མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བཙན་པོའི་སྐབས་ཀྱི་མིག་མངས་རྙེད་བྱུང་ཟེར།

བོད་ཀྱི་དུས་བབ།
༢༠༡༩/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

དཀར་མཛེས་རྫོང་རོང་པ་ཚོའི་མཁར་སྒང་ནས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་མིག་མངས་རྡོ་བརྐོས་མ་ཞིག་གསར་དུ་རྙེད་ཡོད་སྐོར་བསྒྲགས་འདུགཁ་སང་ཕྱི་ཚེས་ ༢༤ ཉིན། རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་བརྙན་འཕྲིན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རིག་གནས་དང་རིག་དངོས་བརྟག་ཞིབ་སྡེ་ཚན་ཟེར་བ་ཞིག་གིས། དཀར་མཛེས་རྫོང་རོང་པ་ཚའི་མཁར་སྒང་དུ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཐང་བོད་སྐབས་ཀྱི་བོད་ཀྱི་མིག་མངས་རྡོ་བརྐོས་མ་ཞིག་གསར་རྙེད་བྱུང་ཡོད་འདུག

གནས་ཚུལ་དེའི་ཐད་དཀར་མཛེས་ཁུལ་རིག་གནས་དང་རིག་དངོས་བརྟག་ཞིབ་སྡེ་ཚན་པས། མིག་མངས་དེ་ནི་ཐང་བོད་དུས་སྐབས་ཀྱི་བོད་ལུགས་མིག་མངས་ཤིག་ཡིན་པ་དང་།  བོད་ཀྱི་རྒྱལ་ས་ལྷ་ས་ཕུད་པའི་བོད་ཁུལ་གཞན་པ་ནས་རྙེད་པའི་གནའ་བོའི་རྡོ་བརྐོས་བོད་ལུགས་མིག་མངས་ཐོག་མ་ཆགས་ཡོད་ལུགས་དང་། མིག་མངས་ཀྱི་ཆེ་ཆུང་དང་རྐོས་རྩལ། ཐིག་རིས། རྣམ་པ་སོགས་དེ་སྔོན་ལྷ་ས་མལ་གྲོ་གུང་དཀར་རྫོང་ནས་གསར་རྙེད་བྱུང་བའི་རྡོ་བརྐོས་མིག་མངས་དང་འདྲ་བོ་ཡོད་སྐོར་བརྗོད་འདུག

གནའ་རྫས་བརྟག་ཞིབ་པ་ཚོས་ཐེངས་འདིར་གསར་དུ་རྙེད་པའི་རྡོ་བརྐོས་དང་ལྷ་ས་མལ་གྲོ་གུང་དཀར་རྫོང་ནས་རྙེད་པའི་མིག་མངས་གཉིས་ཀ་བོད་བཙན་པོའི་དུས་སྐབས་ཀྱི་བོད་ཀྱི་མིག་མངས་ཡིན་པ་དང་། གནའ་ཤུལ་དེ་དག་ལ་རིག་གནས་ཀྱི་རྒྱུན་དང་ལོ་རྒྱུས་ཡུན་རིང་ལྡན་པ་དང་།  བོད་ཀྱི་གནའ་བོའི་ལོ་རྒྱུས་དང་། བོད་བཙན་པོའི་སྐབས་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཆགས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནས་བོད་ཁུལ་གྱི་ས་ཆ་མང་པོའི་ནང་གནའ་ཤུལ་གསར་རྙེད་དང་གནའ་རྫས་རྙེད་ཡོད་སྐོར་མང་པོ་ཞིག་བསྒྲགས་བཞིན་པ་ལྟར། མང་པོ་ཞིག་གིས་རྒྱ་ནག་གི་བོད་ཀྱི་གནའ་ཤུལ་དང་རིག་དངོས་སོགས་གློ་བུར་དུ་དྲིལ་བསྒྲགས་སྣ་ཚོགས་བྱེད་བཞིན་པའི་རྒྱལ་ལྗོངས་དང་དམིགས་ཡུལ་ག་རེ་ཡིན་མིན་གྱི་དོགས་གཞི་སྣ་ཚོགས་བྱེད་བཞིན་པ་ལྟར། འདས་ལོར་འདི་གའི་གསར་འགོད་པས་བོད་རྒྱའི་གནད་དོན་ཉམས་ཞིབ་པ་དང་རྒྱ་ཡིག་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་སུ། གནད་དོན་དེའི་སྐོར་ལ་རྒྱ་ནག་གཞུང་ངོས་ནས་ཆབ་སྲིད་ཀྱི་གཡོ་བྱུས་དམིགས་ཡུལ་གཞན་ཡོད་མེད་དྲིས་པར་ཁོང་གིས། ཉེ་བའི་ལོ་འགའི་ནང་རྒྱ་ནག་གཞུང་གིས་གཟུགས་མེད་རིག་གནས་ཤུལ་བཞག་ཟེར་བ་དང་གཟུགས་ཡོད་རིག་གནས་ཤུལ་བཞག་ཟེར་བ་སོགས་ཁྱབ་བསྒྲགས་སྣ་ཚོགས་བྱེད་བཞིན་པར་དམིགས་ཡུལ་མང་པོ་ཡོད་པ་རེད། ཕྱོགས་གཅིག་ནས་བོད་ཀྱི་ཤུལ་བཞག་རིག་གནས་གྲགས་ཅན་དག་རྒྱལ་སྤྱིའི་སྒྲིག་ཁག་གི་མིང་ཐོའི་ནང་བཀོད་ནས་རྒྱ་ནག་གི་རིག་གནས་ཡིན་པ་མཚོན་གང་ཐུབ་བྱེད་ཀྱི་ཡོད་པ་དང་། དཔེར་ན་རིག་དངོས་མང་པོ་ཞིག་དང་པོ་གསར་རྙེད་བྱུང་ཡོད་སྐོར་དང་རྗེས་སུ་རྒྱ་ནག་གི་མིང་སྦྱོར་གང་ཐུབ་བྱས་ཏེ་འཛམ་གླིང་ལ་རིག་དངོས་དེ་དག་རྒྱ་ནག་གིས་ཡིན་པར་སྒྲུབ་ཐབས་དང་། ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པའི་སྒོ་ནས་ཐབས་ཤེས་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་གཟུགས་མེད་རིག་གནས་སྲུང་སྐྱོབ་ཆེད་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། དོན་དམ་པའི་རིག་དངོས་དང་གནའ་རྫས་དེ་དག་ལ་རྒྱལ་ཁབ་རིམ་པ། ཞིང་ཆེན་དང་ཁུལ། རྫོང་སོགས་རིག་དངོས་མིང་བྱང་གཏགས་ནས་རིག་དངོས་སྲུང་སྐྱོབ་ཆེད་མིན་པར། མིང་ཐོབ་དེ་དག་བེད་སྤྱོད་ཀྱིས་ཁྱབ་བསྒྲགས་དང་ཡུལ་སྐོར་སྤྲོ་འཆམ་ལས་གཞི་རྒྱ་ཆེར་སྐྱེད་ཐབས་ཁོ་ན་ཡིན་པ་དང་།  བོད་ཀྱི་རིག་དངོས་མང་པོར་རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་རིམ་པའི་མིང་ཐོབ་འདྲ་མིན་བཏགས་ནས་སྲུང་སྐྱོབ་ལ་ཁ་གཡར་གྱི་ཡོད་མོད། དོན་གྱི་དེ་དག་སྲུང་སྐྱོབ་བྱེད་པ་ལས་གཏོར་བརླག་དང་བདག་དབང་ལ་དམིགས་ཡོད་པ་རེད། ཅེས་བརྗོད་བྱུང་།

བོད་ཀྱི་མིག་མངས་ནི་རྡེའུ་དཀར་ནག་གཉིས་སུ་བགོས་ནས་རང་ཕྱོགས་ཀྱི་རྡེའུ་ཡིས་གཞན་ཕྱོགས་ཀྱི་རྡེའུ་ལ་མཐའ་བསྐོར་ནས་ཕམ་པར་བཟོ་བའི་རྕེད་མོ་ཞིག་ཡིན་པ་དང་། བོད་ཀྱི་ས་ཁུལ་འགའ་ཤས་ནས་(འགྱིག)ཅེས་ཀྱང་འབོད་སྲོལ་ཡོད་ལ། དེ་སྔོན་རྒྱ་ནག་གཞུང་གི་གནའ་རྫས་བརྟག་ཞིབ་པ་ཚོས་བོད་ཀྱི་རྒྱལ་ས་ལྷ་སའི་གཞིས་རྩེ་གཉའ་ནང་དང་། མངའ་རིས། མལ་གྲོ་གུང་དཀར་སོགས་སུ་བོད་ཀྱི་གནའ་བོའི་རྡོ་བརྐོས་མིག་མངས་གསར་རྙེད་བྱུང་ཡོད་པའི་གནས་ཚུལ་བསྒྲགས་ཡོད་པ་རེད།

ལོ་རྒྱུས་མཁས་པ་རེ་འགས་བརྗོད་ན། བོད་ཀྱི་མིག་མངས་ལ་ལོ་ངོ་ ༤༠༠༠ ཡས་མས་ཀྱི་ལོ་རྒྱུས་ཡོད་འདུག ཏུན་ཧོང་ནས་ཐོན་པའི་གནའ་རབས་བོད་ཡིག་གི་ལོ་རྒྱུས་ནང་འཁོད་པར་གཞིགས་ན། བཙན་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རིའི་བློན་པོ་ཁྱུང་པོ་སྤུངས་སད་ཟུ་ཙེ་ཞུ་བས་ལག་པ་གཡས་ཀྱིས་མིག་མངས་རྩེ་བ་དང་ལག་པ་གཡོན་པས་རྩིས་ཐོ་འགོད་པར་གྲགས་ཤིང་། ཁོང་ནི་བོད་ཀྱི་མིང་གྲགས་ཅན་གྱི་མིག་མངས་མཁས་ཅན་དུ་འབོད་པར་བཤད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཆུ་ཚོད་ ༤ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༥ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese