མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༡༩/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་རྒྱལ་ཁབ་ལཱ་ཊི་ཝིའི་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་འཚོག་བཞིན་པའི་ཐོག་༧གོང་ས་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཚོ་བོད་མིར་དགའ་མཁན་ཁོ་ན་ཞིག་མ་ཡིན་པར་དྲང་བདེན་ལ་དགའ་མཁན་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུང་འཕྲིན་བསྩལ་འདུགདེ་རིང་ནས་ཕྱི་ཚེས་ ༡༠ བར་ཡུ་རོབ་རྒྱལ་ཁབ་ལཱ་ཊི་ཝིའི་(Latvia)གྲོང་ཁྱེར་རི་གྷའི་(Riga)ནང་དུ། ལཱ་ཊི་ཝིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚན་པ་གཉིས་ཀྱི་གོ་སྒྲིག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཐུན་འགྱུར་འོག རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་འཚོག་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་བྷག་ཊིག་ཁུལ་གྱི་རྒྱལ་ཁབ་ལཱ་ཊི་ཝི་(Latvia)དང་ལའེ་ཐོ་ནེ་ཡ(Lithuania)། ཨི་སི་ཊོ་ནེ་ཞི་ཡ་(Estonia)བཅས་ཀྱི་གྲོས་ཚོགས་འཐུས་མི་དང་། ཨ་རི་དང་ཡུ་རོབ། ཨོ་སི་ཁྲོ་ལི་ཡ་སོགས་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ། དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་སོགས་ཁྱོན་མི་གྲངས་ ༡༠༠ ཡས་མས་འཛོམས་འདུགཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་གནང་སྐབས། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཚབ་གནང་སྟེ་འཚམས་འདྲི་ཞུས་པ་དང་སྦྲགས། འདས་པའི་ལོ་ངོ་ ༦༠ རིང་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་བློ་གཏོང་མང་པོ་བྱས་ཡོད་ཀྱང་། འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ལ་འགྱུར་བ་མ་བཏང་པར་སྔར་ལྷག་དམ་དྲག་བྱེད་བཞིན་ཡོད་སྟབས།  བོད་མིའི་སྒྲིག་འཛུགས་གཙོ་བོར་གྱུར་བའི་བོད་མི་ཚོས་བོད་ཀྱི་འཐབ་རྩོད་ཞི་འགྲིག་མ་ཡོང་བར་དུ་འཐབ་རྩོད་རྒྱུན་སྐྱོང་གནང་རྒྱུ་ཡིན་སྐོར་དང་། ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱེད་མགོ་བརྩམས་ཏེ། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་གཞུང་རྒྱ་གར་ནང་བཙན་བྱོལ་དུ་ཡོང་དགོས་བྱུང་བ་དང་། བོད་མི་ཚོ་བཙན་བྱོལ་དུ་གྱར་རྗེས་༧གོང་ས་མཆོག་ནས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་གཞིགས་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་གནང་མཛད་ཡོད་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་༧གོང་ས་མཆོག་གིས་བཏོན་པ་རེད་ཅེས་བོད་མི་རྣམས་སྲིད་བྱུས་དེའི་ཐོག་ཤར་སྐྱོད་བྱས་པ་ཞིག་མ་ཡིན་པར། བཙན་བྱོལ་བོད་མིའི་གྲོས་ཚོགས་ར་བའི་ནང་བཀའ་སྡུར་གནང་སྟེ་མོས་མཐུན་བྱུང་བ་ཞིག་རེད། ཅེས་དང་། ཕྱི་ལོ་ ༡༩༧༠ ནང་ཏིན་ཞོ་ཕིན་གྱིས་རང་བཙན་ཕུད་གནད་དོན་གང་ཡིན་ཡང་གྲོས་མོལ་བྱེད་ཆོག་གི་རེད་ཅེས་བརྗོད་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་མང་པོའི་གྲོས་ཚོགས་འཐུས་མི་དང་ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་བའི་གནད་ཡོད་མི་སྣ་མང་པོ་དང་། རྒྱ་རིགས་མཁས་དབང་སོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བཞིན་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ནང་ལའི་ཐོ་ནེ་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་ལ་འཕྲིན་ཡིག་ཅིག་བཏང་སྟེ། རྒྱ་ནག་གིས་བོད་ནང་དྲག་གནོན་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་ནང་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དང་། སྐད་ཡིག་རང་དབང་དང་སྨྲ་བརྗོད་རང་དབང་སོགས་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་སོགས་གསུངས་ཡོད་པ་རེད།ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེག་གྷ་ཝན་ (Jim McGovern)མཆོག་གིས་བརྙན་ལམ་བརྒྱུད།  ཨ་རིའི་གྲོས་ཚོགས་ཀྱི་ལས་དོན་གྱིས་ང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་མཉམ་ཞུགས་བྱེད་ཐུབ་མ་སོང་མོད། འོན་ཀྱང་། ཨ་རིའི་གྲོས་ཚོགས་འོག་མའི་ཊོམ་ལན་ཌོ་སི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ (Tom Lantos Human Rights Commission) དང་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཁང་གིས་ཁྱེད་ཚོའི་ཚོགས་འདུར་ཉན་བསྡད་ཡོད་ལ། ཚོགས་འདུའི་ཐོག་བོད་ཀྱི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་བསམ་ཚུལ་གསར་པ་ཇི་བྱུང་ཐད། ང་ཚོས་རྗེས་སུ་བསམ་ཚུལ་བརྗེ་རེས་བྱས་ཏེ་ལས་དོན་ཐོག་ལག་བསྟར་བྱེད་ཀྱི་ཡིན། ཞེས་གསུངས་འདུག

ཡང་ཨ་རིའི་གཞུང་ནས་༧གོང་ས་མཆོག་གི་དབུ་འཁྲིད་པའི་བོད་དོན་ལ་གང་ཐུབ་ཅི་ཐུབ་ཀྱིས་རྒྱབ་སྐྱོར་གནང་གི་ཡོད་སྐོར་ལ་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་འཛམ་གླིང་ཐོག་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐད་འབོད་སྐུལ་གནང་མཁན་གལ་ཆེན་ཞིག་ཆགས་ཡོད། ཁོང་གི་འབོད་སྐུལ་དེ་དག་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་པོ་ཞིག་ལ་སེམས་འགུལ་དང་དམིགས་དཔེ་ལྟ་བུ་ཆགས་ཡོད་པར་བརྟེན། ཐུན་མོང་གི་འབོད་སྐུལ་དེ་དག་ལ་ང་ཚོའི་ངོས་ནས་ཀྱང་འགན་ལེན་དགོས་ཀྱི་ཡོད། འགྲོ་བ་མིའི་ཀུན་ཁྱབ་ཀྱི་ཐོབ་ཐང་དང་གཏམ་བརྗོད་རང་དབང་། འདུ་འཛོམས་རང་དབང་། ཆོས་དད་རང་དབང་སོགས་བོད་ནང་འཕྲད་བཞིན་པའི་དཀའ་ངལ་འདི་དག་ལ་རྒྱལ་ཁབ་ཅིག་དང་གྲོས་ཚོགས་ཤིག ཡང་ན་ཚོགས་སྡེ་དང་མི་སྒེར་སུས་ཀྱང་སྟངས་འཛིན་བྱེད་པའི་ཐོབ་ཐང་མེད། ཨ་རིའི་གྲོས་ཚོགས་ངོས་ནས་ལོ་ངོ་  ༣༠ གོང་དུ་༧གོང་ས་མཆོག་གི་ཞི་བའི་དོན་ཚན་ ༥ ལ་རྒྱབ་སྐྱོར་གྱིས་བོད་ཀྱི་འཐབ་རྩོད་དེ་རྒྱལ་ཁབ་ཅིག་གི་འཐབ་རྩོད་ལ་ངོས་འཛིན་བྱས་ཏེ། བོད་ཀྱི་འཐབ་རྩོད་ཞི་འགྲིག་ཡོང་བར་འབད་བརྩོན་བྱས་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་གསེར་གྱི་གཟེངས་རྟགས་ཕུལ་བ་སོགས་ཨ་རིའི་ནང་ཐེངས་མང་གདན་འདྲེན་ཞུས་མྱོང་བ་རེད་ལ། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གཞིར་བཟུང་སྟེ། བོད་ཀྱི་སྲིད་བྱུས་(Tibet Policy Act)ལྟ་བུར་ཆ་བཞག་ན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྐྱབས་བཅོལ་བའི་བདེ་སྡུག་གཙོར་བཟུང་གིས་ཨ་རིའི་སྲིད་བྱུས་ནང་བོད་དེ་གལ་ཆེན་པོ་ཞིག་ལ་རྩིས་ཡོད། ཐག་རིང་པོར་འགྲོ་མ་དགོས་པའི་འདས་ལོར་ཨ་རིའི་གྲོས་ཚོགས་ཀྱིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་བྱུས་གཏན་འབེབ་བྱས་ཏེ། རྒྱ་ནག་གི་ལས་བྱེད་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པར་ངོས་འཛིན་དང་། ཨ་རིའི་ངོས་ནས་བོད་དོན་འཐབ་རྩོད་ཐད་མུ་མཐུད་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུ་ཡིན། ཞེས་སོགས་གསུངས་འདུགདེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བསྩལ་བའི་གསུང་འཕྲིན་ཞིག་བརྙན་ལམ་བརྒྱུད་གཟིགས་འབུལ་གནང་བའི་ནང་། ངོས་ནས་བོད་དོན་རྒྱབ་སྐྱོར་བ་ཚོ་བོད་མིར་དགའ་མཁན་ཁོ་ན་ཞིག་མ་ཡིན་པར་དྲང་བདེན་ལ་དགའ་མཁན་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། རྒྱུ་མཚན་ནི་ང་ཚོའི་བོད་ཀྱི་འཐབ་རྩོད་དེ་བདེན་པ་གཞིར་བཞག་པའི་ཐོག་བཟང་སྤྱོད་དང་ལྡན་པ་ཞིག་སྟེ། འཚེ་མེད་ཞི་བའི་ལྟ་གྲུབ་ཐོག་ཤར་སྐྱོད་བྱེད་ཀྱི་ཡོད་པས་ཡིན།  དེར་བརྟེན། རྒྱ་རིགས་མང་པོ་ཞིག་གིས་ཀྱང་བོད་མི་རིགས་ཀྱི་འཐབ་རྩོད་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་ལ་གོ་རྟོགས་ཟབ་མོ་ཡོད་པ་དང་།  དེ་རིང་གི་འདི་འདྲ་བའི་ཚོགས་ཆེན་རིགས་ཞེ་དྲགས་ཕན་ཐོགས་ཆེན་པོ་དང་ཡག་པོ་འདུག ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས། ངོས་ལ་ཆ་མཚོན་ན་ཕྱི་ལོ་ ༢༠༠༡ ལོ་ནས་ཆབ་སྲིད་ཀྱི་མགོ་འཁྲིད་ནས་ངལ་གསོས་ཏེ། ད་ལྟ་བོད་ཀྱི་ཆབ་སྲིད་ཀྱི་འགན་ཡོངས་རྫོགས་ཆབ་སྲིད་ཀྱི་མགོ་འཁྲིད་སྲིད་སྐྱོང་གིས་འཁུར་གྱི་ཡོད་པ་རེད། བོད་ཀྱི་འཐབ་རྩོད་ཐད་ངོས་ཀྱི་འགན་འཁུར་དང་པོ་དེ། ནམ་རྒྱུན་མི་མང་གིས་འབོད་ཀྱིན་པའི་འཛམ་གླིང་གི་ཡང་རྩེ་སྟེ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པ་དང་། རྒྱ་ནག་ནས་པཱ་ཀི་སི་ཐན་བར་ཨེ་ཤ་ཡའི་ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཚང་མ་བོད་ཡིན་པ་དང་། ངོས་ཀྱི་རྒྱ་རིགས་གྲོགས་པོ་ཞིག་གིས་བོད་དེ་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱས་པ་རེད། ཁོང་གིས་བོད་ཀྱི་ཁོར་ཡུག་གཏོར་བརླག་བཏང་བ་དེས་གོ་ལའི་ཚ་དྲོད་ཁྲོད་འཛམ་གླིང་གི་ལྷོ་དང་བྱང་གི་སྣེ་གཉིས་ལ་གཏོར་བརླག་བཏང་བ་ནང་བཞིན་གྱིས་ཤུགས་རྐྱེན་ཆེ་བར་བརྟེན། སྐྱེས་ཁམས་ཁོར་ཡུག་ཐོག་མཁས་དབང་ངོས་ཀྱི་རྒྱ་གར་བ་གྲོགས་པོ་འགས། བོད་ནི་ས་མཐོ་དང་གནམ་གཤིས་ཀྱི་ཆ་ནས་ཆར་ཆུ་མང་པོ་མེད་པའི་མཐོ་སྒང་ཞིག་ཡིན་སྟབས། ནམ་ཞིག་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཤོར་བ་ཡིན་ན་ལོ་ངོ་མང་པོའི་རིང་སླར་གསོ་ཡོང་རྒྱུ་ཁག་པོ་འདུག་པས། བོད་ཀྱི་ཁོར་ཡུག་ལ་དམིགས་བསལ་སྲུང་སྐྱོབ་དགོས་ཀྱི་འདུག་ཟེར། དེར་བརྟེན། ངོས་ཀྱི་དམིགས་ཡུལ་དང་པོ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ལ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད། གཉིས་པ་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། ད་ལྟ་ངོས་ནས་ཤེས་རྟོགས་བྱུང་བར་བོད་ཀྱི་སྐད་ཡིག་ནི་རྒྱ་གར་གྱི་གནའ་བོའི་རིག་གནས་ཏེ། སེམས་ཁམས་རིག་པ་དང་མཚན་ཉིད་རིག་པ། བྱེ་བྲག་ཏུ་ཀོན་ཊམ་རྣམ་གཞག་གི་ཚད་རྡུལ་སློབ་སྦྱོང་བྱེད་པའི་སྐད་ཡིག་ཡག་ཤོས་དེ་རེད་འདུག འཛམ་གླིང་གི་ནང་པའི་རྒྱལ་ཁབ་ཚོར་མཚོན་ན། བོད་ཀྱི་སྐད་ཡིག་ནི་གནའ་བོའི་རིག་གཞུང་འདི་དག་ཤེས་རྟོགས་ཐུབ་པར་གལ་ཆེན་པོ་ཆགས་ཡོད། རིག་གཞུང་འདི་དག་རྒྱལ་སྤྱི་རང་བཞིན་གྱི་རིག་གཞུང་ཞིག་ཆགས་བསྡད་ཡོད་དུས། བོད་ཀྱི་ཁོར་ཡུག་དང་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད་ལ། དེའི་རྒྱབ་ཏུ་བོད་དོན་རྒྱབ་སྐྱོར་བ་རྣམས་ནི་བོད་ཀྱི་འཐབ་རྩོད་ལ་གསོན་ཤུགས་སྤྲོད་མཁན་ཡིན་པས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རོགས། ཞེས་གསུངས་འདུགཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་མཆོག་གི་བརྙན་ལམ་གསུང་བཤད་ནང་། བོད་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པའི་སྐབས་འདིར། འཛམ་གླིང་གི་འགྲོ་བ་མི་ཡོངས་ཀྱི་ཐོབ་ཐང་སྲུང་སྐྱོབ་གཞིར་བཞག་ཐོག རྒྱལ་སྤྱིའི་མདུན་དུ་རྒྱ་ནག་གིས་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྤྲོད་ཀྱི་ཡོད་ཟེར་བའི་ཁས་ལེན་བྱས་པ་དེར་སྔར་ལྷག་གི་དམ་དྲག་འོག་གནས་ཡོད་པ་རེད། བོད་དོན་ལ་རྒྱབ་སྐྱོར་མཁོ་པ་ནི་དོན་དངོས་ཀྱི་གནས་སྟངས་ཤིག་ཆགས་ཡོད། ཞི་བདེ་ལ་དགའ་བའི་རྒྱལ་ཁབ་ཁག་དང་གྲོས་ཚོགས་འཐུས་མི་ཚོས། རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་དང་། བོད་ཀྱི་བུ་དང་བུ་མོ་ཚོའི་གཞི་རྩའི་ཐོབ་ཐང་འཕྲོག་རྒྱུ་མཚམས་འཇོག་བྱེད་པར་འབོད་སྐུལ་བྱེད་དགོས་ཀྱི་ཡོད། ཅེས་དང་། ཨ་རིའི་གྲོས་ཚོགས་ཀྱི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་བྱུས་གཏན་འབེབ་བྱས་ཡོད་པ་ལྟར།  བོད་ནང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་ཏེ་བོད་མི་ཚོས་ཆོས་ལུགས་བྱེད་སྒོ་སྤེལ་མི་ཆོག་པ་དང་། སྨྲ་བརྗོད་རང་དབང་བཀག་འགོག་བྱེད་ཀྱི་ཡོད་པའི་ནག་ཉེས་རྣམས་རྒྱ་ནག་གཞུང་གི་མགོ་མཁྲིད་ཚོས་འཁུར་དགོས་ཀྱི་ཡོད་པར་ངོས་འཛིན་གནང་གི་ཡོད་སྐོར་སོགས་གསུངས་འདུགསྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་བྱུས་གཏན་འབེབ་གནང་པར་རྗེས་སུ་ཡི་རངས་དང་འབྲེལ། འདི་ལོར་ང་ཚོས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་གཙི་ཞུས་པ་ཡིན། འདས་ལོར་ང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་གྱར་ནས་ལོ་ངོ་  ༦༠ འཁོར་བའི་དུས་དྲན་སྔ་ནུར་གྱིས་སྲུང་གཙི་ཞུས་པ་རེད། འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་གཞུང་གིས་ང་ཚོར་ཁྱད་གསོད་དང་དྲག་གནོད། གཏོར་བརླག་དང་དབྱེ་འབྱེད་སོགས་གང་ཐུབ་བྱས་ཡོད་ཀྱང་། ང་ཚོ་བོད་དེ་ད་ལྟ་བརྟན་པོ་གནས་ཐུབ་ཡོད་པ་འདི་ནི་ཕྱོགས་གཅིག་ནས་བོད་མི་ཚོས་འཐབ་རྩོད་རྒྱུན་སྐྱོང་བྱེད་ཐུབ་ཡོད་པ་དང་། གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་འཁྲིད་ལམ་སྟོན་དང་། དམིགས་བསལ་ང་ཚོར་ཁྱེད་ཚོ་ལྟ་བུའི་གྲོགས་པོ་མང་པོ་ཡོད་སྟབས། བོད་ཀྱི་འཐབ་རྩོད་རྒྱུན་གནས་བྱེད་ཐུབ་ཡོད་པ་རེད། འདས་ལོ་ནི་འཛམ་གླིང་ཡུལ་གྲུ་གང་སར་བོད་པར་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་ཚོགས་པ། དེ་བཞིན། མི་སྒེར་བཅས་ལ་ཐུགས་རྗེ་ཆེ་ཞེས་བཀའ་དྲིན་རྗེས་དྲན་གྱི་ལོ་ཞིག་ཆགས་ཡོད་སྟབས།  དེ་རིང་འདིར་ཐུགས་རྗེ་ཆེ་ཞུ་ཐུབ་མེད་པའི་གཞུང་དང་ཚོགས་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ནི་དེ་སྔོན་བོད་ལ་ཇི་ལྟར་བཙན་འཛུལ་བྱེད་སྐབས་ཀྱི་སྲིད་བྱུས་དང་གཅིག་མཚུངས་ཡིན་སྐོར་སྲིད་སྐྱོང་མཆོག་གིས།  ཉེ་སྔོན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོགས་ཆེན་དེ་པེ་ཅིན་དུ་ཚོགས་པ་རེད། ཚོགས་འདུའི་ཐོག་འཛམ་གླིང་རྒྱལ་ཁབ་ ༣༠ ཙམ་གྱི་མགོ་འཁྲིད་མཉམ་ཞུགས་གནང་ཡོད་འདུག རྒྱུད་གཅིག་ལམ་གཅིག་གི་གནད་དོན་དེ་བྷག་ཊིལ་ཁུལ་གྱི་རྒྱལ་ཁབ་ཁག་དང་། ཡུ་རོབ་སོགས་འཛམ་གླིང་ཁྱོན་ཡོངས་ཀྱི་གནད་དོན་ཞིག་ཆགས་བསྡད་ཡོད་པ་རེད། གནད་དོན་འདི་ལ་ང་ཚོ་རྒྱུས་མངའ་ཡག་པོ་ཡོད། རྒྱུ་མཚན་ནི་རྒྱ་ནག་གི་དམག་མི་ཐོག་མར་བོད་ནང་ཡོང་སྐབས། ཁོ་ཚོས་བོད་ནང་ལམ་ཁ་བཟོས་ཏེ་བོད་དང་རྒྱ་ནག་གཉིས་མཐུད་པ་བརྒྱུད་གནམ་ཐང་གཅིག་བཟོས་པ་ཡིན་ན་བོད་ནང་ཧ་ཅང་ཡར་རྒྱས་འགྲོ་རྒྱུ་ཡིན་པའི་ཁས་ལེན་བྱས་པ་རེད། རྒྱུད་གཅིག་ལམ་གཅིག་ཟེར་བའང་དེ་བཞིན་རེད། རྒྱ་ནག་གིས་མེ་འཁོར་ལྕགས་ལམ་བཟོ་བ་དང་། ལམ་ཁ་བཟོ་བ། གནམ་ཐང་རྒྱག་པ་སོགས་བྱས་ཏེ། ཡུ་རོབ་རྒྱལ་ཁབ་ཁག་དང་འཛམ་གླིང་སྤྱིའི་ནང་ཕུན་སུམ་ཚོགས་པའི་ཡར་རྒྱས་འཁྱེར་ཡོང་གི་ཡོད་ཟེར་གྱི་ཡོད། ང་ཚོས་ཐོག་མར་ཁས་ལེན་དེ་ལ་ཡིད་ཆེས་བྱས་ཏེ་ལམ་ཁ་བཟོ་རོགས་བྱས་པ་དང་། ལམ་ཁ་བཟོ་སྐབས་རྒྱ་ནག་གིས་བོད་མི་ཚོར་དངུལ་གྱི་གླ་ཆ་སྤྲད་པ་རེད། སྐབས་དེར་བོད་མི་ཚོས་རྒྱ་ནག་དམར་ཤོག་ཚོགས་པས་བོད་མིར་ཕ་མ་ནང་བཞིན་བྱམས་སྐྱོང་སྤྲོད་ཀྱི་འདུག ཁོ་ཚོས་ང་ཚོར་དངུལ་གྱི་ཆར་བ་གཏོང་གི་འདུག ཅེས་བསྟོད་གླུ་བླངས་པ་རེད། ལམ་ཁ་བཟོས་ཚར་བ་དང་རྒྱ་ནག་གི་དམག་མི་དང་མེ་མདའ། མེ་སྒྱོགས་སོགས་ཆ་ཚང་བོད་ནང་བསླེབས་ཏེ་ང་ཚོའི་རྒྱལ་ཁབ་བཙན་གྱིས་འཕྲོག་པ་རེད། དེ་ནས་རིམ་བཞིན་དོལ་སྐྱེལ་རླངས་འཁོར་སོགས་ཡོང་སྟེ། བོད་ཀྱི་ནགས་ཚལ་དང་རང་བྱུང་ཐོན་ཁུངས་སོགས་སྔོག་འདོན་གྱིས་ད་ལྟ་མུ་མཐུད་སྔོག་འདོན་བྱེད་བཞིན་ཡོད་པ་རེད། ཅེས་སོགས་གསུངས་ཡོད་པ་རེད།གཞན་ཡང་། ཐེངས་འདིའི་ཚོགས་ཆེན་དང་བསྟུན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བྷོ་སི་ཝ་ནའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨན་ཁཱ་མཱ་(Seretse Khama Ian Khama)མཆོག་གི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་གནང་བའི་ནང་། བོད་ལ་དཀའ་རྙོག་ཆེ་བའི་ལོ་རྒྱུས་ཀྱི་བྱུང་རབས་ཡོད་ནའང་། ལོ་རྒྱུས་ཀྱི་བྱུང་རིམ་ཁྲོད་རང་དབང་རང་བཙན་གཙང་མའི་ངོ་བོར་གནས་ཡོད་པ་དང་། ཕྱི་ལོ་ ༡༩༥༠ ལོ་ནས་རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་བྱས་པ་དང་བོད་ནང་དགོན་སྡེ་མང་ཆེ་ཤོས་གཏོར་བཤིག་བཏང་བ་དང་། དེ་བཞིན་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་འོག་བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་སྐོར་དང་། འདས་པའི་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༦ ཚོགས་ཟིན་པ་དང་། ཐོག་མ་དེ་ཕྱི་ལོ་༡༩༩༤ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་ཡོད་པ་དང་། དེའི་རྗེས་ཕྱི་ལོ་ ༡༩༩༥ ལོར་ལའེ་ཐོ་ནཱེའི་ (Lithuania) རྒྱལ་ས་ཝཱལ་ནཱོ་སི་ (Vilnius )ནང་ཚོགས། ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ (Washington) དུ་ཚོགས་ཡོད་པ་དང་།  ཕྱི་ལོ་ ༢༠༠༥ ལོར་སི་ཀོཊ་ལན་ཌིའི་ (Scotland) རྒྱལ་ས་ཨི་དེན་བྷག་ (Edinburg) ཏུ་ཚོགས།  ཕྱི་ལོ་ ༢༠༠༩ ལོར་ཨེ་ཊི་ལིའི་རྒྱལ་ས་རོམ་ (Rome) དང་།  ཚོགས་ཆེན་ཐེངས་དྲུག་པ་དེ་ཕྱི་ལོ་ ༢༠༡༢ ལོར་ཁ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝ་ (Ottawa) ནང་ཚོགས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་སྔ་ལྷོ་ཨ་ཧྥེ་རི་ཁའི་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་ཞལ་གཅིག་གྲགས་ཐོག་ནས་ངོ་རྒོལ་སྐྱོན་བརྗོད་གནང་ཡོད་པ་ལྟར། ཐེངས་འདིར་གོ་སྐབས་དང་བསྟུན་བོད་མིའི་སྒྲིག་འཛུགས་དང་བོད་མིའི་མངོན་འདོད་བསྒྲུབ་ཆེད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་དགོས་སྐོར་སོགས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༥ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༦ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམའ་ says:
    ལོ་ 7 སྔོན།

    རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་
    ཐོག་ཕེབས་པའི་ཚོགས་མི་ཚང་མར་བཀྲིས་བདེ་ལེགས་ཞུ་གི་ཡོད་
    ལ་ཁྱེད་རྣམ་པས་བོད་ཀྱི་དཀའ་སྡུག་ལ་ཤོག་སྟེང་གྲོས་ཆོད་ཙམ་མ་
    ཡིན་པ་ཁ་ཡོད་ལག་ཡོད་དུས་ལ་སྨིན་པ་དང་གནད་ལ་འཁེལ་བའི་རྒྱབ་སྐྱོར་གནང་རྒྱུ་དེ་ཕྱི་
    མ་དྲགས་ན་སྔ་མེད་པའི་གསལ་འདེབས་ཞུ་འདོད་བྱུང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese