མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པདྨ་དབང་ཆེན་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༡༩/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་ཉེན་རྟོག་པས་བོད་མི་པདྨ་དབང་ཆེན་ཞུ་བ་ཞིག་ལ་གཅར་རྡུང་མང་པོ་བྱས་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་ངོས་མི་ཟིན་པའི་ན་ཚ་ཞིག་གིས་ཡུན་རིང་མནར་ཏེ་འདས་གྲོངས་སུ་ཕྱིན་ཡོད་འདུགདེ་རིང་བོད་ནང་གི་ཉིན་གུང་ཆུ་ཚོད་ ༢ ཡས་མས་ཤིག་ལ་ཁྲིན་ཏུའུ་གྲོང་ཁྱེར་གྱི་སཱ་ལོ་སཱ་ཞེས་པའི་སྨན་ཁང་ཞིག་གི་ནང་། དཀར་མཛེས་རྫོང་འོད་བཟོ་སྡེ་བ་ནས་ཡིན་པའི་པདྨ་དབང་ཆེན་ཞུ་བ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། འབྲེལ་ཡོད་ཅིག་གིས་པདྨ་དབང་ཆེན་ལགས་ཀྱིས་ལོ་སར་སྐབས་བོད་ཀྱི་རྒྱལ་གླུ་བཏང་བའི་རྐྱེན་གྱིས་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་བཏང་སྟེ་ལོ་གཅིག་ཙམ་གྱི་རྗེས་སུ་ངོས་མི་ཟིན་པའི་ན་ཚ་ཞིག་བྱུང་སྟེ་དྲག་སྐྱེད་ཐུབ་མེད་སྐོར་བརྗོད་བྱུང་།

དེའི་སྐོར་ལ་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། ཕྱི་ལོ ༢༠༡༦ ལོའི་བོད་ཀྱི་ལོ་སར་བཏང་ནས་ཟླ་གཅིག་ཙམ་འགོར་རྗེས། ཉིན་ཞིག་པདྨ་དབང་ཆེན་ལགས་ཀྱིས་རླངས་འཁོར་བཏང་ནས་འགྲོ་སྐབས། གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་བྱས་ནས་དཀར་མཛེས་རྫོང་ཐོག་ཏུ་བཙན་འཁྲིད་བྱས་ཡོད་པ་དང་། འདྲི་གཅོད་སྐབས་ཁྱེད་ཀྱིས་ལོ་སར་སྐབས་གཞས་ག་རེ་བཏང་བ་དང་། གཞས་དེ་ག་ནས་སྦྱངས་བ་ཡིན་ཞེས་དྲིས་པར། པདྨ་དབང་ཆེན་ལགས་ཀྱིས་གཞས་གང་ཡང་མིན་པར་ང་ཚོ་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་བ་ཡིན་ཞེས་བརྗོད་ཡོད་པ་སོགས་ཀྱིས། ཉེན་རྟོག་པས་ཁོང་ལ་གཅར་རྡུང་དང་མནར་གཅོད་ཚད་མེད་བཏང་ཡོད་པ་དང་། བཀག་ཉར་ཁང་དུ་ཟླ་གཅིག་ལྷག་འགོར་རྗེས་ཁོང་ཀློད་གྲོལ་བཏང་ཡོད་ཀྱང་།  ལོ་གཅིག་ཙམ་གྱི་རྗེས་ཁོང་ལ་བཅོས་ཐབས་མེད་པའི་ནད་ཅིག་བྱུང་སྟེ། སྨན་ཁང་སོགས་སུ་བརྟག་དཔྱད་ག་ཚོད་བྱས་ཀྱང་ནད་ངོས་འཛིན་ཐུབ་མེད་པ་རེད། ཅེས་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས། ཆབ་སྲིད་བཙོན་ཟུར་ཚོར་མཚོན་ན། སྨན་ཁང་སོགས་སུ་བརྟག་དཔྱད་བྱེད་དུ་འགྲོ་སྐབས་རྒྱ་ནག་གཞུང་ཉེན་རྟོག་པ་ཚོས་རྗེས་འདེད་བཏང་སྟེ། སྨན་ཁང་ལ་ནད་གཞི་ངོ་མ་ངོས་འཛིན་བྱེད་དུ་འཇུག་གི་མེད་སྟབས།  ཁོ་ལ་ནད་ག་རེ་འདུག་དང་ནང་ལོག་ལ་ག་རེ་བྱས་ཡོད་སོགས་བརྗོད་མི་ཆོག་ཅེས་བཀག་འགོག་བྱས་པར་བརྟེན། ད་བར་ན་ཚ་ག་རེ་ཡིན་ངོས་འཛིན་ཐུབ་མེད་པ་དང་།  ང་ཚོའི་ངོས་ནས་ཁོང་གི་རྒྱབ་ལོག་ཅིག་ལ་ཤུགས་ཆེན་པོ་ཞིག་རྡུང་རྡེག་བཏང་ཡོད་པའི་དོགས་གཞི་བྱེད་པ་ལས་གཞན་གང་ཡང་ཤེས་མེད་པ་རེད། ཅེས་བརྗོད་བྱུང་།

གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། པདྨ་དབང་ཆེན་ལགས་དཀར་མཛེས་དགོན་པའི་གྲྭ་ཟུར་ཞིག་ཡིན་པ་དང་། ཁོང་ལ་ཕ་མ་གཅིག་གི་སྤུན་མཆེད་གྲྭ་དཔལ་ལྡན་འཕྲིན་ལས་ཞུ་བ་ཞིག་ཡོད་པ་དེས། ཕྱི་ལོ་ ༢༠༠༨ ལོར་དཀར་མཛེས་རྫོང་ཐོག་ཏུ་རྒྱ་ནག་གཞུང་གི་བཙན་གནོན་ལ་ཞི་རྒོལ་གནང་པར་བརྟེན། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་ངོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཕྱིས་སུ་གྲྭ་དཔལ་ལྡན་འཕྲིན་ལས་ལགས་བཙོན་གྲོལ་ཐོབ་རྗེས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་འོག་དཀར་མཛེས་དགོན་པར་འདུག་མ་བཅུག་པར་ད་ལྟ་དགོན་པ་གཞན་ཞིག་ལ་གསང་བའི་ཐོག་ནས་འཛུལ་ཡོད་པ་དང་། རྒྱ་ནག་གཞུང་གིས་གྲོང་མི་ཚོར་ཁང་པ་བཟོ་སྐྲུན་དང་ཤིང་ནགས་འཛུགས་སྐྲུན་ཟེར་བ་སོགས་ཀྱི་ཐོག་ནས་རོགས་དངུལ་སྤྲོད་བཞིན་ཡོད་ན་ཡང་། པདྨ་མ་འཕྲིན་ལས་ཀྱི་ནང་ལ་ཆབ་སྲིད་བཙོན་པ་གཉིས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་དངུལ་གཅིག་ཀྱང་སྤྲོད་ཀྱི་མེད་པ་དང་། ད་ལྟ་ཁོང་གི་ཤུལ་དུ་ལྷག་པའི་ནང་མི་ཚོར་རྟེན་ས་ཡོད་པ་ཁོ་རང་གཅིག་པུ་ཆགས་ཡོད་སྟབས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

པདྨ་དབང་ཆེན་ལགས་ཆུང་དུས་རྒྱ་གར་དུ་ཡོང་སྟེ། གྷོ་པལ་པོར་བོད་ཁྱིམ་སློབ་གྲྭའི་ནང་སློབ་སྦྱོང་བྱས་ཏེ་ལོ་གཅིག་གཉིས་ཙམ་རིང་སློབ་སྦྱོང་བྱས་ཡོད་ཀྱང་། འཚོ་བ་སོགས་ཀྱི་ཐད་དཀའ་ངལ་མང་པོ་ཞིག་འཕྲད་དེ་རྗེས་སུ་ཕྱིར་བོད་ལ་ལོག་ཡོད་འདུག  ད་ལྟ་ཁོང་གི་ནང་ལ་ལོ་ན་ ༦༠ ནས་ ༧༠ བར་ཡིན་པའི་ཕ་མ་གཉིས་དང་། ཕྲུ་གུ་གསུམ། སྤུན་མཆེད་དགེ་འདུན་པ་དཔལ་ལྡན་འཕྲིན་ལས་བཅས་ཡོད་པ་དང་། སྲིང་མོ་ཞིག་ཡོད་པ་བཙུན་མ་བྱས་ཏེ་བཙུན་དགོན་ཞིག་ཏུ་ཡོད་འདུག 

རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༡ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese