མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དམག་དཔོན་ཞིག་ཚེ་བཙོན་དུ་བཅུག

བོད་ཀྱི་དུས་བབ།
༢༠༡༩/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་དོན་ལྷན་ཁང་གི་རྒྱུན་ལས་ཧྥང་ཧྥིན་ཧེ་ཟེར་བ་ཞིག་གིས་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད།ཁ་སང་ཕྱི་ཚེས་ ༢༠ ཉིན། རྒྱ་ནག་དམག་དོན་ཁྲིམས་ཁང་གིས་དབུས་དམག་དོན་ལྷན་ཁང་གི་རྒྱུན་ལས་ཟུར་པ་ཧྥང་ཧྥིན་ཧེ་ (Fang Fenghui) ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་འབོར་ཆེན་བླངས་བའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། གཞུང་ལ་ཐོ་འགོད་བྱས་མེད་པའི་ཁོའི་རྒྱུ་ནོར་རྣམས་གཞུང་བཞེས་གཏོང་རྒྱུ་ཡིན་པ་བསྒྲགས་འདུག

རོའུ་ཊར་གསར་ཁང་གིས་ད་ལྟ་ཁོ་བཙོན་འཇུག་འོག་ཡོད་པས་ཁོ་རང་ལ་བསམ་ཚུལ་ཅི་ཡོད་དང་། བསྐྱར་དུ་ཁྲིམས་གཏུག་ཆེད་ཁྲིམས་རྩོད་པ་གླ་འདོད་ཡོད་མེད་དང་། སུ་གླ་འདོད་ཡོད་སོགས་རྒྱུས་ལོན་བྱེད་ཐུབ་ཀྱི་མེད་སྐོར་བཀོད་འདུག

ཕྱི་ལོ་ ༢༠༡༧ ལོར་སྲིད་འཛིན་ཞི་ཅིན་ཕིན་དང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གཉིས་ཀྱི་ཐེངས་དང་པོའི་ཐུག་འཕྲད་སྐབས། ཧྥང་ཧྥིན་ཧེ་ནི་ཞི་ཅིན་ཕིན་གྱི་འཁོར་ཚོགས་ཀྱི་གཙོ་བོ་ཞིག་ཡིན་འདུག  འོན་ཀྱང་། དེའི་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཕྱིས་སུ་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་དང་འབྲེལ་ཁོང་ལ་འདྲི་ཞིབ་བྱེད་བཞིན་ཡོད་སྐོར་བརྗོད་དེ། འདས་ལོའི་ཕྱི་ཟླ་  ༡༠ ནང་། རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ནང་། ཁོས་རྒྱ་སྒོར་ས་ཡ་ ༡༠༠ ཡི་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་ཡོད་པའི་དོགས་གཞིའི་འོག་དམར་ཤོག་ཚོགས་པ་ནས་ཕྱིར་འཕུད་དང་གོ་གནས་མེད་པ་བཟོས་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གི་དམག་ཤུགས་དེང་རབས་ཅན་དུ་བསྒྱུར་ནས་འཛམ་གླིང་གི་དྲག་ཤུགས་ཆེ་ཤོས་གྲས་སུ་ཚུད་ཡོད་པ་དང་བསྟུན། ཞི་ཅིན་ཕིན་གཞུང་གིས་དམག་མིའི་དཔུང་ཁག་ནས་བཟུང་ལྐོག་ཟ་རུལ་སུངས་ཐད་སྟག་དང་སྦྲང་མ་མཉམ་རྡུང་གི་ལས་གཞི་ཤུགས་ཆེན་སྤེལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༢ ནས་ད་བར་རུལ་སུངས་དང་འབྲེལ་གཞུང་ཞབས་པ་ས་ཡ་ ༡ ལྷག་ལ་ཉེས་བཅད་ཡོད་པའི་སྡོམ་ཚིག་རྒྱག་བཞིན་ཡོད་པ་རེད།

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་རྒྱུན་ལས་ཟུར་པ་དང་དམག་དོན་ཆབ་སྲིད་ཚན་པའི་མགོ་འཁྲིད་ཟུར་པ་ཀྲང་ཡཱང་ (Zhang Yang) ལའང་ཧྥང་ཧྥིན་ཧེ་དང་མཉམ་དུ་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་ཡོད་པའི་དོགས་གཞིའི་འོག ཕྱི་ལོ་ ༢༠༡༧ ཟླ་ ༡༡ ནང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མི་སྣ་འདྲི་རྩད་བྱེད་དུ་འགྲོ་སྐབས་ཁོས་རང་ཁྱིམ་ནས་རང་སྲོག་བཅད་ཡོད་པ་རེད།

གཞན་ཡང་། རྒྱ་ནག་མི་དམངས་དྲ་བའི་ནང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༦ ཉིན། རྒྱལ་ཁབ་ཐ་མག་ཐོན་སྐྱེད་ཁང་གི་མགོ་འཁྲིད་གཞོན་པ་ཀྲའོ་ཧོང་ཧྲིན་(赵洪顺)ལ་སྒྲིག་ཁྲིམས་དང་འགལ་བའི་དོགས་གཞི་ཡོད་པས། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་ཞིབ་བཤེར་དང་ལེན་བྱས་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། ཀླུ་མགོན་ཐར།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist