མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 ལ་དྭགས་ཡུལ་མི་དང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་འཛིང་ཤོར།

བོད་ཀྱི་དུས་བབ།
༢༠༡༩/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

ལ་དྭགས་ཡུལ་མི་གཞོན་སྐྱེས་དང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་འཛིང་ཤོར་ཏེ་ཡུལ་མི་གཅིག་རྐྱེན་འདས་སུ་བཏང་བ་དང་བོད་མི་ཞིག་ལ་ཛ་དྲག་སྨན་བཅོས་བྱེད་བཞིན་འདུག

ཁ་སང་དགོང་མོར་ལ་དྭགས་གླེ་ཡི་ཝིན་ཌི་རཱ་ཇ་ཁང་དུ་སྐྱེས་སྐར་གཏོང་སྐབས། ས་གནས་ཡུལ་མི་དང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་འཛིང་ཤོར་ཏེ། ལ་དྭགས་ཀྱི་ཡུལ་མི་གཞོན་སྐྱེས་ཤིག་རྐྱེན་འདས་སུ་བཏང་བ་དང་། བོད་མི་གཞོན་ནུ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པ་དང་། བོད་མི་ ༧ ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་འཁྲུག་འཛིང་ཤོར་རྐྱེན་ཅི་ཡིན་དྲིས་པར་ཁོང་གིས། མདང་དགོང་བོད་པའི་གཞོན་སྐྱེས་ཁག་ཅིག་གིས་ཇ་ཁང་དེའི་ནང་དུ་སྐྱེས་སྐར་བཏང་ནས་བསྡད་ཡོད་པ་དང་། སྐབས་དེར་ལ་དྭགས་པ་ཡང་མང་པོ་ཡོད་འདུག་པ་དང་། ཁོང་ཚོ་ཕྱི་བོར་ལྷག་རྗེས་ཁ་འཛིང་བྱུང་སྟེ་འཁྲུག་པ་ཤོར་འདུག ཡིན་ནའང་།  ཁ་འཛིང་ཤོར་བའི་རྒྱུ་རྐྱེན་གང་ཡིན་གསལ་པོ་མི་འདུག འཁྲུག་འཛིང་ཤོར་སྐབས་བོད་པའི་གཞོན་སྐྱེས་ ༨ ཡོད་པའི་ནང་ནས་གཅིག་ལ་རྨས་སྐྱོན་བྱུང་ནས་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པ་དང་། གཞན་ཚང་མ་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་འོག་འདུག འཁྲུག་པ་ཤོར་སྐབས་ལ་དྭགས་ཀྱི་གཞོན་སྐྱེས་ཁག་ཅིག་ཡོད་འདུག་ཀྱང་གཅིག་ལ་གྲིས་བརྒྱབས་ཏེ་བསད་པ་དང་། གཞན་རྣམས་ཉེན་རྟོག་པས་འཛིན་བཟུང་བྱེད་ཐུབ་མེད་སྐོར་བརྗོད་བྱུང་།

ད་ལྟའི་ཆར་གནས་སྟངས་ག་འདྲ་ཡོད་དྲིས་པར་ཁོང་གིས། ལ་སྤྱི་གཞིས་མགོས་ལ་དྭགས་ནང་པའི་ཚོགས་པ་དང་དགོན་པ་ཚོགས་པ། ལ་དྭགས་ཆོས་ལུགས་ཚོགས་པ་བཅས་སུ་ཐུག་འཕྲད་བྱས་ཏེ། ད་ལན་གྱི་གནད་དོན་དེ་སྤྱི་ཚོགས་དང་སྤྱི་ཚོགས་གཉིས་བར་གྱི་གནད་དོན་ཞིག་ཆགས་པ་ཡིན་ན་བརྡབ་གསིག་ཆེན་པོ་ཡོང་གི་རེད། སྒེར་གྱི་སྤྲོ་སྐྱིད་བཏང་ནས་སྟབས་མ་ལེགས་པར་ཁ་འཛིང་ཤོར་ནས་གནས་ཚུལ་བྱུང་བཞག་པ་ཞིག་དང་། ཚང་མ་ལོ་ ༢༠ ལྷག་གི་ནང་ཡོད་པའི་ལོ་ཆུང་རྐྱང་རྐྱང་ཡིན་པས་བསམ་མ་ཤེས་པ་དང་སྟབས་མ་ལེགས་པའི་སྒང་ནས་བྱུང་པ་རེད། ད་ལན་ལ་དྭགས་ཀྱི་མི་ཞིག་འདས་གྲོངས་སུ་ཕྱིན་པ་དེར་ང་ཚོའི་ངོས་ནས་བློ་འཚབ་དང་སེམས་གསོ་བྱེད་ཀྱི་ཡོད། ཅེས་ཞུས་ཡོད་པ་དང་། ལ་དྭགས་ནང་པའི་ཆོས་ཚོགས་ཀྱིས་ཀྱང་གནས་ཚུལ་དེ་རིགས་གང་ལ་གང་འཚམ་ཡོང་གི་ཡོད་ཀྱང་། དེ་ནི་བོད་པ་དང་ལ་དྭགས་ཀྱི་སྤྱི་ཚོགས་གཉིས་བར་གྱི་རྙོག་དྲ་གང་ཡང་མིན་པ་དང་། རྙོག་དྲ་དེ་ཡུལ་ཁྲིམས་ལྟར་ཐག་གཅོད་དགོས་སྐོར་ལབ་པ་ལྟར། ད་ལྟ་གནས་སྟངས་ཞི་འཇགས་ཆགས་བསྡད་ཡོད་ལ། དེ་བཞིན་ཕྱོགས་གཉིས་ནས་ད་ལན་གྱི་གནད་དོན་དེར་སྐད་འབོད་དང་ཞི་བའི་ངོ་རྒོལ། མར་མེའི་ཁྲོམ་སྐོར་སོགས་མ་གནང་ན་ཡག་པོ་ཡོད་པའི་འབོད་སྐུལ་གནང་ཡོད་སྐོར་བརྗོད་བྱུང་།

དེ་རིང་ཉིན་རྒྱབ་ཏུ་གནད་དོན་དེའི་ཐད་ཕྱོགས་གཉིས་ནས་དམིགས་བསལ་ཚོགས་འདུ་ཞིག་བསྡུས་ཏེ་གྲོས་བསྡུར་གནང་ཡོད་པ་ལྟར། སང་ཉིན་ཉིན་གུང་འདས་པོའི་ནང་མི་སྤུན་མཆེད་སོགས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་དུ་ལ་དྭགས་ཀྱི་ཚོང་ཁང་ཟ་ཁང་སོགས་ཚང་མ་སྒོ་བརྒྱབ་རྒྱུ་དང་། ལ་དྭགས་ནང་པ་ཚོགས་པ་དང་དགོན་པ་ཚོགས་པ། ཁ་ཆེ་ཚོགས་པ། གཞིས་མགོ་སོགས་ཐུན་མོང་གི་ཐོག་ནས་གནད་དོན་དེ་གསལ་པོ་ཡོང་ཆེད་གསར་འགོད་གསལ་བསྒྲགས་ཤིག་གནང་གཏན་འཁེལ་ཡོད་པ་དང་། གསལ་བསྒྲགས་དེའི་ནང་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འདས་པའི་ལོ་ངོ་བཅུ་ཕྲག་ ༦ ལྷག་གི་རིང་ལ་ལ་དྭགས་དང་བོད་པའི་སྤྱི་ཚོགས་བར་འཆམ་མཐུན་དང་སྐྱིད་པོ་བྱས་ནས་མཉམ་དུ་བསྡད་ཡོད་པ་དང་། མུ་མཐུད་སྤྱི་ཚོགས་གཉིས་བར་རྙོག་དྲ་གང་ཡང་མི་ཡོང་བ་ཞིག་དགོས་པའི་འབོད་སྐུལ་གནང་གི་ཡོད་འདུག

གཞན་ཡང་། དེ་རིང་བོད་མིའི་གཞིས་གྲོང་ ༡༢ ཀྱི་བརྒྱ་དཔོན་ཚང་མ་དང་འཁྲུག་པ་རྒྱག་མཁན་བོད་རིགས་གཞོན་ནུ་ཚོའི་ཕ་མ་དང་ནང་མི་སོགས་ཚང་མ་སོང་སྟེ། འདས་པོའི་ནང་མི་སྤུན་མཆེད་ཚོར་སེམས་གསོ་དང་དགོངས་སེལ། དེ་བཞིན་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་དང་སྦྲགས། རྗེས་ཕྱོགས་རོགས་རམ་ག་རེ་གནང་དགོས་ཀྱང་གནང་རྒྱུ་ཡིན་སྐོར་ཞུས་ཡོད་པ་བརྗོད་བྱུང་།

ས་གནས་ཉེན་རྟོག་པས་གནད་དོན་དེ་དང་འབྲེལ་བའི་ཐོ་འགོད་ནང་དུ་། འདས་གྲོངས་སུ་ཕྱིན་པའི་ཡུལ་མི་དེ་རང་ལོ་ ༢༦ དང་ས་གནས་ཧེ་མི་སི་ནས་ཡིན་པ་དང་། ཉེན་ཁའི་ནང་ལྷུང་བའི་བོད་མི་དེ་ལྕོག་ལམ་སར་དམག་སྒར་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༢༡ ཡིན་འདུག དེ་དང་མཉམ་དུ་རང་ལོ་ ༢༥ དང་ ༢༣ ཡིན་པའི་གཞོན་སྐྱེས་གཉིས་ཀྱི་མིང་ཡང་བཀོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 11

  1. ལ་དྭགས་ཡུལ་མི་ says:
    ལོ་ 7 སྔོན།

    འགོ་བརྗོད་འགྱུར་བ་བཏང་པར་ཐུགས་རྗེ་ཆེ། གསར་ཁང་ཁྱེད་དྲིན་ཆེ།

    Reply
  2. ཤམ་བྷ་ལ། says:
    ལོ་ 7 སྔོན།

    དུས་བབ་ཚགས་པར་བཀྲིན་ཆེ། བོད་ཡིག་གསར་ཤོག་འདི་ཙམ་ལས་མེད། ཁྱེད་རྣམས་ཕྱག་ལས་བཀྲིན་ཆེ་ཞུ་ཡག?

    Reply
  3. དབྱང་ལྷ། says:
    ལོ་ 7 སྔོན།

    ལ་དྭགས་ཡུལ་མི་དང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་འཛིང་ཤོར།
    ཅེས་པའི་འགོ་བརྗོད་དེ་འགྲིག་མི་འདུག་གང་ལ་ཟེར་ན་ལ་དྭགས་ཡུལ་མི་ཞེས་བརྗོད་ཚེ་སྤྱི་མིང་ལ་གོ་ཉེན་ཆེ་བས།
    དེ་ལས་ཡུལ་མི་གཞོན་སྐྱེས་ཁག་ཅིག་ཅེས་སྨྲས་ན་བྱེ་བྲག་ཁག་ཅིག་དབར་ལ་གོ་བས་ལེགས་པར་བསམ

    Reply
  4. ཤམ་བྷ་ལ། says:
    ལོ་ 7 སྔོན།

    ཨ་ཁ་ཁ་། བོད་པའི་གཞོནསྐྱེས་ནུབ་ཕྱོགས་ལུང་པར་སྡོད་མཁན་ཚོ་ས་་་་་ ཡུ་ཊུབ་དང་ངོ་དེབ་ནང་དུ་་་བོད་པ་དང་ཧི་མ་ལ་ཡའི་མི་རིགས་བར་ལ་་་ཕྱོགས་ཡིན་འདོག་དང་། ཚིག་ངན་སོགས་རྩ་ནས་མ་གནང་རོག་ཞུ་ཡག་ཡིན་་་་རྒྱ་གར་གཞིས་བཞུགས་རྣམ་་ལ་གནོད་པ་ཡོང་ངེས་རེད།་་་་་གང་ལྟར་་་བོད་དང་ཧི་མ་ལ་ཡསི་མི་རིགས་ཐམས་ཅད་ལོ་ངོ་སྟོང་ཕྲག་ནས་ད་བར་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་གཅིག་པ་ཡིན་པས་ཕན་ཚུན་ཐབས་ལམ་བཟང་པོས་ངང་འགྲིག་ཐབས་དང་། འདས་གྲོངས་སོང་བ་བུ་ཕྲུག་ལ་བསྔོ་སྨོན་གང་ཟབ་དགོས་། ༧ གོང་ས་མཆོག་གི་སློབ་མ་འདྲ་མཚུངས་ཡིན། ཚང་མས་ཏཟབ་གཟབ་གནང་རོག་་ལ་དྭགས་བུ་ཕྲུག་འངས་གྲོངས་སོང་བ་ང་དང་ངའི་དགིན་མདོ་ཁམས་ཕྱོགས་ཀུན་ཏུ་བསྔོ་སྨོན་ཞུ་ཡོད་། ཞག་ཞེ་དགུ་བར་སྨོན་ལམ་ཞུ་ཡག་ཡིན།

    Reply
  5. Cheokhor gyal says:
    ལོ་ 7 སྔོན།

    བོད་ཀྱི་དུས་བབ་ཚང་གིས་ད་བར་སྤྱི་ཚོགས་དཀྲུག་མ་མྱོང་ལ། མ་འོངས་པར་དཀྲུག་གི་རེད་བསམ་པ་མེད། བོད་ཀྱི་དུས་བབ་ནི་འདས་པའི་ལོ་ངོ་30ཉེ་བའི་རིང་གི་བོད་ཕྱི་ནང་གཉིས་ལ་ཧ་ཅང་ཁྱབ་ཆེ་བའི་གསར་ཁང་གཅིག་པུ་དེ་ཡིན། གསར་ཁང་འདིས་ང་ཚོར་བོད་དང་རྒྱལ་སྤྱིའི་གསར་འགྱུར་གཙོའི་དཔྱད་རྩོམ་དང་སྒྱུར་རྩོམ་ཧ་ལས་པ་མཁོ་སྤྲོད་གནང་ནས། བོད་པའི་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད། གསར་ཁང་ཆེན་པོ་འདི་འདྲ་ཞིག་ལ་གང་བྱུང་བཤད་པ་ནི་ཕྲག་དོག་ཡིན་པ་ལས་གཞན་གང་ཡང་མ་རེད།

    Reply
  6. རིག་ལོ། says:
    ལོ་ 7 སྔོན།

    བོད་ཀྱི་དུས་བབ་ཚང་གིས་ཕུ་དཀྲུག་བཏང་མི་འདུག་ལ། འདྲི་དགོས་སར་དྲིས་གསར་འགྱུར་ཞིབ་རྒྱས་བྲིས་འདུག་མོད། ལ་དྭགས་བོད་པ་ཚོས་དངོས་གནས་ཕུ་དཀྲུག་བཏང་འདུག

    Reply
  7. Rocklion says:
    ལོ་ 7 སྔོན།

    ཨིན་ཡིག་མཁས་པ་ཡིན་ན་བོད་ཡིག་དྲྭ་ཚིགས་ལ་མ་ཕེབས་རོགས་གནང་།

    Reply
  8. བསྟན་འཛིན་རབ་དགའ། says:
    ལོ་ 7 སྔོན།

    ང་རང་ཚོ་བོད་མི་རྣམས་དངོས་ཡོད་གནས་ཚུལ་ལ་གདོང་གཏོད་པར་དཔེ་ཞེད་རེད། དོན་དངོས་དེ་དོན་དངོས་རེད། དེ་ལ་ཡག་པོ་བཤད་པ་དང་ཆུང་ཆུང་བཟོ་རྒྱུ་ཅི་ཡོད་པ་མ་རེད། བཟོསནས་་ཕན་ཐོགས་ཡོད་པ་མ་རེད། གོང་ནས་ལ་སྤྱི་མཆོག་གིས་གསུངས་པ་བཞིན་མ་འོངས་པར་ཡུལ་མི་དང་བོད་མི་བར་རྒྱག་འགྲེ་འདི་རིགས་མ་རྒྱག་ན་དགའ་རེད། ཡག་རེད། གཙོ་བོ་རེད། དེ་མིན་ལན་པོ་སུ་ཡོད་མེད་དང་། སུ་སྡུག་ཅག་ཡིན་མིན་བཤད་ནས་ཆོ་མེད་རེད། གྲོགས་པོ་ཚོ།

    Reply
  9. ལ་དྭགས་ཡུལ་མི་ says:
    ལོ་ 7 སྔོན།

    བོད་ཀྱི་དུས་བབ་། རྗེས་མ་ནས་གསར་འགྱུར་འགོ་བརྗོད་བྲིས་དུས་ཐུགས་བསམ་ཆེ་ཙམ་བཞེས་དགོས།

    ལ་དྭགས་ཡུལ་མི་དང་བོད་པའི་བར་འཁྲུག་འཛིང་མ་རེད་དོ་།

    ༼ལ་དྭགས་དང་བོད་པའི་གཞོན་སྐྱེས་འགས་འཁྲུག་འཛིངས། ༽ཞེས་འབྲི་དགོས་རེད།

    གནད་དོན་ཇི་མ་ཇི་བཞིན་ལ་གསར་འགྱུར་ཇི་མ་ཇི་བཞིན་བཀོད་གནང་རོགས། དེ་མིན་གསར་ཁང་དེ་རིགས་

    ཀྱིས་ང་ཚོའི་སྤྱི་ཚོགས་ཕུ་དཀྲུགས་མདའ་དཀྲུགས་བཟོ་གི་མེད་དམ་བསམ་པའི་ཚོར་སྣང་མཚམས་རེ་ཡོང་གི་འདུག

    Reply
  10. Wangmo says:
    ལོ་ 7 སྔོན།

    The headline is extremely misleading and incorrect.

    Reply
  11. གཞུང་པ་ཚེ་དབང་བསོད་ནམའ་ says:
    ལོ་ 7 སྔོན།

    སྤྱོད་ལམ་ཞིིབ་པོ་ཚེ་གི་མཐུད་མ་རེད།
    འགྲོ་བཟོ་སྡོད་མཁས་མི་ཚེའི་ལམ་སྟོན་རེད།
    མི་རིགས་མཐུན་འབྲེལ་ཞི་བདེའི་རྩ་བ་རེད།
    རང་གཞན་གཉིས་ཕུང་སྙིང་རྗེའི་ཡུལ་དུ་ལྷག།
    ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་་་་་་་་་་་ཧྲི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese