མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྦག་སྦག་དྲིལ་བསྒྲགས་ཚོགས་པ་ཆེད་དུ་བཙུགས།

བོད་ཀྱི་དུས་བབ།
༢༠༡༩/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་དམངས་ཕན་སྲིད་བྱུས་ཞེས་པའི་མིང་ཐོག་ནས་སྦག་སྦག་དྲིལ་བསྒྲགས་ཚོགས་པ་ཞིག་ཆེད་འཛུགས་ཀྱིས་ས་གནས་མང་པོར་སྐོར་སྐྱོད་བྱས་ཏེ་གཞུང་གི་སྲིད་བྱུས་དྲིལ་བསྒྲགས་བྱེད་ཀྱི་འདུགདེ་རིང་རྔ་བ་ཁུལ་གཞུང་འབྲེལ་རྒྱང་སྒྲོག་གསར་ཁང་ཞེས་པས་སྤེལ་བའི་གནས་ཚུལ་ལྟར་ན། རྔ་བ་ཁུལ་མཛོད་དགེ་རྫོང་སོགས་སུ་དམངས་ཕན་སྲིད་བྱུས་ཞེས་པ་དྲིལ་བསྒྲགས་ཆེད་སྦག་དྲིལ་བསྒྲགས་ཚོགས་པ་ཟེར་བ་ཞིག་ཆེད་འཛུགས་བྱས་ཏེ། ཞིང་འབྲོག་མང་ཚོགས་ཁྲོད་དྲིལ་བསྒྲགས་སྣེ་འཁྲིད་བྱེད་དུ་བཅུག་ནས་རྒྱ་ནག་གཞུང་གི་སྲིད་བྱུས་དང་ཆབ་སྲིད་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་དང་། སྐོར་ཐེངས་རེ་རེར་མི་བཅུ་རེ་ཙམ་འཁྲིད་ཀྱི་ཡོད་འདུག

འདི་གའི་གསར་འགོད་པས་འབྲེལ་ཡོད་ཅིག་ལ་དྲིལ་བསྒྲགས་ཀྱི་ནང་དོན་གཙོ་བོ་ག་རེ་ཡིན་པ་དང་། སྦག་སྦག་གཏོང་མཁན་ཚོ་སུས་བཀོད་མངག་བྱས་པ་ཡིན་དྲིས་པར། ཚོགས་པ་དེ་གྲོང་སྡེ་སོ་སོ་ནས་གསར་འཛུགས་བྱེད་ཀྱི་ཡོད་པ་དང་། སྦག་སྦག་ཞོན་མཁན་ཚོ་གཙོ་བོ་ལམ་འཁྲིད་མཁན་དང་མི་མང་སྐོང་ཚོགས་བྱེད་མཁན་ཡིན་པ་ལས་དྲིལ་བསྒྲགས་བྱེད་མཁན་གཞུང་གི་ལས་བྱེད་པ་ཚོ་ཡིན་པ་དང་། སྒྲོག་མཁན་ཚོས་བོད་སྐད་དང་རྒྱ་སྐད་གཉིས་ནས་བཤད་བཞིན་འདུག་ཀྱང་། གཞུང་གི་སྲིད་བྱུས་རིམ་པ་མང་པོ་ཞིག་བཤད་ཀྱི་ཡོད་པ་ཙམ་ལས་གཙོ་བོ་ག་རེ་བཤད་ཀྱི་ཡོད་སོགས་གསལ་བོ་ཞིག་ཤེས་མ་སོང་། ཞེས་བརྗོད་བྱུང་།

དེ་འབྲེལ་གྱི་གསར་འགྱུར་ནང་མཛོད་དགེ་རྫོང་གི་དྲིལ་བསྒྲགས་ཚོགས་པའི་སྣེ་འཁྲིད་འོག སྡེ་དམངས་ཁྲོད་ནས་སྦག་སྦག་ཞོན་པའི་དྲིལ་བསྒྲགས་ཚོགས་པ་བཙུགས་ཏེ། རྫོང་ཡོངས་ཀྱི་གྲོང་སྡེ་སོ་སོར་སོང་ནས་སྲིད་གཞུང་གི་ཆབ་སྲིད་དགོངས་དོན་འགྲེལ་བཤད་དང་། མང་ཚོགས་ཀྱི་དཀའ་ངལ་ལ་ཇུས་སྟོན་དང་རོགས་སྐྱོར་སོགས་བྱེད་ཀྱི་ཡོད་པ་དང་། དྲིལ་བསྒྲགས་ལས་འགུལ་དེས་མི་མང་གི་འཚོ་བ་དང་ཏང་གི་དམངས་ཕན་ལས་གཞི་སོགས་རྟོགས་ཐུབ་པར་ཕན་ཐོགས་ཡོད་སྐོར་བསྒྲགས་འདུག

ཡང་གསར་འགྱུར་ནང་གསར་འགོད་པས་གྲོང་སྡེ་ཞིག་གི་སྡེ་མི་རྡོ་རྗེ་ཚེ་བརྟན་ཞེས་པ་ཞིག་ལ་དྲིལ་བསྒྲགས་དེས་མི་མང་ལ་ཕན་ཐོགས་ག་འདྲ་བྱུང་གི་འདུག་ཅེས་འདྲི་སྐབས། སྲིད་གཞུང་གིས་དམངས་ཡོངས་ལ་རོགས་སྐྱོར་སྲིད་བྱུས་ལེགས་སྤེལ་བྱས་ཏེ། མི་དམངས་ཀྱིས་མི་ནུས་པའི་དཀའ་ཁག་དམིགས་སུ་བཟུང་ཞིང་། རྒྱལ་ཁབ་ཀྱི་སྲིད་བྱུས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་ཐུབ་པས་ཧ་ཅང་དགའ་བོ་བྱུང་སྐོར་བརྗོད་འདུགམཛོད་དགེ་རྫོང་ནི་ད་ལྟའི་རྒྱ་ནག་གཞུང་གི་བཅད་བགོས་བྱས་པའི་རྔ་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་པ་དང་། རྫོང་འདིར་མཛོད་དགེ་ཕྱོགས་ཆེན་ ༡༢ ཞེས་ཞིང་འབྲོག་གཉིས་དང་ཕལ་ཆེ་བ་འབྲོག་སྡེ་ཡིན་པའི་རྫོང་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ཁུལ་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་མཛོད་དགེ་རྫོང་གི་སྡེ་ཚོ་སོ་སོ་ནས་བསྟུད་མར་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་ཡར་ལངས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ དང་ ༢༠༡༢ ནས་མཛོད་དགེ་ཕྱོགས་ཀྱི་སྐྱ་སེར་མང་པོས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་ཏེ། ཉུང་མཐར་བོད་མི་སེར་སྐྱ་ཕོ་མོ་ ༨ ལྷག་གིས་རང་ལུས་མེར་བསྲེགས་གནང་ཡོད་པར་བརྟེན། རྫོང་ཁོངས་ཀྱི་སྡེ་ཚོ་དང་དགོན་པ། སློབ་གྲྭ་སོགས་སུ་ལོ་རེ་བཞིན་དམ་དྲག་དང་། སྲིད་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་ ༤༠ འཁོར་བ་ཞེས་པའི་འོག་ནས་མཛོད་དགེ་ཕྱོགས་ཀྱི་དགོན་སྡེ་ཁག་མང་པོའི་ནང་རྒྱལ་གཅེས་ཆོས་གཅེས་དང་མེས་རྒྱལ་ལ་དགའ་ཞེན་ཟེར་བ་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་སྤེལ་ཡོད་པ་དང་། དེ་བཞིན། ཉེ་སྔོན་མཛོད་དགེ་རྫོང་གི་ཁོངས་གཏོགས་དབུལ་ཁྱིམ་ཚོར་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོའི་འདྲ་པར་སྒྲིག་ཤོམ་དང་། རྒྱ་ནག་གི་དར་དམར་ཁྱིམ་ཚང་རེ་རེའི་ཁང་ཐོག་ཏུ་སྒྲེང་འཛུགས་བྱེད་དུ་བཅུག་པ་དང་། མི་མང་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཡང་སྙིང་རིན་ཐང་དར་སྤེལ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་དྲིན་དྲན་སློབ་གསོ་ཟེར་བ་ཤུགས་ཆེན་སྤེལ་ཡོད་པ་རེད།

འདི་ལོར་བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བཏང་སྟེ་ལོ་ ༦༠ དང་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་འཁོར་ ༧༠ ལོན་པར་བརྟེན། འདི་ལོར་རྫོང་དང་ཞིང་ཆེན་སོ་སོ་ནས་དུས་སྟོན་དེ་རྒྱལ་ཁ་དང་གཟི་བརྗིད་ལྡན་པའི་ངང་བསུ་མ་བྱེད་དགོས་སྐོར་བརྗོད་དེ། མང་ཚོགས་ཁྲོད་གཞུང་བཀའ་དྲིན་ཆེན་པོ་ཡིན་པ་དང་། རྒྱལ་ཁབ་ཀྱི་བཀའ་དྲིན་དང་སྲིད་བྱུས་ལངས་ཕྱོགས་ངེས་དགོས་པ་བརྗོད་ནས་དྲིལ་བསྒྲགས་ཀྱི་བྱ་འགུལ་སྣ་ནང་སྤེལ་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist