མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༩/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་སེར་ཤུལ་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་རིགས་གཞོན་ནུ་དབང་ཆེན་ལགས་དང་ཁོང་གི་ཨ་ཅག་སྒྲོལ་དཀར་ལགས་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དབང་ཆེན་ལགས་ཀྱི་རོགས་པ་གཉིས་ལ་དངུལ་གྱི་ཉེས་ཆད་བཅད་དེ་ཟབ་སྦྱོང་འཛིན་གྲྭར་བཅུག་ཡོད་འདུག
དེ་རིང་ཞོགས་པར་སེར་ཤུལ་རྫོང་མི་མང་ཁྲིམས་ཁང་གིས་སེལ་ཤུལ་རྫོང་ཁོངས་ནས་ཡིན་པའི་བོད་མི་གཞོན་སྐྱེས་དབང་ཆེན་ལགས་ལ་མངོན་གསལ་དོད་པོའི་ཐོག་ནས་རྒྱལ་ཁབ་ཀྱི་ཁྲིམས་ལ་ངོ་རྒོལ་གྱེན་ལངས་རྩ་འཛུགས་དང་སྣེ་འཁྲིད་བྱེད་མཁན་གྱི་ཉེས་མིང་འོག་ལོ་ ༤ དང་ཕྱེད་ཀ་ཡི་ཁྲིམས་ཆད་དང་། ཁོང་གི་ཨ་ཅག་སྒྲོལ་དཀར་ལགས་ལ་ངན་པ་ལག་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་རྩ་དོན་དང་། ས་གནས་བདེ་འཇགས་ལ་གནོད་པའི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ ༡ དང་ཟླ ༣ གྱི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ད་ལན་གྱི་གནས་ཚུལ་དེ་བརྒྱུད་བསྒྲགས་བྱས་ན་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཁག་ཐེག་བྱེད་དུ་བཅུག་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། དབང་ཆེན་གྱི་རོགས་པ་བློ་བཟང་དང་ཡོན་ཏན་གཉིས་སེར་ཤུལ་རྫོང་རྒྱལ་ཁབ་སློབ་གསོ་ཡན་ལག་ལས་ཁུངས་ཟེར་བར་རྩིས་སྤྲོད་བྱས་ཏེ། མི་རེར་རྒྱ་སྒོར ༡༥༠༠༠ རེ་ཡི་ཉེས་ཆད་བཅད་ནས་ཟླ་དྲུག་རིང་རྒྱལ་སྤྱིའི་བདེ་འཇགས་སློབ་གསོ་ཟབ་སྦྱོང་འཛིན་གྲྭ་ཞེས་པར་འགྲོ་དགོས་པ་བཟོས་ཡོད་འདུག་ལ། དབང་ཆེན་ལགས་དང་ཁོང་གི་ཨ་ཅག་ལགས་གཉིས་ལ་ཁྲིམས་ཐག་བཅད་རྗེས་བཙོན་ཁང་གང་དུ་འཁྲིད་ཡོད་མེད་སོགས་གསལ་ཁ་མི་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཐོག་དབང་ཆེན་ལགས་ཀྱི་ཨ་ཅག་སྒྲོན་དཀར་ལགས་སེར་ཤུལ་ཁུལ་(区)ཉེན་རྟོག་ཁང་དུ་འཁྲིད་ཡོད་པ་དང་། འབྲེལ་ཡོད་མི་ཁ་ཤས་ཤིག་སྒྲོན་དཀར་ལགས་དང་མཉམ་དུ་ཕྱིན་དུ་ཡོད་པ་དང་། དེའི་ནང་གི་མི་ཞིག་གིས་བརྗོད་ན། ཉེན་རྟོག་མི་སྣས་སྒྲོན་དཀར་ལགས་ལ་ང་ཚོས་སྤྱི་ཚོགས་བདེ་འཇགས་ཆེད་དུ་རྟོག་ཞིབ་མི་སྣ་གང་སར་བཀྲམ་ཡོད་པས་ཤེས་ཀྱི་མེད་པ་རེད་མ་བསམ། ཁྱེད་རང་གིས་སྐད་ཆ་ག་རེ་བཤད་ཡོད་པ་ང་ཚོས་སྔོན་མ་ནས་ཧ་གོ་གི་ཡོད། དྲང་མོ་བཤད་ན་དགའ་གི་རེད་ཟེར་ནས་སྡིགས་ར་བསྐུལ་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༧ ཉིན་གློག་ཆས་རིགས་གང་ཡང་ཁུར་དུ་མ་བཅུག་པར་སེལ་ཤུལ་དོ་དམ་ལས་ཁུངས་སུ་སྐད་བཏང་ཡོད་པ་དང་། དེ་རིང་ཞོགས་པར་ནང་མི་དང་སྤུན་མཆེད་ལྔ་ཡན་ཡོང་མི་ཆོག་པ་མ་ཟད། གློག་རིགས་དང་ཁ་པར་སོགས་རྩ་བ་ནས་ཁུར་མི་ཆོག་པ་དང་། གལ་སྲིད་གནས་ཚུལ་དེ་འདྲ་རིགས་བྱུང་བ་ཡིན་ན་འགན་རང་ཉིད་ནས་ཁུར་དགོས་ལུགས་བརྗོད་ཡོད་འདུག དེ་རིང་ཞོགས་པའི་ཆུ་ཚོད་ ༨ ཡས་མས་སུ་སེར་ཤུལ་ཁུལ་དོ་དམ་ལས་ཁུངས་ནས་ས་གནས་མི་མང་ཁྲིམས་ཁང་དུ་འཁྲིད་དེ། མི་རེ་རེ་བྱས་ནས་ཁ་པར་སོགས་འཁུར་ཡོད་མེད་ཞིབ་བཤེར་ནན་པོ་བྱས་རྗེས་ཁྲིམས་རའི་ནང་འཛུལ་དུ་བཅུག་ཡོད་འདུག

ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་དབང་ཆེན་ལགས་དང་ཁོང་གི་རོགས་པ་གཉིས་བཅས་རི་མགོར་བསང་གསོལ་དུ་ཕྱིན་སྐབས། ༧པན་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་། ༧རྒྱལ་བ་༧པཎ་ཆེན་རྣམ་གཉིས་བོད་ནང་ཞལ་འཛོམས་ཞུ་དགོས་པའི་སྐད་འབོད་གནང་ཡོད་པ་དང་། སྐབས་དེར་འགྲམ་དུ་ཡོད་པའི་དབྱར་རྩྭ་རྐོ་མཁན་ཚོས་དེ་འདྲ་ཟེར་མི་ཉན་སྐོར་བརྗོད་སྐབས། ད་ལྟ་བར་ཏུ་བོད་མི་ ༡༥༠ ཡས་མས་ཞིག་གིས་རང་ལུས་མེར་བསྲེགས་གནང་ནས་གྲོངས་པ་དེའི་འགན་ང་ཚོ་ཚང་མ་ལ་ཡོད་སྐོར་བརྗོད་ཡོད་པ་དང་། དེ་ནས་བསང་གསོལ་ཚར་ཏེ་མར་རི་འདབས་སུ་བསླེབས་སྐབས་ཉེན་རྟོག་པ་འགའ་ཡོང་སྟེ། ཁོང་དང་རོགས་པ་གཉིས་བཅས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་རེད།དབང་ཆེན་ལགས་ཀྱི་ཤུལ་དུ་ཨ་མ་ལགས་དང་སྤུན་མཆེད་བུ་མོ་གཉིས། དེ་བཞིན་སྤུན་མཆེད་བུ་གཅིག་རྒྱ་གར་ལྷོ་ཕྱོགས་སུ་ཡོད་འདུག ཁོང་གི་ཨ་ཅག་སྒྲོན་དཀར་ལགས་མགོ་ལོག་རྨ་སྟོད་རྫོང་ཆུ་སྔོན་ལུང་བ་ནས་ཡིན་པ་དང་། རང་ལོ་ ༡༨ ནས་ཡུལ་ཤུལ་དུ་ལོ་མང་རིང་བསྡད་ཡོད་པ་དང་། རྗེས་སུ་ཁོང་གི་སྤུན་མཆེད་མང་པོ་སེར་ཤུལ་ཁུལ་དུ་ཡོད་སྟབས། དེ་རུ་ཁང་པ་ཉོས་ནས་གཏན་སྡོད་བྱས་ཡོད་འདུག་ལ། མོའི་ཁྱོ་གའི་མིང་ལ་སྐར་ཚེ་ཟེར་བ་དང་། ཁོང་གཉིས་ལ་རང་ལོ་ ༡༦ ཡིན་པའི་བུ་མོ་སྒྲོལ་དཀར་ལྷ་མོ་དང་། རང་ལོ་ ༨ ཡིན་པའི་བུ་མོ་རིན་ཆེན་ལྷ་མོ་ཞེས་པ་ཞིག་ཡོད་འདུག

མཆན། སྤྱིར་བཏང་སྒྲོལ་དཀར་ལགས་དབང་ཆེན་གྱི་པ་ལགས་ཀྱི་སྲིང་མོ་ཡིན་པས་ཨ་ནེ་ཆགས་བསྡད་ཡོད་ཀྱང་། མོ་ཆུང་དུས་ནས་དབང་ཆེན་ཚང་ལ་སྤྲད་དེ། དབང་ཆེན་ཁོང་གཉིས་མཉམ་གཤིབ་བྱས་ནས་འཚར་ལོངས་བྱུང་བར་བརྟེན། དབང་ཆེན་ལགས་ཀྱིས་རྒྱུན་དུ་མོ་ལ་ཨ་ཅག་ཅེས་འབོད་ཀྱི་ཡོད་འདུག

འབྲེལ་ཡོད་གནས་ཚུལ།https://tibettimes.net/2019/04/30/177174/

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༤ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༦ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese