མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་རིགས་དང་མི་མང་ལ་ཐུགས་ཕན་གསོས་པ་ཞིག་བྱུང་ན་གྲོས་ཚོགས་ཚོགས་གོ་ཆོད་པ་རེད།

བོད་ཀྱི་དུས་བབ།
༢༠༡༩/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ་རིང་ཕྱི་ཚེས་ ༡༩ ནས་དབུ་འཛུགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༩ བར་འཚོགས་བཞིན་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་འཛུགས་གནང་སོང་བ་དང་། ཉིན་གྲངས་ ༡༠ རིང་གི་ཚོགས་དུས་འདིའི་ཐོག་རྩིས་ལོ་ ༢༠༡༩ དང་ ༢༠༢༠ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་དང་གཏན་འབེབ་གནང་རྒྱུ་ཡིན་པ་དང་། ཚོགས་དུས་དབུ་འཛུགས་ཐོག་སྲིད་སྐྱོང་མཆོག་གི་དབུས་པའི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་གཉིས་ཀྱིས་ཚོགས་དུས་ཧྲིལ་པོར་དགོངས་པ་ཞུས་པ་ཕུད་ཚོགས་གཙོ་སྦྲེལ་པོའི་དབུས་པའི་སྤྱི་འཐུས་ལྷན་རྒྱས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་གི་དྲུང་ཆེ་རྣམ་པ་དང་ཟུར་ཉན་པ་བཅས་འཛོམས་འདུགཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཚོགས་དུས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། འདས་པའི་ཟླ་ ༦ རིང་གི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་པ་དང་སྦྲགས་ཁོང་གིས། ང་རང་ཚོ་འདིར་རྒྱ་ཆེ་མང་ཚོགས་ཀྱིས་རེ་བ་དང་ཡིད་ཆེས་བཅོལ་ནས་འོས་འདེམས་བྱུང་བའི་སྐུ་ཚབ་ཤ་སྟག་རེད། དེར་བརྟེན། ང་ཚོས་ལས་དོན་ཇི་འདྲ་ཞིག་བྱས་པ་ཡིན་ནའང་། རྒྱ་ཆེ་མང་ཚོགས་ཐུགས་མ་ཕམ་པ་དང་དགའ་བ་སྐྱེ་འོས་པ་ཞིག་བཟོ་དགོས་རྒྱུ་དེ་ང་ཚོའི་ལས་འགན་གཙོ་བོ་རེད། དེ་འདྲ་ཡིན་དུས། ང་ཚོའི་གྲོས་ཚོགས་ནང་བཀའ་མོལ་གནང་མཁན་སུ་དང་སུ་ཡིན་པ་དང་། བཀའ་མོལ་ག་འདྲ་ཞིག་གནང་བ་ཡིན་ནའང་རྒྱ་ཆེ་མང་ཚོགས་ཀྱི་ཐུགས་ལ་བབ་པ་ཞིག་ཡོང་གི་འདུག་དང་མི་འདུག་དེ་རང་ཉིད་སོ་སོས་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཀྱི་འདུག གྲོས་ཚོགས་འདི་གྲུབ་པའི་རྗེས་སུ་རྒྱ་ཆེ་མང་ཚོགས་དགའ་བ་སྐྱེ་འོས་པ་ཞིག་བཟོས་ན། གྲོས་ཚོགས་འདི་ཚོགས་པའི་ཚོགས་གོ་ཆོད་པ་རེད། གྲོས་ཚོགས་འདི་གྲོལ་བའི་རྗེས་སུ་མང་ཚོགས་ཐུགས་ཕམ་སྐྱེ་རྒྱུ་ཆགས་པ་ཡིན་ན་ང་ཚོ་ཚོགས་པའི་ཚོགས་གོ་ཆོད་མེད་ཅེས་ཞུ་འདོད་བྱུང་། ང་ཚོས་བོད་སྤྱི་པའི་རྩ་དོན་སོགས་བཀའ་མོལ་ག་རེ་གནང་བ་ཡིན་ནའང་བོད་རྒྱལ་ཁབ་དང་མི་རིགས་ལ་ཐུགས་ཕན་གསོ་བ་ཞིག་གནང་དགོས་རྒྱུ་གནད་འགག་ཆེན་པོ་རེད། གང་ལྟར་ང་ཚོའི་གྲོས་ཚོགས་འདི་སྤུས་ཀ་ཡག་པོ་བཟོ་དང་མ་བཟོ་ཟེར་བ་དེ་ང་ཚོ་དཀྱིལ་འཁོར་འདིའི་ནང་ཡོད་པའི་ཆ་ཤས་བཞེས་མཁན་ཚང་མར་རག་ལས་བསྡད་ཡོད་པ་རེད། འབྱུང་འགྱུར་ང་ཚོའི་མི་མང་ཙམ་མ་ཡིན་པར་དམངས་གཙོའི་རྒྱལ་ཁབ་གཞན་གྱིས་ང་ཚོར་མིག་དཔེ་ལྟ་དགོས་པ་ཞིག་བཟོ་ཐུབ་པ་བྱུང་བ་ཡིན་ན། ང་ཚོའི་རྒྱལ་ཁ་རེད། ཅེས་གསུངས་སོང་།དེ་རིང་ལས་ཉིན་དང་པོའི་སྔ་དྲོར་འཆར་ཅན་ལྟར་གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ནང་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དང་། བོད་མི་མང་བཀའ་ཟུར་རྒྱ་རི་སྤྲུལ་སྐུ་བློ་གྲོས་རྒྱལ་མཚན་མཆོག དེ་བཞིན་སྤྱི་ཟུར་མངའ་རིས་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་ལགས། རྒྱལ་གཅེས་དཔའ་པོ་རྡོ་པོ་ལགས། དེ་བཞིན་བོད་དོན་ཐད་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་རྗེ་ཧྤར་ནན་ཌེ་སི་(George Fernandes)མཆོག་དང་།  ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཨེཇ་ཌབ་ལུ་བྷུཤ་(George H.W. Bu)མཆོག་བཅས་སྐུ་ཚེ་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་སྤྱི་མོས་གྲོས་ཆོད་བཞག་གནང་སོང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་ཆོས་འཆར་ཐོག་སྤྱི་འཐུས་བཅུ་གྲངས་ཤིག་གིས་དགོངས་ཚུལ་བཏོན་གནང་སོང་བ་དང་། སྐབས་དེར་ཉེ་སྔོན་རྒྱ་ནག་གཞུང་གིས་ལོ་ངོ་ ༡༨ བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སོག་མཁར་བློ་གྲོས་ལགས་དང་། བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་གཉིས་ཀྱི་གཙོས་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་ཚུལ་རྒྱལ་སྤྱིའི་ཐོག་སྐྱེལ་ཐབས་དགོས་པ་གལ་ཆེན་ཡིན་པ་དང་། བོད་རྔ་བ་དང་འབྲི་རུ་ཕྱོགས་ཀྱི་གཙོས་བོད་ཁུལ་སྤྱི་ཡོངས་ནང་དམ་དྲག་བཙན་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་གསེར་རྟ་བླ་རུང་སྒར་སོགས་སུ་ཆོས་དད་རང་དབང་དང་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཐོག་བཀག་སྡོམ་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་འཁྱོག་བརྗོད་རྫུན་བཟོ་རིགས་ཀྱི་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྐོར་དང་། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་གི་ཡོད་པ་དེར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་སོགས་ནས་གསུམ་བཅུའི་དུས་དྲན་སྐབས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གི་ཡོད་པ་ལྟར་བོད་མི་ཚོས་ཀྱང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གལ་ཆེ་བ། རྒྱ་ནག་གཞུང་གིས་བརྒྱུད་ལམ་ཁག་བེད་སྤྱད་དེ་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་སྣ་ཚོགས་བྱེད་ཀྱི་ཡོད་སྟབས། རང་དབང་ལུང་པར་ཡོད་པའི་བོད་ཀྱི་བརྒྱུད་ལམ་ཁག་གིས་དེ་ལ་ཁ་གཏད་གཅོག་དགོས་ངེས་ཆགས་ཡོད་སྐོར་དང་། གཞན་ཡང་། རྒྱ་གར་མི་མང་གིས་རྒྱ་ནག་གི་ཐོན་རྫས་མེར་སྲེག་གཏོང་བའི་ལས་འགུལ་སྤེལ་བཞིན་པའི་སྐབས་འདིར་བོད་མི་ཚོས་ཀྱང་རྒྱ་ནག་གི་ཐོན་རྫས་བེད་སྤྱོད་བྱེད་པ་མཚམས་འཇོག་གི་ལས་འགུལ་སྤེལ་རན་ཡོད་སྐོར་སོགས་གསུངས་སོང་།ལས་ཉིན་དང་པོའི་ཉིན་རྒྱབ་ཏུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༩ དང་༢༠༢༠ ལོའི་སྔོན་རྩིས་འཆར་འབུལ་སྙན་སྒྲོན་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་རྩིས་ལོ་ ༢༠༡༩ དང་ ༢༠༢༠ ལོའི་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་ཞུས་སོང་བ་དང་། སང་ཉིན་ནས་སྔོན་རྩིས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་དབུ་འཛུགས་གནང་རྒྱུ་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༤ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. Lobsang Wangdu says:
    ལོ་ 7 སྔོན།

    སྤྱི་འཐུས་ཚོགས་གཙོ་མཆོག་གིས་་་ ཚོགས་དུས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། བོད་མི་རིགས་དང་མི་མང་ལ་ཐུགས་ཕན་གསོས་པ་ཞིག་བྱུང་ན་གྲོས་ཚོགས་ ཚོགས་གོ་ཆོད་པ་རེད་ ཡག་པོ་གསུངས་འདུག་པར་ ? ཐུགས་རྗེ་ཆེ། ? སྤྱི་འཐུས་ Virus….. ཡུལ་བསྐོར་སྤྲོ་འཆམ་དང་། སྒེར་གྱི་ངོ་ཤེས་བཏང་མཁན། མི་མང་ལ་རྒྱག་རེས་རྒྱག་མཁན་སོགས་ ཕྱིན་ཆད་མ་ཡོང་ཡ་་་་ Anti-Virus གནང་རོགས་གནང་། བཀྲ་ཤིས་བདེ་ལེགས། ?
    བོད་རྒྱལ་ལོ། ✊ དབུ་མའི་ལམ་རྒྱལ་ལོ།✌️

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese