མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱིད་ཆུའི་འགྲམ་དུ་སྐུ་སྲོག་ཤོར་བའི་དཔའ་བོ་ཞིག

བོད་ཀྱི་དུས་བབ།
༢༠༡༩/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གིས་མི་ལོ་དྲུག་ཅུ།   ལྷ་ས་སྐྱིད་ཆུའི་ཉེ་འགྲམ་དུ་བོད་རྒྱལ་ཁབ་ཆེད་དུ་སྐུ་སྲོག་ཤོར་བའི་དཔའ་བོ་ཞིག

ཚ་རོང་དཔལ་འབྱོར་གྱིས་དབྱིན་ཡིག་ཏུ་བྲིས།

བྲག་འཇུན་བུས་བོད་ཡིག་ཏུ་བསྒྱུར།

སྐེ་དཀྲིས་དང་ཕྱི་གོས་གྱོན་པའི་མི་སྣའི་འདྲ་པར་དེ་སུ་རེད་དམ། པར་དེ་བཞིན་པ་ལགས་ཁྱེད་རང་གི་ཡི་གེ་ཛར་རེ་ཛར་རེའི་ནང་དུ་རྒྱུན་རིང་པོར་ལུས་འདུག ཅེས་ངོས་ཀྱི་བུ་མོས་སྐད་ཆ་འདྲི་བཞིན་འདུགངས་ཡི་གེ་ཛར་རེ་ཛོར་རེ་ལའང་གོ་རིམ་ཞིག་ཡོད་ཅེས་པར་དེའི་ལོ་རྒྱུས་བུ་མོར་བཤད་རྒྱུ་བྱུང་།

  ཁོང་གི་མཚན་ལ་ངག་དབང་སེངྒེ་འམ་བློ་བཟང་ཡེ་ཤེས་ཀྱང་ཞུ།     སྔ་མོའི་གཞུང་ཞབས་དགུང་ལོ་གཞོན་གཞོན་ཞིག་དང་།    སྟག་བྲག་བླ་བྲང་གི་ཛ་སག་ཕྱག་མཛོད་ཆེན་མོ་དང་ཐུགས་ཉེ་པོ་ཡོད།   ཕྱི་ལོ་ ༡༩༥༢ ལོར་བློ་བཟང་ཡེ་ཤེས་ལགས་རྒྱ་ནག་མི་རིགས་སློབ་གྲྭ་ཆེན་མོར་ཕེབས།    རྒྱ་ནག་ཏུ་བཞུགས་རིང་བོད་རང་དབང་གི་ཆེད་དུ་སེམས་ཤུགས་ཆེན་པོ་ཞིག་བསྐྱེད།    བློ་བཟང་ཡེ་ཤེས་ལགས་ཕ་ལྷ་མགྲོན་གཉེར་ཆེན་མོ་ཐུབ་བསྟན་འོད་ལྡན་མཆོག་དང་དམིགས་བསལ་འབྲེལ་བ་ཡག་པོ་ཡོད་སྟབས་ནང་མའི་ལམ་སྟོན་བཞིན།    ཕྱི་ལོ་ ༡༩༥༦ ལོར་ཀ་སྦུག་ཏུ་གཅེན་མཁན་རྩིས་གསུམ་གྱི་རང་བཙན་ལས་འགུལ་ཚོགས་པ་དེའི་ནང་དུ་འཛུལ་ཞུགས་བྱ་དགོས་སྙམ་ནས་ཀ་སྦུག་ཏུ་ཕེབས།     ཡིན་ནའང་། སྐབས་དེའི་གཅེན་མཁན་རྩིས་གསུམ་གྱིས་ཁོང་རྒྱ་ནག་ཏུ་སློབ་སྦྱོང་ལ་ཕེབས་མྱོང་ཡོད་པའི་རྐྱེན་གྱིས་གནས་ཚུལ་ཇི་བཞིན་མ་རྟོགས་པར་བློ་གདེང་མི་འཁེལ་བའི་ཐུགས་དོགས་བྱུང་།    དེར་བརྟེན་བློ་བཟང་ཡེ་ཤེས་ལགས་ཀྱི་བསམ་དོན་ཇི་བཞིན་མ་འགྲུབ་པར་ལྷ་སར་ཕྱིར་ལོག་དགོས་བྱུང་། 

ཕྱི་ལོ་ ༡༩༥༧ ལོའི་ལོ་མཇུག་ཏུ་བློ་བཟང་ཡེ་ཤེས་ལགས་ལྷོ་ཁའི་ལྕགས་ཚ་གྲི་གུ་ཐང་དུ་ཡོད་པའི་བསྟན་སྲུང་དྭང་བླངས་དམག་སྒར་གྱི་འཇབ་དམག་ནང་དུ་འཛུལ་ཞུགས་གནང་། ཁོང་གིས་གྲི་གུ་ཐང་ནས་ལྷ་ས་བར་དུ་ཕ་ལྷ་མགྲོན་གཉེར་ཆེན་མོ་དང་མཉམ་དུ་གསང་བའི་ངང་ཕྱག་ལས་གནང་བཞིན་ཡོད།    ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ པའི་ནང་དུ་ལྷོ་ཁ་ནས་བསྐྱར་དུ་ལྷ་ས་ལ་ཕེབས་ཏེ།    བོད་གཞུང་གི་གོ་མཛོད་ནང་ནས་གོ་ལག་དུ་མ་ཞིག་བཏོན་ནས་ལྷ་སའི་སྐྱིད་ཆུ་བརྒྱུད་དེ་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ལྷ་སར་རྒྱ་མིའི་མེ་སྒྱོགས་མ་བརྒྱབ་གོང་དུ་གྲི་གུ་ཐང་གི་བསྟན་སྲུང་དྭང་བླངས་དམག་སྒར་དུ་བདེ་བླག་ངང་ཐེངས་གཅིག་དབོར་འདྲེན་ཐུབ་པ་བྱུང་ཡོད།   དེ་ནས་རྒྱ་མིའི་མེ་སྒྱོགས་བར་མཚམས་མེད་པར་འཕངས་སྟབས་བོད་པའི་ངོས་ནས་གླགས་མ་རྙེད་པ་ཧ་གོ་བ་དང་།   བློ་བཟང་ཡེ་ཤེས་ལགས་ཀྱིས་ལྷོ་ཁའི་བསྟན་སྲུང་དྭང་བླངས་དམག་སྒར་གྱི་ཆེད་དུ་གོ་ལག་ཐེངས་གཉིས་པ་བསྣམ་རྩིས་གནང་ཡང་ཇི་བཞིན་མ་ཐུབ་པར་སྐྱིད་ཆུའི་ཕར་ཁ་ར་མ་སྒང་དུ་རྒྱ་མིའི་གོ་མཚོན་འོག་ཏུ་བྱས་ཅན་གྱི་དཔའ་བོ་ཁོང་སྐུ་གཤེགས།    ཡིན་ནའང་ཁོང་གི་ཕྱག་རོགས་ཚོས་གོ་ལག་རྣམས་ལྷོ་ཁར་འཁྱེར་ཐུབ་པ་བྱུང་ཡོད།

པར་དེ་བཞིན་ངོས་ཀྱི་སྒྲོག་ཙེའི་སྒང་དུ་ཡུན་རིང་པོ་ལྷག་པའི་རྒྱུ་མཚན་ཇི་ཡིན་གཞི་ནས་ཚོར་ཐུབ་པ་བྱུང་། “བསྟན་འཛིན་དབྱངས་ཅན་ལགས། ཁྱེད་རང་གིས་པར་མཐོང་བ་དང་ང་ལ་སྐད་ཆ་དྲིས་པར་ཐུགས་རྗེ་ཆེ།” པར་དེ་ཕར་གཞི་ནས་ཡག་པོ་བྱས་ཏེ་བཅུག་ཆོག་པ་ཡོད་ཅེས་བཤད་པ་ཡིན།

གཞན་ཞིག་ཞུ་རྒྱུར།   བློ་བཟང་ཡེ་ཤེས་ལགས་ཀྱི་སྐོར་ལ་ག་དུས་ཡིན་ནའང་བསམ་བློ་གཏོང་སྐབས།    རྩེ་ཕྱག་རྒྱལ་མཚན་ལགས་དང་བསྟན་པ་ཇོ་དགའ་ལགས་ནས་རྒྱལ་སྤྱིའི་ཐོག་ཏུ་ཕྱག་ལས་རླབས་ཆེན་པོ་གནང་བ་དེ་རྒྱུན་དུ་དྲན་བཞིན་འདུག ཁོང་གཉིས་སྔ་མོའི་བོད་གཞུང་གི་གཞུང་ཞབས་དང་ཕ་ལྷ་མགྲོན་གཉེར་ཆེན་མོའི་རང་བཙན་གྱི་གསང་བའི་སྒྲིག་འཛུགས་ཀྱི་ཕྱག་ལས་ཁོངས་སུའང་ཁོང་གཉིས་བཞུགས་ཡོད།     ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ལ་རྒྱ་མིའི་མེར་སྒྱོགས་བརྒྱབས་སྟེ་དྲག་གནོན་ཚད་མེད་འོག་མཐའ་མ་འཛིན་བཟུང་བྱ་རྒྱུ་ལས་ཐར་ཐབས་བྲལ།    དེའི་སྐབས་སུ་རྩེ་ཕྱག་རྒྱལ་མཚན་ལགས་དང་བསྟན་པ་ཇོ་དགའ་ལགས་ནོར་བུ་གླིང་ཁའི་མགོན་ཁང་དུ་ཕེབས་ཏེ་སྨོན་ལམ་བསྐྱོན། ཁོང་གཉིས་པོས་རྒྱ་མི་ལ་རྩིས་སྤྲོད་བྱ་རྒྱུ་མིན་པའི་མནའ་སྐྱེལ་དམ་བཅའ་དང་གཉིས་ཀས་ཁ་ནང་དུ་བྱིན་རྟེན་བླུག་ནས་མི་སོ་སོར་ཡོད་པའི་མེ་མདའ་ཐུང་མདའ་ཡར་བཏོན་ནས་གྲངས་ཀ་གཅིག་གཉིས་གསུམ་ཞེས་འབོད་དེ། གཅིག་གིས་གཅིག་ལ་མེ་མདའ་བརྒྱབས། རྒྱ་མིས་ནོར་བུ་གླིང་ཁ་ལ་མེ་སྒྱོགས་ཤུགས་ཆེན་བརྒྱབས་སྟབས་སྦྱར་ཡིག་དང་ལྷ་སའི་ཁང་པ་ཞིག་གི་ནང་དུ་ཡོད་པའི་གསང་བའི་ཡི་གེ་དེ་དག་བླངས་མ་ཐུབ་པར་ལུས།    ཡིན་ནའང་སྔ་ཕྱི་མ་གཏོགས་རྒྱ་མིས་དེ་ཧ་གོ་ངེས་ཡིན།    ཡི་གེ་དེ་མ་གཏོགས་གཞན་པ་རྒྱ་མི་ལ་གང་ཡང་ཐོབ་རྒྱུ་མེད།     མི་སྣ་གཉིས་པོས་གཅིག་གིས་གཅིག་ལ་མནའ་སྐྱེལ་དམ་བཅའ་བཞག་སྟེ་བསད་སྟབས་བོད་རང་བཙན་གྱི་གསང་བའི་སྒྲིག་འཛུགས་སྐོར་སོགས་སུ་གཅིག་གིས་ཀྱང་ཧ་མ་གོ་བར་གྱུར།   

          ལོ་རྒྱུས་ཀྱི་དཔའ་བོ་མི་གསུམ་པོ་དེ་དག་དེ་རིང་གིས་མི་ལོ་དྲུག་ཅུ་ཐམ་པ་ཏག་ཏག་ཕྱིན། ང་ཚོས་བློ་བཟང་ཡེ་ཤེས་ལགས་དང་། རྩེ་ཕྱག་རྒྱལ་མཚན་ལགས། བསྟན་པ་ཇོ་དགའ་ལགས་སུ་དྲན་གསོ་བྱས་ན་ཡག་པོ་ཡིན་ལ། ཁོང་ཚོའི་ནང་མི་ལ་ཁོང་ཚོ་གསུམ་པོ་ནི་བོད་རྒྱལ་ཁབ་ཀྱི་རླབས་ཆེན་དཔའ་བོ་ཞིག་ཏུ་བརྩི་སྲུང་ཞུ་བཞིན་ཡོད་ཅེས་ཞུ་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢༠ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 1

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 7 སྔོན།

    བྱས་པ་ཅན་གྱི་མེས་པོ་རྣམ་པ་དང་རྒན་རབས། དེ་བཞིན་བོད་རྒྱལ་ཁབ་ཀྱི་བསྟན་སྲིད་དང་མི་རིགས། རིག་གནས། གོམས་སྲོལ་སོགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་རྣམ་པ་ཚོ། ཁྱེད་རྣམས་ང་ཚོ་མི་རབས་རྗེས་མ་ཚོའི་སེམས་ངོགས་ཀྱི་མེ་ལོང་དུ་ནམ་ཡང་གསོན་པོར་བཞེངས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese