མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཱ་ཀི་སི་ཐན་གྱི་སྲིད་བློན་གྱིས་མུ་དྷི་ལ་རེ་སྐུལ་གནང་།  

བོད་ཀྱི་དུས་བབ།
༢༠༡༩/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་མཆོག་གིས་ཡང་བསྐྱར་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་ཡིག་འབྲེལ་གནང་སྟེ་རྒྱལ་ཁབ་གཉིས་བར་ཞི་འགྲིག་ཡོང་སླད་གྲོས་མོལ་བྱེད་འདོད་ཡོད་སྐོར་ཞུས་འདུག

ཁ་སང་ཕྱི་ཚེས་ ༧ ཉིན། པཱ་ཀི་སི་ཐན་གྱི་(Geo TV)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་(Imran Khan)མཆོག་གིས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་འཕྲིན་ཡིག་ཅིག་བསྐུར་ཏེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་གཙོའི་ཀ་ཤི་མིར་གྱི་གནད་དོན་སོགས་ཀྱི་ཐད་གྲོས་མོལ་གྱིས་ཞི་འགྲིག་ཡོང་འདོད་ཡོད་སྐོར་བརྗོད་ཡོད་འདུག་ལ། ཐེངས་འདིར་པཱ་ཀི་སི་ཐན་སྲིད་བློན་མཆོག་གིས་གྲོས་མོལ་གནང་ཐབས་ཀྱི་རེ་སྐུལ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

སྲིད་བློན་ཨིམ་རན་ཁན་གྱི་འཕྲིན་ཡིག་ནང་། སྲིད་བློན་མུ་དྷི་མཆོག་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་སྟེ་ཐེངས་གཉིས་པའི་སྲིད་བློན་གྱི་དམ་འབུལ་གནང་བར་རྟེན་འབྲེལ་ཞུས་ཡོད་པ་དང་སྦྲགས། ཕྱོགས་གཉིས་ཀྱིས་གྲོས་མོལ་གནང་བ་བརྒྱུད་གནད་དོན་སེལ་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ཡིན་པ་དང་། ཕྱོགས་གཉིས་ཀྱི་ས་ཁུལ་ཡར་རྒྱས་དང་མི་མང་དབུལ་ཕོངས་ལས་ཐར་བའི་ཐབས་ལམ་གཙོ་བོ་སྟེ་མཉམ་ལས་བྱ་རྒྱུ་གལ་ཆེན་ཡིན་པ་དང་། པཱ་ཀི་སི་ཐན་ཕྱོགས་ནས་ཀ་ཤི་མིར་གནད་དོན་གཙོའི་དཀའ་རྙོག་ཚང་མ་སེལ་འདོད་ཡོད་སྐོར་བརྗོད་ཡོད་འདུ

དེའི་སྐོར་ལ་རྒྱ་གར་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཐེངས་འདིར་སྲིད་བློན་ཨིམ་རན་ཁཱན་མཆོག་གིས་མུ་དྷི་གཞུང་ལ་ཀ་པི་སི་ཐན་ཕྱོགས་ནས་དཀའ་རྙོག་རིགས་སེལ་འདོད་ཡོད་སྐོར་བརྗོད་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། ཐེངས་དང་པོ་དེ་ཁོང་པཱ་ཀི་སི་ཐཱན་གྱི་སྲིད་བློན་དུ་བདམས་རྗེས་རྒྱ་གར་དང་མཉམ་ལས་བྱ་འདོད་ཡོད་པ་མ་ཟད། རྒྱ་གར་ཕྱོགས་ནས་བཟང་ཕྱོགས་སུ་གོམ་གང་སྤོས་པ་ཡིན་ན། པཱ་ཀི་སི་ཐན་ཕྱོགས་ནས་གོམ་པ་གཉིས་སྤོ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་ན་ཡང་། ད་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་གར་ཀ་ཤི་མིར་ནང་པཱ་ཀི་སི་ཐན་གྱི་འཇིགས་སྐུལ་བས་གཏོར་རྒོལ་བྱས་རྗེས། ཕྱོགས་གཉིས་བར་མཁའ་དམག་གིས་འཇབ་རྒོལ་དང་ང་ཤི་ཁྱོད་གསོན་གྱི་གདོང་ཐུག་བྱུང་རྐྱེན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཕྱིན་ཡོད་སྐོར་བརྗོད་འདུག

སྐབས་དེར་པཱ་ཀི་སི་ཐན་རྗེ་ཨི་ཨེམ་འཇིགས་སྐུལ་དྲག་སྤྱོད་པས་རྒྱ་གར་གྱི་ཉེན་རྟོག་དམག་མི་ ༤༠ ལྷག་རྐྱེན་འདས་སུ་བཏང་ཡོད་པའི་གནས་ཚུལ་ཐོན་རྗེས། ཕྱོགས་གཉིས་ཀྱི་སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེན་པོ་བྱུང་ཡོད་པ་མ་ཟད། རྒྱལ་སྤྱིའི་སྟེང་སྔ་ཕྱི་མ་གཏོགས་རྒྱ་གར་གཞུང་གིས་པཱ་ཀི་སི་ཐན་ལ་དྲག་རྒོལ་བྱ་རྒྱུ་ཡིན་པ་གཏན་འཁེལ་བྱས་ཡོད་པ་དང་། གནད་དོན་དེའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་པཱ་ཀི་སི་ཐན་ལ་སྐྱོན་བརྗོད་དང་རྒྱ་གར་མཉམ་དུ་འཇིགས་སྐུལ་བའི་དོན་རྐྱེན་ལ་མཉམ་ལས་བྱ་དགོས་པའི་སྐུལ་སློང་དང་། པཱ་ཀི་སི་ཐཱན་ངོས་ནས་འཇབ་རྒོལ་སྐབས་འཛིན་བཟུང་བྱས་པའི་རྒྱ་གར་མཁའ་དམག་འཇབ་རྒོལ་བ་ཕྱོགས་གཉིས་ཀྱི་མཐུན་ལམ་ཆེད་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། དྲག་རྒོལ་དོན་རྐྱེན་བྱུང་སྐབས་སོ་ཌི་རྒྱལ་ཁབ་ཀྱི་རྒྱལ་སྲས་མོ་ཧཱ་མཌ་བྷིན་སཱལ་མཱན་(Mohammad Bin Salman) གྱིས་རྒྱ་གར་དང་པཱ་ཀི་སི་ཐན་ནང་སྐོར་སྐྱོད་བྱེད་བཞིན་པའི་སྐབས་དང་འཁེལ་ཡོད་པར་བརྟེན། ད་བར་རྒོལ་ལན་སློག་མེད་པར་གནས་སྐབས་ཞི་འགྲིག་ཡོང་ཐབས་བྱས་ཡོད་པ་རེད།

རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིར་སྲིད་བློན་གཉིས་བར་གྲོས་མོལ་ཡོང་བའི་གནད་དོན་གཅིག་ནི། ཉེ་སྔོན་རྒྱ་གར་གཞུང་གིས་ཟླ་འདིའི་ནང་ཀེར་རྗེ་སི་ཐན་(Kyrgyzstan)སྤྱི་མཐུན་རྒྱལ་ཁབ་ནང་ཚོགས་ལ་ཉེ་བའི་ཧྲང་ཧེ་མཉམ་འབྲེལ་ཚོང་ལས་ཚོགས་འདུའི(SCO)སྐབས་མུ་དྷི་མཆོག་དང་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གཉིས་ཐུག་འཕྲད་བྱ་རྒྱུ་ཡིན་པ་ལས། པཱ་ཀི་སི་ཐན་གྱི་སྲིད་བློན་དང་ཐུག་འཕྲད་བྱ་རྒྱུ་མིན་སྐོར་བརྗོད་ཡོད་པའི་རྐྱེན་ཡིན་པ་དང་། ཕྱོགས་གཅིག་ནས་མུ་དྷི་གཞུང་གིས་ཉེ་བའི་ལོ་ཤས་ནས་པཱ་ཀི་སི་ཐཱན་དང་རྣོ་ངར་ལྡན་པའི་གདོང་ཐུག་ཁག་ཅིག་ལ་བརྟེན་ནས། སྲིད་བློན་མུ་དྷི་མཆོག་བསྐྱར་དུ་སྲིད་བློན་ཆགས་པ་སོགས་ཀྱིས་པཱ་ཀི་སི་ཐན་ཕྱོགས་ནས་སྔོན་ཚུད་ནས་ཞི་འགྲིག་ཡོང་ཐབས་ཀྱི་གྲ་སྒྲིག་ལྟ་བུ་ཡིན་སྐོར་བརྗོད་འདུག

རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ནི་ཡུན་རིང་རྡུལ་ཕྲན་མཚོན་ཆའི་འཇིགས་སྐུལ་དང་དྲག་དམག་གི་གདོང་ཐུག་བྱུང་མྱོང་བའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཡིན་པ་དང་། རྒྱ་གར་དང་པཱ་ཀི་སི་ཐན་བར་ཕྱི་ལོ་ ༡༩༤༧ དང་། ༡༩༦༥། ༡༩༧༡། ༡༩༩༩ བཅས་ལ་དམག་འཁྲུག་ཆེན་མོ་ཐེངས་བཞི་བརྒྱབས་ཡོད་པ་དང་།  འདི་ལོའི་རྒྱལ་སྤྱིའི་དམག་གི་འཐབ་ཇུས་ལྟེ་གནས་ཁང་(International Institute for Strategic Studies) གིས་བཏོན་པའི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༨ ལོའི་རྒྱ་གར་གྱི་དམག་གི་འགྲོ་གྲོན་དེ་ཨ་སྒོར་ཐེར་འབུམ་ ༥༨ ཡིན་འདུག་པ་དང་། པཱ་ཀི་སི་ཐན་གྱི་དམག་གི་འགྲོ་གྲོན་དེ་ཨ་སྒོར་ཐེར་འབུམ་ ༡༡ དང་། རྒྱ་གར་ལ་དམག་མི་ས་ཡ་ ༡།༢ དང་། མེ་སྒྱོགས་ ༣༥༦༥ ལས་མང་བ། འཐབ་འཁྲུག་རླངས་འཁོར་ ༣,༡༠༠ དང་། དམག་མི་དབོར་འདྲེན་རླངས་འཁོར་ ༣༣༦། དེ་བཞིན་རྒྱང་ཚད་རིང་བའི་མེ་སྒྱོགས་ ༩༧༡༩ (Artillery)ལྷག་ཡོད་འདུག ཡིན་ན་ཡང་། པཱ་ཀི་སི་ཐན་ལ་དམག་མི་ ༥,༦༠,༠༠༠ དང་། མེ་སྒྱོགས་ ༢,༤༩༦། དམག་མི་དབོར་འདྲེན་རླངས་འཁོར་ ༡,༦༠༥ ། རྒྱང་ཚད་རིང་པོར་སྙོབ་ཐུབ་པའི་མེ་མདའ་ ༤,༤༧༢ དང་། རང་འགུལ་མེ་སྒྱོགས་ ༣༧༥ (Self-propelled howitzer)ལྷག་ཡོད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༦ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༨ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 4

  1. kalsang dawa says:
    ལོ་ 7 སྔོན།

    ༄།ཏྲེ་ཞོགས་རླུང་ལགས་ཀྱི་གསར་འགྱུར་ཞིབ་ཕྲ་གློག་འདུག་དམག་འཁྲུག་སྐབས་ཁྱོད་ཤི་ང་གསོན་གྱི་གདོང་ཐུག་ཟེར་་བ་ལས་ང་ཤི་ཁྱོད་གསོན་མི་ཟེེར།གསར་འགོད་པས་འབྲི་ནོར་ཤོར་བ་དང་གློག་པ་པོའི་སྙམ་པར་མ་བཞག་པ་གཉིས་ཀས་ངེས་ལེན་པ་ངོ་ཚ་དགོས་དོན་མེད།

    Reply
  2. kalsang dawa says:
    ལོ་ 7 སྔོན།

    ༄།དམག་འཁྲུག་དང་འཇིག་སྐུལ་ཅི་ཙམ་བྱས་ཀྱང་མཐའ་མ་བབས་ས་ནི་གྲོས་མོལ་གྱི་ལམ་ནས་ཞི་འགྲིག་ལ་མ་བརྟེན་ཐབས་མེད་ཡིན་པས་རྒྱལ་ཁབ་དང་་་མི་རིགས་་་ཚོགས་པ་་་སྒེར་བཅས་ཀྱི་འཐབ་རྩོད་ཆེ་ཆུང་གང་ཞིག་ཡིན་ཀྱང་ཞི་བ་དང་གྲོས་མོལ་གྱི་ལམ་འདི་གཏན་ནས་དོར་མི་རུང་བ་ཡིད་འཇག་འཚལ།

    Reply
  3. ཏྲེ་ཞོགས་རླུང་། says:
    ལོ་ 7 སྔོན།

    དམག་འཁྲུག་ལ་ང་ཤི་ཁྱོད་གསོན་གྱི་བསམ་བློ་ཞིག་དང་ཡོད་རྒྱུ་མ་རེད་པ།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    ཡུལ་པ་ཁྱིམ་ཚེས་དགྲ་ལ་རྒྱུར་མི་ཉན།
    ཐག་རིང་རྒྱལ་ཁབ་གཉེན་ལ་འགུག་པ་ལས།
    ཁྱིམ་ཚེས་རྒྱལ་ཁབ་གྲོགས་ལ་བཀུག་ན་བཟང།
    རི་མགོ་འཐོན་པོའི་དགུན་ཁའི་ཉི་མ་དེ།
    དྲོ་རོགས་མེད་པའི་གྲང་རོགས་རེད།
    ས་ཐག་འགྱངས་བའི་བྱམས་པ་དེ།
    དགའ་རོགས་མེད་པ་སྡུག་རོགས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese