མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་རྒྱ་གར་རྒྱལ་ཡོངས་འོས་བསྡུར་མི་གྲངས་ས་ཡ་ ༩༠༠ ལྷག་གིས་ཐོ་འགོད་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་རྒྱུད་རྒྱ་གར་རྒྱ་མཚོའི་ཁུལ་གྱི་ཨན་དྷ་མན་དང་ནི་ཁོ་བྷར་མཚོ་གླིང་(Andaman and Nicobar Island) ནས་བྱང་རྒྱུད་ཇ་མུ་ཀཱ་ཤི་མིར་(Jammu Kashmir) མངའ་སྡེ་བར་གྱི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་དེ་རིང་ནས་མགོ་འཛུགས་གནང་།རྒྱ་གར་རྒྱལ་ཡོངས་སྐབས་བཅུ་བདུན་པའི་འོས་བསྡུ་ཆེན་མོ་དེ་རིང་ནས་མགོ་འཛུགས་ཀྱིས་ཉིན་གྲངས་ ༣༩ རིང་འགྲོ་བཞིན་ཡོད་པ་དང་། འདི་ལོར་རྒྱ་གར་འོས་བསྡུ་ལྷན་ཁང་གིས་འོས་བསྡུའི་ས་ཚིགས་ས་ཡ་ ༡ ནང་འོས་འཕྲུལ་(Voting Machine)ས་ཡ་ ༢།༣ དང་། ཉེན་སྲུང་མི་སྣ་ཚུད་པའི་འོས་བསྡུའི་དོ་དམ་མི་སྣ་ས་ཡ་ ༡༡ ལྷག་ཆེད་དུ་བསྐོ་བཞག་གནང་སྟེ། མི་གྲངས་ས་ཡ་ ༩༠༠ ལྷག་གིས་སྲིད་དོན་ཚོགས་པ་ཆེ་ཆུང་ ༢༣༥༤ ལ་འོས་ལྡུག་གི་ཡོད་འདུག་ལ། འདི་ལོའི་རྒྱལ་ཡོངས་འོས་བསྡུའི་ནང་ཕྱི་ལོ་ ༢༠༡༤ དང་བསྡུར་ན་འོས་བསྡུའི་ནང་ཐོ་འགོད་བྱེད་མཁན་ས་ཡ་ ༨༣ ཇེ་མང་དུ་སོང་ཡོད་པ་དང་། རིམ་པ་བདུན་ལ་ཆ་བགོས་བྱས་པའི་ཉིན་གྲངས་ ༣༩ རིང་གི་རྒྱལ་ཡོངས་འོས་བསྡུ་འདི་ཉིད་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་ཡོངས་སུ་མཇུག་སྒྲིལ་ཏེ་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་འོས་ཤོག་རྩིས་བཤེར་བྱས་ཏེ་ཉིན་དེ་རང་ལ་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་འདུག

དེ་རིང་གི་འོས་བསྡུའི་རིམ་པ་དང་པོའི་ནང་གྲོས་ཚོགས་འོག་མའི་ཞབས་བཀྱག་ ༥༤༣ ཁྲོད་ནས་ ༩༡ འོས་འདེམས་ཆེད། རྒྱ་གར་གྱི་མངའ་སྡེ་ཨན་དྷ་ར་མངའ་སྡེ་(Andhra Pradesh)དང་། ཨ་རུ་ན་ཅལ་མངའ་སྡེ་(Arunachal Pradesh) མེ་གྷ་ལ་ཡ།(Meghalaya) མི་ཛོ་རམ།(Mizoram) ནཱ་གྷ་ལེན་ཌི།(Nagaland) འབྲས་ལྗོངས།(Sikkim) ཨན་དྷ་མན་དང་ནི་ཁོ་བྷར་མཚོ་གླིང་།(Andaman and Nicobar Island) ལག་ཤ་ཌིབ།(Lakshadweep) ཏེ་ལན་གྷ་ན།(Telangana) ཨུ་ཏཱ་ར་ཁན་ཌི།(Uttarakhand) ཨཱ་སཱམ།(Assam) བྷི་ཧར།(Bihar) ཆ་ཏི་སི་གྷར།(Chhattisgarh) ཇ་མུ་ཀཱ་ཤི་མིར།(Jammu and kashmir) མཱ་ཧཱ་ར་ཤི་ཏ་ར།(Maharashtra) མཱ་ནི་པུར།(Manipur) ཨོ་ཌི་ཤ(Odisha) ཏི་རི་པུ་ར།(Tripura) ཨུ་ཏར་པར་ཌེ་ཤི།(Uttar Pradesh) ལྷོ་བྷེང་གྷལ་(West Bengal)བཅས་ཀྱི་མངའ་སྡེ་དང་དབུས་གཞུང་གི་ཐད་གཏོགས་ས་ཁུལ་ ༢༠ ནང་འོས་བསྡུ་འགྲོ་ཡི་ཡོད་འདུག

འཛམ་གླིང་ཐོག་གི་འོས་བསྡུ་གཞི་རྒྱ་ཆེ་ཤོས་ཡིན་པའི་རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་དེ་ལོ་ལྔ་རེའི་མཚམས་སུ་ཡོང་གི་ཡོད་པ་དང་། ཐེངས་འདིའི་རྒྱལ་ཡོངས་འོས་བསྡུའི་ནང་མི་མང་གིས་གྲོས་ཚོགས་འོག་མའི་འཐུས་མི་འོས་འདེམས་གནང་བ་བརྒྱུད། གཞུང་འཛིན་ཚོགས་པ་དང་སྲིད་བློན་གཉིས་འོས་འདེམས་བྱེད་ཀྱི་ཡོད་པ་རེད། ད་ལན་གྱི་རྒྱལ་ཡོངས་འོས་བསྡུའི་ནང་ལས་ཐོག་གཞུང་འཛིན་ཚོགས་པ་བྷི་ཇེ་ཕིའི་སྲིད་བློན་མུ་དྷི་མཆོག་བསྐྱར་དུ་ལོ་ལྔར་སྲིད་བློན་དུ་འོས་འདེམས་བྱེད་མིན་དང་། ཡང་ན་ཁོང་གི་ཁ་གཏད་དུ་ལངས་བའི་ཀོང་རི་སི་ཚོགས་པའི་མགོ་འཁྲིད་ར་ཧུལ་གྷན་དྷི་དང་པིར་ཡན་ཀཱ་གྷན་དྷི་གཉིས་ལ་རེ་བ་གསར་པ་ཞིག་བཅོལ་རྒྱུ་ཡིན་མིན་དེར་ཐུག་ཡོད་འདུག

སྲིད་དོན་ཚོགས་པ་ཞིག་གཞུང་འཛིན་ཚོགས་པ་ཆགས་རྒྱུར་གྲོས་ཚོགས་འོག་མའི་ནང་ཉུང་མཐར་ཞབས་བཀྱག་ ༢༧༢ ཐོབ་དགོས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོའི་རྒྱལ་ཡོངས་འོས་བསྡུའི་སྐབས་ལྐོག་ཟ་རུལ་སུངས་དང་ལས་ཞུགས་དཀའ་ངལ་སོགས་ཀྱི་རྐྱེན་པས་སྐབས་དེའི་གཞུང་འཛིན་ཚོགས་པ་ཀོང་རི་སི་ལ་ཞབས་བཀྱག་ ༤༤ ལས་མ་ཐོབ་པ་དང་། གྷུ་ཇ་ར་ཏི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་ཐེངས་གསུམ་འོས་འདེམས་བྱུང་བའི་མུ་དྷི་མཆོག་གི་སྣེ་འཁྲིད་པའི་བྷི་ཇེ་ཕི་ཚོགས་པས་ཞབས་བཀྱག་ ༢༨༢ བླངས་ཏེ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། དེ་སྔོན་དབྱེ་ཞིབ་པ་དང་མི་མང་མང་པོས་འདི་ལོ་ཡང་བྷི་ཇེ་ཕི་ཚོགས་པ་ལ་རྒྱལ་ཁ་འཐོབ་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་ཀྱང་། འདས་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་གར་གྱི་ར་ཇི་སི་ཐན་དང་། ཆ་ཏི་སི་གྷར། མཱ་དྷི་ཡ་པར་ཌེ་ཤི་མངའ་སྡེ་བཅས་ཀྱི་འོས་བསྡུའི་ནང་བྷི་ཇེ་ཕི་ཚོགས་པར་ཕམ་ཁ་ཆེན་པོ་བྱུང་ཡོད་སྟབས། འདི་ལོའི་རྒྱལ་ཡོངས་འོས་བསྡུ་དེ་སུའི་ཕྱོགས་སུ་གཞོལ་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་གྱུར་ཡོད་པ་རེད།རྒྱ་གར་གྱི་ཆབ་སྲིད་དབྱེ་ཞིབ་པ་དང་རང་དབང་གསར་འགོད་པ་པཱར་སཱ་ཝན་ཀ་ཏེ་ཤི་ཝར་རའོ་ (Parsa Venkateshwar Rao) ཡིས་ཨེ་ཨེབ་ཕི་(AFP)གསར་ཁང་ལ། ཚོད་དཔག་བྱེད་རྒྱུ་དཀའ་མོ་རེད། དེ་སྔ་ཕྱི་ལོ་ ༢༠༠༤ ལོར་མི་ཚང་མས་ཨ་ཊལ་བྷེ་ཧཱ་རི་ཝཱ་ཇི་པཱ་ཡེ་(Atal Bihari Vajpayee) དང་བྷི་ཇེ་ཕི་ཚོགས་པར་རྒྱལ་ཁ་འཐོབ་སྲིད་པའི་ཚོད་དཔག་བྱས་ཡོད་ཀྱང་མཐའ་མ་དེར་ཕམ་པ་རེད། ཅེས་བརྗོད་ཡོད་འདུག་པ་དང་། འདི་ལོར་བྷི་ཇེ་ཕི་ཚོགས་པར་རྒྱལ་ཁ་ཐོབ་མིན་དེ་གཙོ་བོ་ཁོ་ཚོས་ཨུ་ཏར་པར་ཌེ་ཤི་དང་ལྷོ་བྷེང་གྷལ་ལྟ་བུའི་མངའ་སྡེ་གནད་འགག་ཅན་འགའ་ཤས་ནང་ལེགས་གྲུབ་བྱུང་མིན་ལ་རག་ལས་ཀྱི་ཡོད་འདུག

འདི་ལོའི་རྒྱལ་ཡོངས་འོས་བསྡུ་འདི་ཨ་རིའི་བར་མའི་འོས་བསྡུ་ལྟར་སྲིད་བློན་མུ་དྷི་མཆོག་གི་འདས་པའི་ལོ་ངོ་ལྔའི་རིང་ཕྱག་ལས་ག་འདྲ་གནང་ཡོད་མེད་ལ་མི་མང་གིས་སྡོམ་ཚིག་རྒྱག་སྟངས་ཤིག་ཡིན་པ་དང་། འདས་པའི་ལོ་ ༥ རིང་མུ་དྷི་མཆོག་གིས་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་དང་ལངས་ཕྱོགས་བརྟན་པོ་བཟུང་སྟེ། པཱ་ཀི་སི་ཐན་ནང་ཐེངས་གཉིས་ལ་དྲག་པོའི་རྒོལ་རྡུལ་བཏང་ཡོད་པ་མ་ཟད། དཔལ་འབྱོར་གྱི་ཐད་ནས་ཀྱང་དངུལ་ལོར་བརྗེ་བསྒྱུར་གྱིས་རྒྱ་གར་དེ་འཕྲུལ་རིག་ཚོང་གཉེར་ཅན་གྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་བའི་ལས་གཞི་མགོ་འཛུགས་གནང་ཡོད་པ་དང་། དེའི་རྗེས་ལོ་རྒྱུས་རང་བཞིན་ལྡན་པའི་ཚོང་ཁྲལ་བཅོས་བསྒྱུར་ཆེན་པོ་བཏང་ཡོད་ཀྱང་། ཀོང་རི་སི་ཁ་གཏད་ཚོགས་པས་དུས་ནམ་ཡང་སྲིད་བློན་མུ་དྷི་དང་བྷི་ཇེ་ཕི་ཡིས། རྒྱ་གར་དེ་ཧིན་དྷུ་དང་ཁ་ཆེ་ཞེས་དུམ་བུ་གཉིས་ལ་བཅད་ཡོད་པ་མ་ཟད། སྤྱི་དམངས་ཀྱི་བདེ་སྡུག་ལ་མ་གཞིགས་པར་དངོས་ཟོག་གི་ཁྲལ་ཡར་སྤར་བ་སོགས་བྱས་ཏེ། རྒྱལ་ཁབ་ཕུ་དཀྲུག་མདའ་དཀྲུག་བཏང་ཡོད་སྐོར་གྱི་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད། གང་ལྟར་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན། འདི་ལོའི་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་སུ་ལ་འཐོབ་མིན་ནི། རྒྱ་གར་དང་པཱ་ཀི་སི་ཐན་བར་གྱི་རྙོག་ཟིང་དང་འབྲེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་དང་། རྒྱལ་ཡོངས་ནང་གཞོན་སྐྱེས་ཚོར་ལས་ཞུགས་ཀྱི་དཀའ་ངལ་འཕྲད་བཞིན་པ་དང་། དེ་བཞིན་ཚོང་ཟོག་དང་ཞབས་ཞུའི་དཔྱ་ཁྲལ། (GST) ཞིང་པའི་ཐོན་རྫས་ལ་ཁྲོམ་རའི་རིན་གོང་དམའ་དྲག་པའི་དཀའ་ངལ་བཅས་ཀྱི་གནད་དོན་ལ་ཐུག་ཡོད་སྐོར་བརྗོད་ཀྱི་འདུག

རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་རྒྱ་གར་རང་བཙན་ཐོབ་རྗེས། ཕྱི་ལོ་ ༡༩༤༩ ལོར་གཏན་འབེབ་བྱས་པའི་རྩ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་ཐོག་མར་ཕྱི་ལོ་ ༡༩༥༡ ལོར་འོས་བསྡུ་བྱས་ཏེ། གྲོས་ཚོགས་འོག་མའི་འོས་བསྡུ་སྐབས་དང་པོ་དེ་ཟླ་བ་ ༣ ལྷག་འགོར་ཡོད་པ་དང་། ཐོག་མའི་རྒྱལ་ཁ་དེ་རྒྱ་གར་གྱི་སྲིད་བློན་ཟུར་པ་ནེ་རུ་མཆོག་གིས་སྣེ་འཁྲིད་པའི་ཀོང་རི་སི་ཚོགས་པ་ལ་ཐོབ་ཡོད། ཕྱི་ལོ་ ༡༩༦༢ ནས་ ༡༩༨༩ བར་གྱི་རྒྱལ་ཡོངས་འོས་བསྡུ་ཉིན་གྲངས་ ༤ ནས་ ༡༠ བར་གྱི་དུས་ཡུན་ནང་མཇུག་སྒྲིལ་ཡོད་པ་དང་། ལྷག་པར་དུཕྱི་ལོ་ ༡༩༨༠ ལོའི་རྒྱལ་ཡོངས་འོས་བསྡུ་དེ་ཉིན་གྲངས་ ༤ ནང་མཇུག་སྒྲིལ་ཡོད་སྟབས། ལོ་རྒྱུས་ཁྲོད་ཀྱི་འོས་བསྡུ་དུས་ཡུན་ཐུང་ཤོས་དེ་ཆགས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese