མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མཉེན་ཆས་ཤིག་བཀག་སྡོམ་དགོས་པའི་བཀའ་བསྒྲཊ།

བོད་ཀྱི་དུས་བབ།
༢༠༡༩/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་གཞོན་སྐྱེས་གཙོ་བོར་གྱུར་བའི་མི་གྲངས་ས་ཡ་ ༡༢༠ ལྷག་གིས་བེད་སྤྱོད་གཏོང་བཞིན་པའི་རྒྱ་ནག་གི་ཊིག་ཊོག་ཅེས་པའི་སྤྱི་ཚོགས་དྲ་ལམ་བཀག་སྡོམ་དགོས་པའི་བཀའ་རྒྱ་བསྒྲགས།ཁ་སང་རྒྱ་གར་ལྷོ་ཕྱོགས་ཏཱ་མིལ་ཎ་དྷུ་(Tamil Nadu)མངའ་སྡེའི་མཱ་དྷ་ར་སི་མཐོ་རིམ་ཁྲིམས་ཁང་(Madras High Court) གིས། རྒྱ་ནག་གི་ཊིག་ཊོག་ (Tik Tok) གམ་རྒྱ་སྐད་དུ་ཏའོ་ཡུན་ཞེས་པའི་དྲ་ལམ་བརྙན་མཛོད་ནང་འཁྲིག་སྤྱོད་ཆགས་སྲེད་རིགས་བརྒྱུད་གཏོང་བྱེད་བཞིན་ཡོད་པ་དེས། གཞོན་སྐྱེས་ཚོར་ཤུགས་རྐྱེན་ངན་པ་འཇོག་གི་ཡོད་སྐོར་བརྗོད་དེ། གྷུ་གྷལ་དང་ཀུ་ཤུ་ཚོང་གཉེར་ཁང་གཉིས་ཀྱིས་མཉེན་ཆས་དེ་རྒྱ་གར་གྱི་མཉེན་མཛོད་ (Appstore) ནས་མར་ལེན་དགོས་པའི་བཀའ་རྒྱ་བཏང་བ་ལྟར། གོང་བརྗོད་ཚོང་གཉེར་ཁང་གཉིས་དང་། ཨོ་བྷོ་ཚོང་གཉེར་ཁང་སོགས་ནས་ཕབ་ལེན་བྱེད་མ་ཐུབ་པ་བཟོས་འདུག ཡིན་ནའང་། བརྒྱུད་ལམ་གཞན་ནས་མཉེན་ཆས་དེ་མུ་མཐུད་ཕབ་ལེན་དང་བེད་སྤྱོད་བྱེད་ཐུབ་ཀྱི་འདུག

མཐོ་རིམ་ཁྲིམས་ཁང་དེས་བྷའེ་ཊི་ཌན་སི་དྲ་ལམ་འཕྲུལ་རིག་བཟོ་ཚོང་ཁང་ནས་མཉེན་ཆས་ཀྱི་གནད་དོན་དེ་དང་འབྲེལ་བའི་ཡིག་ཆ་ཁག་མཁོ་སྤྲོད་གནང་དགོས་པ་མ་ཟད། ཟླ་འདིའི་ཟླ་མཇུག་ཏུ་ཉན་ཞིབ་བྱ་རྒྱུ་ཡིན་སྐོར་བཀའ་ཁྱབ་བཏང་ཡོད་པ་ལྟར། བཟོ་ཚོང་ཁང་གིས་གནད་དོན་དེའི་ཆེད་དུ་ཁྲིམས་རྩོད་པ་རྒན་པ་ཞིག་ཆེད་བསྐོས་བྱེད་པར་མོས་མཐུན་བྱས་ཡོད་འདུག

ད་ལན་གྱི་ཐག་གཅོད་དེ་ཐོག་མར་རྒྱ་གར་གྱི་མི་སྒེར་ཞིག་གིས་མཱ་དྷ་ར་སི་མཐོ་རིམ་ཁྲིམས་ཁང་ལ་སྤྱི་དམངས་ཀྱི་བདེ་དོན་ཞུ་གཏུག་བྱས་པ་བརྒྱུད་བྷའེ་ཊི་ཌན་སི་དྲ་ལམ་འཕྲུལ་རིག་བཟོ་ཚོང་ཁང་ཁྲིམས་གཏུག་བྱས་ཡོད་པ་དང་། མཐོ་རིམ་ཁྲིམས་ཁང་དེས་ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གར་དབུས་གཞུང་ལ་མཉེན་ཆས་དེ་རྒྱ་གར་ནང་བཀག་སྡོམ་བྱེད་དགོས་སྐོར་ཞུ་གཏུག་བྱས་ཡོད་འདུག ཡིན་ནའང་།  བྷའེ་ཊི་དན་སི་བཟོ་ཚོང་ཁང་གིས་ཊིག་ཊོག་མཉེན་ཆས་ནང་འཁྲིག་སྤྱོད་དང་འབྲེལ་བའི་བརྙང་ཐུང་ཧ་ཅང་ཉུང་ཉུང་ཡིན་པ་དང་། མཐོ་རིམ་ཁྲིམས་ཁང་གི་ཐག་གཅོད་དེ་རྒྱ་གར་ནང་གི་སྨྲ་བརྗོད་རང་དབང་དང་རྒྱབ་འགལ་དུ་སོང་ཡོད་པར་བརྗོད་དེ། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་མཐོ་རིམ་ཁྲིམས་ཁང་གི་ཐག་གཅོད་དེ་རྩིས་མེད་གཏོང་དགོས་པའི་རེ་འདུན་བཏོན་ཡོད་འདུག ཡིན་ནའང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གྱོད་གཞི་དེ་མཐོ་རིམ་ཁྲིམས་ཁང་རང་ནས་ཐག་གཅོད་དགོས་པའི་དབང་ཚད་སྤྲད་ཡོད་འདུག

མཐོ་རིམ་ཁྲིམས་ཁང་གིས་ཐག་གཅོད་མ་བྱས་གོང་དུ་ཊིག་ཊོག་མཉེན་ཆས་གཙོ་གཉེར་བས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བཟོ་ཚོང་ཁང་དེས་རྒྱ་གར་གྱི་ཁྲིམས་ཞིབ་ལམ་ལུགས་ལ་ཡིད་ཆེས་ཡོད་པ་དང་། མཉེན་ཆས་དེ་ཉིད་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་ས་ཡ་མང་པོས་དགའ་བསུ་བྱེད་འོས་པའི་མཇུག་འབྲས་བཟང་པོ་ཞིག་ལ་རེ་བ་འཆང་གི་ཡོད་སྐོར་སོགས་བརྗོད་ཡོད་འདུག་ལ། བཟོ་ཚོང་ཁང་དེས་མཉེན་ཆས་བེད་སྤྱོད་གཏོང་མཁན་ཚོས་ཚོར་བ་སྐྱེན་པའི་གནས་ཚུལ་རིགས་བརྒྱུད་གཏོང་བྱེད་པར་བཀག་འགོག་དང་ནག་གསུབ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་པ་ལྟར། ད་བར་རྒྱ་གར་ནང་བརྙན་ཐུང་རིགས་ས་ཡ་ ༦ ལྷག་ནག་གསུབ་བཏང་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༧ ཚེས་ ༣ ཉིན་ཧིན་དྷུ་ནི་ཤེ་ཡ་ (Indonisia) རྒྱལ་ཁབ་ཀྱིས་ཉིན་གྲངས་ ༨ རིང་མཉེན་ཆས་དེ་བཀག་སྡོམ་བྱས་པར་བརྟེན། མཉེན་ཆས་གཙོ་གཉེར་བས་ཁྲིམས་ཁང་གི་བཀའ་རྒྱ་ཇི་བཞིན་མཉེན་ཆས་ལ་བསྐྱར་བཅོས་བྱས་ཏེ་བསྐྱར་དུ་བཀོལ་སྤྱོད་ཆོག་པར་བཟོས་ཡོད་འདུག དེ་བཞིན་འདས་ལོར་བྷང་ལ་ཌེ་ཤི་ (Bangladesh) ནང་དུ་ཡང་མཉེན་ཆས་དེ་བཀག་སྡོམ་བྱས་ཡོད་འདུག འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢༧ ཉིན་ཨ་རིའི་ཚོང་དོན་ལྷན་ཁང་ (The Federal Trade Commission) གིས། བྷའེ་ཊི་ཌན་སི་འཕྲུལ་རིག་བཟོ་ཚོང་ཁང་གིས་ཊིག་ཊོག་བརྒྱུད་མཉེན་ཆས་བཀོལ་སྤྱོད་པའི་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད་པའི་ནག་ཉེས་བཙུགས་ཏེ། བཟོ་ཚོང་དེར་ཨ་སྒོར་ས་ཡ་ ༥།༧ གྱི་ཉེས་ཆད་དང་། བསྡུ་ལེན་བྱས་ཟིན་པའི་གནས་ཚུལ་རྣམས་འཕྲལ་དུ་བསུབ་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

ཊིག་ཊོག་ཅེས་པའི་དྲ་ལམ་མཉེན་ཆས་དེ་ནི་རྒྱ་ནག་རྒྱལ་ས་པེ་ཅིན་དུ་རྟེན་གཞི་བྱས་པའི་བྷའེ་ཊི་ཌན་སི་(Bytedance) དྲ་ལམ་འཕྲུལ་རིག་བཟོ་ཚོང་ཁང་གིས་ཕྱི་ལོ་ ༢༠༡༦ ལོར་ཏོ་དབྱིན་ (Douyin) ཞེས་པའི་མིང་ཐོག་ནས་རྒྱ་ནག་ནང་ཐོག་མར་འགྲེམ་སྤེལ་བྱས་ཡོད་པ་དང་། ལོ་གཅིག་གི་རྗེས་སུ་ཊིག་ཊོག་ཅེས་པའི་མིང་ཐོག་ནས་རྒྱལ་སྤྱིའི་ཁྲོམ་ར་ནང་འགྲེམ་སྤེལ་བྱས་ཏེ། རྒྱ་གར་དང་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོའི་ནང་དར་ཁྱབ་ཆེན་པོ་ཆགས་ནས་ད་ལྟའི་ཆར་དངོས་སུ་མཉེན་ཆས་བཀོལ་སྤྱོད་བྱེད་མཁན་ས་ཡ་ ༥༠༠ ལྷག་དང་། རྒྱ་གར་ནང་གཅིག་པོར་བེད་སྤྱོད་བྱེད་མཁན་ས་ཡ་ ༡༢༠ བརྒལ་བ་ཡོད་པ་དང་། འཛམ་གླིང་གི་སྐད་ཡིག་ ༧༥ ཙམ་ནང་ཕབ་བསྒྱུར་བྱས་ཚར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

སྐར་མ ༢༣ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese