མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད།

བོད་ཀྱི་དུས་བབ།
༢༠༡༩/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྨྱུག་འཛིན་པའི་སྡེ་ཁག་གིས་རྒྱ་ནག་གི་འཁྱོག་བཤད་ལ་ལན་འདེབས་གསལ་བཤད་བྱེད་པའི་དུས་ལ་བསླེབ་ཡོད་པས་བོད་ཀྱི་ལོ་རྒྱུས་ནག་གསུབ་ཏུ་མི་འགྲོ་བའི་ཆེད་ལན་འདེབས་གསལ་བཤད་གནང་བའི་འབོད་སྐུལ་ཞུས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་བརྩམས་པའི་༼བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད༽ཅེས་པའི་དཔེ་དེབ་གསར་པ་ཞིག་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ཕེབས་འདུག་པ་དང་། དེ་བཞིན་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ་འཐུས་མི། སློབ་ཕྲུག་ཁག་ཅིག་བཅས་འཛོམས་འདུག

ཐོག་མར་གྲྭ་བག་གྲོ་ལགས་ཀྱིས་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་དང་སྦྲགས་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་པའི་དཔེ་དེབ་བརྩམས་པའི་དགོས་དམིགས་སྐོར་ལ་ཁོང་གིས།  དེབ་འདི་བྲིས་དགོས་དོན་ནི་ང་རང་མི་སྒེར་གྱི་ལོ་རྒྱུས་གཅིག་པོ་བཤད་བསྡད་ན་འགྲིག་གི་མེད་པ་དང་། བཙན་བྱོལ་ནང་ཆབ་སྲིད་བཙོན་པའི་མིང་འཁྱེར་ནས་བསྡད་པ་ཙམ་མ་ཡིན་པར་བོད་ནས་བཏང་བཞག་པ་དེ་ཚོ་འགན་འཁུར་བའི་ཐོག་བདག་པོ་རྒྱག་དགོས་པ་དང་། བོད་ནང་གི་པར་ཞིག་ཡིན་ཕྱིན་པར་བས་སོ་སོའི་སྲོག་འབེན་ལ་བཙུགས་ཏེ་ཚུར་ང་ཚོར་གཏོང་གི་ཡོད་པས། ང་ཚོས་དེ་དག་ལ་བདག་པོ་ཡག་པོ་བརྒྱབ་སྟེ་དབྱིན་ཡིག་དང་སྐད་ཡིག་ག་རེ་ཡིན་ནའང་དེབ་ཐེར་ནང་བཞག་སྟེ་མི་རབས་ནས་མི་རབས་བར་མཐོང་བ་ཞིག་བཟོ་དགོས་བསམ་སྟེ། ང་རང་གི་ལོ་རྒྱུས་གཅིག་པོ་བཤད་མ་བསྡད་པར་ལས་འགུལ་ཡིན་ན་རྒྱ་ཆེ་རུ་བཏང་བའི་བཟོ་འདྲ་པོ་བྱས་ནས་སོ་སོའི་ངོས་ནས་ད་ལྟའི་བར་དུ་བརྗོད་གཞི་འདྲ་མིན་ཐོག་བྲིས་པའི་དེབ་བཅོ་ལྔ་པ་དེ་ཡིན། ད་རེས་དེབ་ཕྲེང་ ༡༥ པ་འདོན་དགོས་དོན་གང་ཡིན་ཟེར་ན། ང་རང་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨ་རིར་བོད་ནང་གི་གནས་སྟངས་སྐོར་ལ་སྐད་ཆ་བཤད་པར་སྐད་བཏང་སོང་། དེ་དུས་མེས་ནི་སོ་ཌའི་འཁྲིས་ཀྱི་སྐད་གྲགས་ཆེ་བའི་མཐོ་སློབ་ཅིག་ཏུ་སྐད་ཆ་བཤད་པའི་སྐབས་སུ། རྒྱ་མིའི་སློབ་ཕྲུག་ ༤༠ ལྷག་ཡར་ཚོགས་ཁང་དུ་རྒྱུགས་ཡོང་ནས་ཚོགས་ཁང་ནང་ཟིང་ཆ་བསླངས་པ་མ་ཟད། ངའི་མདུན་ཅོག་ཁོ་ཚོས་རྐུབ་བཀྱག་བྱས་ཏེ་ལག་གི་ཁ་པར་འཕྲོག་པ་དང་། དེ་བཞིན། ཏཱ་ལའི་རུ་ཚོགས་དང་ཁྱེད་ཚོར་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་འཚོ་བ་སྐྱེལ་རྒྱུ་མ་རག་སྟབས་ཁྱེད་ཚོས་སྐད་རྒྱག་གི་ཡོད་པ་རེད། བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དང་བོད་དེ་རང་བཙན་ཡིན་པའི་དཔང་རྟགས་སྟོན་ཤོག་ཅེས་ང་བཀར་བ་རེད། སྐབས་དེར་ངས་རང་ཉིད་ཀྱི་མིག་མདུན་དུ་བྱུང་བའི་གནས་ཚུལ་སེམས་ལ་བཞག་སྟེ། ང་མ་ཤི་བར་དུ་བོད་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་མིན་པ་ཡིག་ཚགས་དང་པར་རིས་ཐོག་ནས་འཛམ་བུ་གླིང་ལ་སྟོན་གྱི་ཡིན་ཞེས་ཁོ་ཚོར་བཤད་རྒྱུ་བྱུང་། དེ་རིང་དཔེ་དེབ་འདི་བཏོན་དགོས་པའི་རྒྱུ་མཚན་གཅིག་སྐབས་དེ་དུས་བཞག་པའི་དམ་བཅའ་ཞིག་ཀྱང་ཆགས་ཀྱི་ཡོད།

གཉིས་པ། རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོ་གཙོ་བྱས་པའི་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་ཀྱི་དེབ་རབ་དང་རིམ་པ་སྤེལ་ཡོད་པ་རེད། ལོ་གསུམ་གྱི་གོང་དུ། རྒྱ་ནག་གིས་བོད་དེ་ཀྲུང་གོའི་མངའ་ཁོངས་རྙོག་མེད་ཡིན་ཟེར་བའི་ལྟད་མོ་ཧ་ཅང་སྡུག་བཅག་ཞིག་བཟོས་འདུག་པས། དེབ་འདི་རྒྱ་ནག་གི་འཁྱོག་བཤད་ལྟད་མོ་དེར་ལན་འདེབས་ཤིག་ཀྱང་ཡིན། ཞེས་དང་། འདས་པའི་ལོ་ངོ་ ༦༠ རིང་བཙན་བྱོལ་དུ་སྐྱེད་སྲིང་བྱས་པའི་བོད་ཀྱི་རྩོམ་པ་པོ་དང་ཉམས་ཞིབ་པ་སོགས་སྨྱུག་འཛིན་པའི་སྡེ་ཁག་གིས་ནང་ཁུལ་གྱི་གནས་ཚུལ་ཆུང་ཆུང་ལ་མགོ་མ་འཐོམ་པར་རྒྱ་ནག་གི་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་ལ་ལན་འདེབས་བྱེད་རན་ཡོད་སྐོར་སོགས་བརྗོད་སོང་།

མཇུག་ཏུ་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། གྲྭ་བག་གྲོ་ལགས་བཙན་བྱོལ་ནང་ཕེབས་པ་ནས་བཟུང་དོན་མེད་དུ་མ་བཞུགས་པར་འགྲོ་ཆགས་འདུག་གསུམ་དང་། བསམ་རྒྱུ་ལས་རྒྱུ་ག་རེ་ཡིན་ན་བོད་དོན་ཆེད་ཕྱག་ལས་གནང་བསྡད་པའི་གང་ཟག་ཞིག་ཏུ་མཐོང་བསྡད་ཡོད། དེར་བརྟེན། ད་རེས་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་པ་འདི་ཕྱག་དེབ་ ༡༥ པ་དེ་ཆགས་བསྡད་ཡོད་པ་དང་། དེ་ཡང་སྒྲིག་འཛུགས་ཤིག་མ་ཡིན་པར་གང་ཟག་སྒེར་ཞིག་གིས་སྐུ་ངལ་བསྐྱོན་ནས་གྲུབ་བཞག་པ་ཞིག་ཆགས་བསྡད་ཡོད་པ་རེད། ལྷག་པར་དུ་ད་རེས་ཀྱི་དེབ་ལ་ཆ་བཞག་ན་དོན་གནད་ ༣༥ ཐོག་ཡོད་པ་དང་། དེ་ཡང་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མ་རེད་ཅེས་ལབ་པ་ཙམ་མ་ཡིན་པར་དོན་དམ་སྒྲུབ་བྱེད་དེ་དག་བཀོད་པའི་དེབ་ཅིག་སྟེ། ང་རང་ཚོར་ཐུན་མོང་མ་ཡིན་པའི་རྒྱལ་དར་དང་རྒྱལ་གླུ། དེ་བཞིན། དམག་མི། སྦྲག་ཐམ་ཡོད་པ་སོགས་གནའ་བོའི་ཤུལ་རྫས་ཁག་གི་པར་རིས་ལ་སོགས་པ་དང་། བོད་རང་བཙན་སྐབས་རྒྱལ་ཁབ་གང་དང་གང་གི་བར་ཆིངས་ཡིག་བཞག་པ་དང་། དེའི་ཐོག་ང་ཚོའི་ཕྱི་སྲིད་ལས་ཁུངས་ནས་ག་བ་ག་བ་ལ་ཡི་གེ་བཏང་བ་སོགས། གང་ལྟར་གནད་དོན་མང་པོ་ཞིག་ལོ་ ༣ རིང་དཀའ་ལས་བརྒྱབས་ཏེ་ཕྱོགས་སྒྲིག་གནང་བཞག་པ་ཆགས་ཀྱི་ཡོད་པ་རེད། དེ་ཚོའི་གྲས་དེ་སྒྲིག་འཛུགས་ཤིག་ཡིན་ན་འོས་ཙམ་ཡིན་མོད། གང་ཟག་སྒེར་ཞིག་གི་ངོས་ནས་ཞེ་དྲགས་ཁག་པོ་རེད། འོན་ཀྱང་། རང་གི་དམ་བཅའ་བློས་མ་བཏང་བར་འདི་འདྲ་ཞིག་གནང་ཐུབ་པར་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༡༠ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese