུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣༠ ཉིན་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་འཚམས་གཟིགས་སྐབས་གཤམ་གསལ་གཏམ་བཤད་འདི་འདྲ་གནང་འདུག

༡༽ དམག་སྒར་ཨང་ ༢༢ ཀྱི་དྭང་ཟུར་དམག་མི་རྣམས་བོད་མིའི་རྩ་དོན་ཐད་ཕན་ཐོགས་གང་ཡང་མེད་པ།

༢༽དམག་སྒར་ ༢༢ ནང་ཞབས་ཞུ་ཞུ་མཁན་རྣམས་སོ་སོའི་གྲོད་ཁོག་ཁོ་ནའི་དོན་དུ་ཡིན་པ།

༣༽༸གོང་ས་མཆོག་གི་སྐུ་སྲུང་ཡང་གྲྭ་ཚང་ཁག་ནས་གནང་བཞིན་པ་ལས་དམག་སྒར་ ༢༢ ཀྱི་ཐེ་བྱུས་མེད་པ།

༤༽དམག་སྒར་ཨང་ ༢༢ ནང་ཞབས་ཞུ་ཞུ་བཞིན་པའི་དྭང་ཞབས་པ་དང་། དྭང་ཟུར་བ་རྣམས་ནས་རང་ཉིད་ཆེད་ཁང་པ་རྫིག་པོ་ཐོག་རྩེག་ཉིས་ཐོག་ཅན་བརྒྱབ་པ་དང་། རླངས་འཁོར་ཉོས་པ་ཙམ་ལས་གཞིས་ཆགས་ནང་ཉམ་ཐག་རྣམས་ལ་ལྟ་སྐྱོང་རོགས་ཕན་གང་ཡང་བྱེད་ཀྱི་མེད་པ་སོགས་འགན་མེད་པའི་གཏམ་བཤད་གནང་བ་ནི་ཁོ་རང་ཉིད་ལ་མཐོང་ཐོས་ཉམས་མྱོང་དམན་པས་ཡིན་སྲིད། དྭང་སློབ་དབུ་བརྙེས་ནས་བཟུང་ད་བར་བོད་མིའི་རྩ་དོན་ཐོག་ལས་དོན་ཧ་ཅང་མང་པོ་ཞུས་ཡོད་ཀྱང་། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་ཆགས་ལ་བརྟེན་གསལ་བསྒྲགས་ཞུ་སྲོལ་མེད་ལ།  འདིར་འབྲི་དགོས་རྒྱུ་མཚན་ཡང་མ་མཐོང་མོད། དཔེ་མཚོན་ལྟ་བུར་ཚིག་རེ་གཉིས་ཞུས་ན། དྭང་ཟུར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་རང་བཙན་དོན་དུ་རང་ལུས་མཆོད་མེར་ཕུལ་བ་དང་། དྭང་ཟུར་ཟླ་བ་ཚེ་རིང་ལགས་ཀྱི་བོད་མིའི་རྩ་དོན་སླད་ཟས་བཅད་ངོ་རྒོལ་གྱིས་ལས་འགུལ་གནང་བ་གཙོས་ངོ་རྒོལ་རིམ་པའི་ནང་དྭང་ཟུར་མེད་པ་གཅིག་ཀྱང་མེད་པས་དེ་རྣམས་རྩ་དོན་དང་ཆབ་སྲིད་ལ་ཕན་ཐོགས་མེད་ཡིན་ནམ། དཔལ་འབྱོར་ཐོག་ཕྱི་ལོ་ ༡༩༧༢ ལོར་བོད་མིའི་དྭང་བླང་དཔྱ་ཁྲལ་གཏན་འབེབས་མ་བྱུང་སྔོན་ནས་དྭང་སློབ་དབུ་བརྙེས་ནས་རིང་པོར་མ་སོང་བར་དྭང་སློབ་མི་རེ་རེ་ནས་ཟླ་རེར་ཧིན་སྒོར་ ༢ (TIBETAN CHILDREN EDUCATION FUND) TCEF ཆེད་རང་གཞུང་ཤེས་རིག་ལྷན་ཁང་བརྒྱུད་འབུལ་སྲོལ་ཡོད་པ་དེང་སྐབས་སྒོར་ ༢༠༠ ཙམ་དང་འདྲ་བ་དང་། དཔྱ་ཁྲལ་གཏན་འབེབས་རྗེས་བོད་མི་སྤྱི་མཚུངས་ལྟར་ཕོགས་ཐོབ་ཀྱི་བརྒྱ་ཆའི་གཏན་འབེབས་བཞིན་འབུལ་ལམ་ཞུ་དང་ཞུས་མུས་ལྟར་དངུལ་འབོར་ཡང་ཆེ་ཤོས་གྲས་ཆགས་ཡོད། དེ་བཞིན་ལོ་ལྟར་མཧ་གུ་རུའི་འབུམ་ཚོགས་སོགས་བསྟན་སྲིད་སྤྱིའི་ཞབས་རིམ་སྒྲུབ་རྒྱུའི་ཐད་ལ་ཡང་རྗེས་ལུས་མེད་པས་དེ་རྣམས་སོ་སོའི་འཚོ་བའི་དོན་དུ་ཡིན་ནམ་སྐུའི་སྲུང་བྱའི་ཐོག་གཙོ་བོ་རྒྱ་གར་གཞུང་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་ད་ཕན་འཐུས་ཤོར་གང་ཡང་ཕྱིན་མེད་ཀྱང་གལ་པོ་ཆེ་ལ་ནན་ཏན་ལྟར། དུས་འཁོར་དབང་ཆེན་སོགས་མི་མང་འདུ་འཛོམས་ཆེ་བའི་སྐབས་དགོས་གལ་ནམ་བྱུང་ལ་བདེ་སྲུང་ལྷན་ཁང་གི་བཀའ་འབྲེལ་ལྟར་མི་འགྲོ་འཕར་མ་ཞུས་དང་ཞུ་མུས་བཅས། གོང་གསལ་དྭང་སློབ་ལས་ཟུར་རྣམས་ནས་ལས་དོན་ཞུས་པ་སྙིང་བསྡུས་ཙམ་དང་། ཡང་གཞིས་ཆགས་ནང་ཁང་པ་དང་སྦག་སྦག་རྫིག་པོ་ཡོད་མཁན་ཚང་མ་ཕྱི་རྒྱལ་ལ་ནང་མི་ཡོད་པ་དང་། དྭང་སློབ་ཡིན་ལུགས་གསུང་འདུག་པས་དེང་སྐབས་དྭང་སློབ་རྩ་དགོངས་ལ་ཕེབས་མཁན་རྣམས་ཀྱི་གནས་སྟངས་གང་ཙམ་ཡག་པོ་ཡོད་པ་ལས་དེ་སྔོན་དྭང་སློབ་རྒན་གྲས་རྣམས་བོད་མིའི་སྤྱི་ཚོགས་ནང་དཔོལ་འབྱོར་ཐོག་རྗེས་ལུས་སུ་ཐེབས་པ་ཡོངས་གྲགས་དང་།  ༸གོང་ས་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ས་གནས་མང་པོའི་ནང་རྒས་གསོ་ཁང་བཙུགས་ཡོད་པ་དེ་དག་ནང་བརྒྱ་ཆ་ ༨༠ ཙམ་དྭང་ཟུར་རྒན་གྲས་རྣམས་ཡིན་ཞིང་། ལར་ནས་ཕྱི་རྒྱལ་ལ་ནང་མི་ཡོད་པ་དང་། དྭང་སློབ་ཚོས་རང་གི་དཀའ་ལས་བརྒྱབས་པའི་གྲུབ་འབྲས་དཔལ་འབྱོར་ཡར་རྒྱས་ཕྲན་བུ་ཕྱིན་པར་དགའ་བསུ་ཞུ་འོས་པ་ལས་མིག་ཚ་དགོས་དོན་མེད། གོང་གསལ་གནས་ལུགས་རྣམས་དྭང་ཟུར་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས་གཞན་མི་སྒེར་སོགས་ནས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དབུས་རྒྱུན་ལས་ཁང་དུ་སྙན་ཞུ་དང་ངོ་བཤུས་འབྲེལ་ཡོད་ལྷན་ཁང་ཁག་ལ་ཕུལ་ཡང་བཟང་ངན་ཕྱག་བསྟར་གང་ཡང་གནང་མ་སོང་ངོ་།

ར་སྤུར་གནས་སྡོད་དྭང་སློབ་འགོ་འཛིན་ཟླ་བ་ཤོར་ཡ་ལྕགས་ར།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་བསམ་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩

མཆན། 11

  1. Khenrap, Patu says:
    ལོ་ 7 སྔོན།

    I belonged to Sakya student in Tibetan Institute of Varanasi way back in 1980’s and in response to his view, I do agreed with the Writer. I don’t recognize anyone of these Cholug Chitues represent Cholug matter. They are elected by their Cholkha monks to represent the idea of Cholkha and as such we saw all ten of them comes from same Cholkha. Therefore, they do not respect and agree His Holiness The Dalai Lama’s effort to resolve Tibet issue. They have always spoke directly or indirectly against the Gadhen Phodrang and spread rumors within the innocents just to provoke anger to Gadhen Phodrang. We have seen how Tenpa Yarphel directly spoke against Gadhen Phodrang and Nechung in the parliament. Some of them we have seen friendly with Lukar Jam who alleged His Holiness as disloyal or betrayal to Tibetan cause. One of their indications as representing Cholkha is how they fight to elect the Speaker of parliament in 2016. I as Sakyapa, I don’t agree both of Sakya Chitues to represent us as well as all other Cholugs Chitue. None of them brought any issue about Cholug so far but always act against the vision of His Holiness and valuable precepts of Cholug Heads.

    Reply
  2. སྣང་ཤེས། says:
    ལོ་ 8 སྔོན།

    རུལ་སོང་ནའང་མི་མང་རུལ་སོང་བ་ལས་སྤྱི་འཐུས་མི་སྒེར་ཞིག་རུལ་སོང་བ་ཙམ་མ་རེད། དེས་ན་མང་གཙོའི་དགོས་པ་དང་དམིགས་ཡུལ་སོགས་ཀྱི་ཐད་ནས་མི་མང་ལ་ཟབ་སྦྱོང་དང་སློབ་གསོ་མང་ཙམ་སྤྲོད་རྒྱུ་གལ་ཆེ། དེ་མ་གཏོགས་མང་གཙོའི་ལམ་ལུགས་འདི་བཀོལ་ཤེས་ན་སྨན་ཡིན་མོད། བཀོལ་མ་ཤེས་ན་དུག་ཏུའང་འགྱུར་སྲིད་པ་རྒྱལ་ཁབ་མང་པོའི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཟིན་ནོ།

    Reply
  3. Ganchab says:
    ལོ་ 8 སྔོན།

    གནས་ལུགས་དང་རྒྱུ་མཚན་གང་ཡང་མ་ཤེས་པའི་ཐོག་ནས་རྨོངས་འཆར་ཅན་གྱིས་རྩོམ་ཡིག་ལས་མ་འདས།

    Reply
  4. ཐོས་པ་དགའ། says:
    ལོ་ 8 སྔོན།

    ས་སྐྱའི་སྤྱི་འཐུས་ཀ་བྲག་དངོས་གྲུབ་བསོད་ནམས་ཟེར་པ་དང་། དགེ་ལུགས་སྤྱི་འཐུས་གོ་བོ་བློ་བཟང་ཕེན་བདེ་གཉིས་ཀྱིས་སྤྱི་འཐུས་གྲོས་ཚོགས་ཀྱི་གདན་ཆ་བེད་སྤྱོད་ལོགས་སུ་བཏང་ནས་སྐད་ཆ་བཤད་སྟངས་དེ་ཚོ་དགྲ་དགའ་གཉེན་སྡུག་ཀྱི་ལས་ངན་གནམ་སར་མི་ཤོང་བ་བྱས་སོང་བ། གསལ་པོ་རེད། མང་ཚོགས་ནས་མགོ་རལ་ན་སྣ་བས་མི་ཚོར་བ་མ་བྱས་པར་བསྟན་བདག་བླ་ཆེན་ཁག་ལ་ཡང་ཡར་ཞུ་བྱེད་དགོས་པ་དང་། བསྟན་བདག་བླ་ཆེན་རྣམ་པས་ཀྱང་ཐུགས་འགན་གཙོར་བཞེས་ཀྱིས་གོ་སྐོན་སློབ་གསོ་དང་། ཚར་གཅོད་རྗེས་འཛིན་བྱེད་པའི་དུས་ལ་བསླེབས་འདུག

    Reply
  5. ནོར་བུ། says:
    ལོ་ 8 སྔོན།

    སྤྱི་ཚོགས་ལ་འགན་འཁུར་དང་ལྷག་བསམ་ཡོད་པའི་དགོངས་ཚུལ་རྩོམ་ཡིག་ལམ་ནས་རྒྱ་གར་ནང་གི་བོད་ཡིག་གསར་ཤོག་ཚད་ལྡན་བོད་ཀྱི་དུས་བབ་དྲ་ཐོག་ལ་སྤེལ་གནང་བར་རྩོམ་པ་པོ་དང་། བོད་ཀྱི་དུས་བབ་གསར་ཁང་གཉིས་ཀར་བཅོས་མིན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ལོ་རྒྱུས་ནང་མི་གྲགས་པའི་ཆོལ་གསུམ་བོད་མི་ཆིག་སྒྲིལ་བསྐྲུན་གནང་མཛད་ཡོད་ནའང་། སྤྱི་འཐུས་མིང་འཛིན་པ་ཀྲ་བྲག་དངོས་གྲུབ་བསོད་ནམས་ཟེར་བ་དེ་རིགས་ཀྱིས་འགན་འཁུར་མེད་པའི་སྐད་ཆ་གྲོས་ཚོགས་ར་བའི་ནང་ལ་བཤད་པར་བརྟེན་ནས་དད་དམ་གཙང་མའི་གཞིས་བྱེས་བོད་མི་མང་པོའི་སེམས་ལ་རྨ་ཁ་བཟོས་ཡོད། ད་དུང་ཤུགས་ཆེ་ཙམ་བཤད་ན་བོད་ཁྱིམ་སློབ་གྲྭའི་ངོས་ནས་ཁོ་བོད་ཁྱིམ་ལས་བྱེད་ཞིག་ཡིན་པའི་ཆ་ནས་གོ་སྐོན་སློབ་གསོ་སྐྱོན་དགོས་པ་ཆགས་ཡོད། མང་ཚོགས་ནས་བསམ་ཚུལ་བཤད་བྲིས་བྱ་རྒྱུ་མང་གཙོའི་སྤྱི་ཚོགས་ནང་ཆོག་པ་དང་། དངོས་མིང་དང་བཅས་ནས་དྲ་ཐོག་ལ་སྤེལ་བ་དེ་ཡང་མ་འོངས་སྤྱི་ཚོགས་ཟང་ཟིང་བཟོ་མཁན་ཀྲ་བྲག་དངོས་གྲུབ་བསོད་ནམས་ལྟ་བུས་སྐད་ཆ་མ་བཤད་སྔོན་ལ་བསམ་གཞིགས་བྱེད་དགོས་པའི་དྲན་བསྐུལ་ཡོང་བར་ངེས་པར་དུ་ཕན་ཐོགས་ཡོང་ངེས།

    Reply
  6. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ says:
    ལོ་ 8 སྔོན།

    སྤྱི་འཐུས་གྲོས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་
    དང་མ་འགལ་བའི་ཐོག་ནས་གྲོས་ཚོགས་ཀྱི་ལས་རིམ་ལ་བཟང་སྤྱོད་ཀྱི་ཐོག་ནས་
    འགན་ཁུར་བཞེས་དགོས་པའི་འབོད་བསྐུལ་དུ་།

    Reply
  7. ཡོན་ཏན་འོད། says:
    ལོ་ 8 སྔོན།

    ཁྲིམས་ལུགས་དབང་བསྒྱུར་བའི་དུས་རབས་འདིར་ནང་རྩ་ཁྲིམས་ལ་བརྟེན་ནས་བྱ་བ་ཐམས་ཅད་ལག་བསྟར་བྱ་དགོས་པ་ལས་རྩོམ་ཡིག་ག་གེ་མོ་ཞིག་དྲྭ་ཐོག་ལ་སྤེལ་ན་སྤྱི་ཚོགས་འཁྲུལ་ཟང་ཟིང་ཆགས་པའི་རྒྱུ་ལས་མ་འདས་སོ།ངེས་པར་དུས་ཐུགས་བསམ་བཞེས་རོགས་གནང།

    Reply
  8. Tib boy says:
    ལོ་ 8 སྔོན།

    ཆོ་རྩ་བ་ནས་མེད་པའི་ཡིགས་རྙོག་འདི་རིགས་མ་འགོད་རོགས་གནང་། བྱིས་པའི་བསམ་བློ་ལས་སཀྱོ་བ་འདུག

    Reply
  9. lhabum tsering says:
    ལོ་ 8 སྔོན།

    རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་དྲ་བའི་གནས་ཚུལ་ནང་ནག་ཚོགས་འབུར་འཇོམས་ལས་འགུལ་གྱི་དམིགས་གཏད་གཙོ་བོ་གསུམ་ནི། ཁ་བྲལ་རིང་ལུགས་པ་དང་། དྲག་སྤྱོད་རིང་ལུགས་པ། ཐལ་སྤྱོད་རིང་ལུགས་པ་བཅས་ཡིན་ལ། ལྷག་པར་དུ་ཁ་བྲལ་རིང་ལུགས་པ་ཚོར་ལས་འགུལ་འདིའི་ཁྲོད་ནས་གུ་ཡངས་གཅིག་ཀྱང་མེད་ཅེས་བརྗོད་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་མཚོ་སྔོན་དང་སི་ཁྲོན། ཡུན་ནན་སོགས་བོད་ཁུལ་གྱི་ས་ཁུལ་ཁག་ཏུ་ལས་འགུལ་དེ་སྤེལ་སྐབས། ལྷ་སའི་ནག་ཚོགས་འབུར་འཇོམས་གསལ་བསྒྲགས་ནང་། ནག་ཚོགས་ཀྱི་དམིགས་གཏད་གཙོ་བོ་དེ་ཏཱ་ལའི་ཁ་བྲལ་ཤོག་ཁག་དང་ཏཱ་ལའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་ནས་ལས་འགུལ་སྤེལ་མཁན་རིགས་ཡིན་སྐོར་བརྗོད་ཡོད་པ་རེད།

    Reply
    • འདྲེ་སྲིན་འབུ། says:
      ལོ་ 8 སྔོན།

      ཡག་ཤོས་བྱུང་ན་འདི་ཚོ་རིགས་ནི་སྤྱི་ཚོགས་ཟིང་ཟིང་དུ་འགྱུར་རྒྱའི་འབར་རྫས་ཤིག་ལས་ཅི་ཡང་མ་མཐོང་བས། ཡར་བླངས་དགོས་དོན་གང་ཡང་མ་མཐོང་། རྩོམ་པ་རང་ཉིད་ལའང་སྤྱི་ཚོགས་འདི་ཟང་ཟིང་མི་ཆགས་པའི་འགན་ཡོད་པས་ཅི་ནས་ཐུགས་བསམ་བཞེས་དགོས་པ་གལ་ཆེ་མཐོང་།

      Reply
    • བསྟན་འཛིན་རབ་རྒྱས་ says:
      ལོ་ 8 སྔོན།

      ལས་ངན

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese