མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་མི་མང་གིས་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་བྱས།

བོད་ཀྱི་དུས་བབ།
༢༠༡༩/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་གཞུང་གིས་རྒྱ་ནག་གཞུང་དང་ལྷན་དུ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་བཏོན་པར་མི་མང་ཁྲི་ཕྲག་འགས་ངོ་རྒོལ་ཤུགས་ཆེན་བྱས་འདུགཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པ་སྔ་བོར་ཀོང་ཧོང་གི་ཞི་རྒོལ་བ་རྣམས་ཁྲིམས་བཟོ་ལྷན་ཁང་ནང་འཛུལ་ཐབས་བྱེད་སྐབས། ས་གནས་ཉེན་རྟོག་པས་ལས་འགུལ་བར་དབྱུག་པས་གཞུས་པ་དང་རླངས་རྫས་(Pepper Spray) གཏོར་ཡོད་པ་དང་། ལས་འགུལ་བ་རྣམས་ཀྱིས་འགྱིག་གི་དམ་བུ་དང་མདུན་ཐང་དུ་ཡོད་པའི་ལྕགས་ཀྱི་ར་བ་གཏོར་ཏེ་ཕྱོགས་གཉིས་བར་འཁྲུག་འཛིང་ཤོར་ཏེ།  ཉེན་རྟོག་པ་དང་ལས་འགུལ་བ་ཉུང་ཤས་ཤིག་ལ་རྨས་སྐྱོན་བྱུང་ཡོད་འདུག

ཁ་སང་ཕྱི་ཚེས་ ༩ ཡི་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག ཧོང་ཀོང་ནང་གི་དམངས་གཙོ་དོན་གཉེར་བའི་ཚོགས་པ་འགའ་ལས་གྲུབ་པའི་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ (Civil Human Rights Front) གོ་སྒྲིག་འོག ཧོང་ཀོང་བ་ཁྲི་ཕྲག་འགས་ཝིག་ཊོ་རི་ཡ་སྤྱི་གླིང་ (Victoria Park) ནས་ཁྲིམས་བཟོ་ལྷན་ཁང་གི་མདུན་ཐང་བར་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། ས་གནས་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་(Extradition Law) ལག་བསྟར་བྱེད་པར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། ཧོང་ཀོང་གཞུང་གི་མགྲིན་ཚབ་པས་ཧོང་ཀོང་འདི་བདེ་འཇགས་ལྡན་པའི་གྲོང་ཁྱེར་ཞིག་ཏུ་འགྱུར་ཆེད། ཁྲིམས་བཟོ་ལྷན་ཁང་གི་ངོས་ནས་རྒྱུ་མཚན་དང་བརྩི་བཀུར་ཡོད་པའི་ཐོག་ནས་ཁྲིམས་དེར་རྟོག་ཞིབ་བྱ་རྒྱུའི་རེ་སྐུལ་ཞུས་ཡོད་སྐོར་གྱི་གསལ་བསྒྲགས་བྱས་ཡོད་ཀྱང་། དེ་རིང་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་མགོ་འཁྲིད་ལྕམ་ཁེ་རི་ལེམ་ (Carrie Lam) གྱིས། ཧོང་ཀོང་གཞུང་ངོས་ནས་འགན་འཁྲི་ཡོད་པའི་ཐོག་ནས་ཁྲིམས་ཀྱི་སྟོང་ཆ་སྐོང་ཐབས་བྱེད་ཀྱི་ཡོད་པ་མ་ཟད། གཞུང་ངོས་ནས་ཤེས་རྟོགས་དང་ཁས་ལེན་གཙང་མའི་ཐོག་ནས་དེ་ལྟར་བྱེད་ཀྱི་ཡོད་སྐོར་གྱི་གསལ་བསྒྲགས་བྱས་ཏེ། སྔར་བཞིན་ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོད་པ་བསྟན་ཡོད་འདུག

ཁ་སང་རྒྱ་ནག་གི་གཞུང་འབྲེལ་ཀྲུང་གོའི་ཉིན་རེའི་ཚགས་ཤོག་ཅེས་པའི་ཐོག་ཧོང་ཀོང་ནང་གི་གནས་ཚུལ་བཀོད་པའི་ནང་། ཕྱིའི་སྟོབས་ཤུགས་ཀྱིས་ཧོང་ཀོང་ནང་ཟིང་འཁྲུག་བསླངས་ཏེ་རྒྱ་ནག་ལ་གནོད་སྐྱོན་གཏོང་གི་ཡོད་པ་དང་། བསམ་བློ་གུ་ཡངས་ཅན་ཞིག་གིས་ཁྲིམས་འཆར་དེས་ཧོང་ཀོང་གི་ཁྲིམས་ཀྱི་དབང་སྒྱུར་དང་དྲང་བདེན་བརྩི་སྲུང་གི་ཆེད་དུ་ཚད་ལྡན་དང་རྒྱུ་མཚན་ལྡན་པ་ཞིག་ཏུ་མཐོང་ངེས་པ་རེད་སོགས་བརྗོད་ཡོད་འདུག

ད་ལན་གྱི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་གོ་སྒྲིག་པས་ད་ལན་གྱི་ལས་འགུལ་ནང་ཁྱོན་མི་གྲངས་ས་ཡ་ ༡།༣ ལྷག་འཛོམས་ཡོད་སྐོར་བརྗོད་ཡོད་པ་དེ་དོན་དངོས་ཡིན་ཚེ། དེ་ནི་ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་རྗེས་ཀྱི་མི་མང་རང་བཞིན་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་པ་རེད། ཡིན་ནའང་། ས་གནས་ཉེན་རྟོག་པས་ཁ་སང་དུས་གཅིག་ལ་ཆེས་མང་ན་ཡང་མི་གྲངས་འབུམ་ ༢།༧ མ་གཏོགས་འཛོམས་མེད་སྐོར་བརྗོད་ཡོད་འདུགརྔམ་

སྟོན་ཁྲོམ་སྐོར་སྐབས་“ཁྲིམས་འཆར་སྡུག་པོ་དེ་ཕྱིར་འཐེན་བྱེད་དགོས་” ཞེས་དང་། “རྒྱ་ནག་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་ལ་ངོ་རྒོལ་ཡོད།” ད་དུང་ “ཁེ་རི་ལེམ་གོ་གནས་ནས་མར་འབབ་རོགས།” ཞེས་པ་སོགས་ཀྱི་འབོད་ཚིག་བསྒྲགས་པའི་འཕྲེད་དར་ཁྱེར་ཡོད་པ་དང་། ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་སློབ་ཆེན་སློབ་མ་ཀཱ་རེན་ཁྲན་ (Karen Chan) ཞེས་པ་ཞིག་གིས་གསར་འགོད་པར། ངས་ཧོང་ཀོང་གཞུང་གི་བསམ་བློར་འགྱུར་བ་ཐེབས་རྒྱུ་ཁག་པོ་ཡིན་པ་ཤེས་ཀྱི་ཡོད་ཀྱང་། གསར་འགྱུར་བརྒྱུད་ལམ་གྱི་སྟོབས་ཤུགས་བརྒྱུད་དེ་རིང་གི་ངོ་རྒོལ་ལས་འགུལ་འདིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བློ་འཚབ་སྐྱེ་རུ་འཇུག་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་པ་དང་། ཡང་འབྲིང་རིམ་སློབ་གྲྭའི་དགེ་རྒན་གྷེ་རི་ཁྲིའུ་ (Gary Chiu) ཞེས་པ་ཞིག་གིས། ཧོང་ཀོང་འདི་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་སྲིད་གཞུང་དང་རང་དབང་ཅན་གྱི་འཛམ་གླིང་གཉིས་དབར་གྱི་གཡུལ་སར་འགྱུར་བཞིན་འདུག གཅིག་གཉའ་གནོན་འོག་ཡོད་ཚེ། ཚང་མར་རང་དབང་མེད་པ་དྲན་དགོས། དེར་བརྟེན་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་། ཨ་རིའི་གཞུང་། དེ་བཞིན་ཡུ་རོབ་བཅས་ཀྱིས་ཧོང་ཀོང་དང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་འདུག

དེ་རིང་ཨལ་ཇེ་ཛི་ར་གསར་ཁང་ (Aljazeera) གིས་གནས་ཚུལ་སྤེལ་བ་ལྟར་ན། ལྕམ་ཁེ་རི་ལེམ་གྱིས་གསར་འགོད་པར། ཁྲིམས་འཆར་འདི་ནི་དྲང་བདེན་སྲུང་སྐྱོབ་བྱེད་པའི་ཁྲིམས་གལ་ཆེན་ཞིག་དང་། ཧོང་ཀོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཁྲི་པའི་ཉེས་ཅན་རྩིས་སྤྲོད་ཀྱི་འཁུར་ལེན་གྱི་ཡོད་པ་མཚོན་གྱི་ཡོད། ཅེས་དང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཁྲིམས་འཆར་དེར་ཉན་ཞིབ་ཐེངས་གཉིས་པ་དེ་འཚོག་གཏན་འཁེལ་ཡོད། ང་དང་ངའི་ལས་རོགས་རྣམ་པས་ཁྲིམས་འཆར་དེའི་ཐད་ཀྱི་བསམ་ཚུལ་ཚང་མར་དོ་སྣང་བྱས་ཡོད་། སྔར་བཞིན་ཁྲིམས་འཆར་དེ་ཕྱིར་འཐེན་བྱ་རྒྱུ་མིན་ལུགས་བརྗོད་ཡོད་འདུག

གཞན་ཡང་། ཁ་སང་གཟའ་ཉི་མའི་ཉིན་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁོ་ཝར་(Vancouver)གྱི་ནང་། རྒྱ་རིགས་བརྒྱ་ཕྲག་མང་པོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་ལས་འགུལ་བའི་ཁྲོད་དུ་ཁྲིམས་འཆར་དེ་ཕྱིར་འཐེན་ཡོང་རྒྱུའི་རེ་བ་བྱེད་མཁན་མང་པོ་མེད་ཀྱང་།

ཕལ་ཆེ་བས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་རྒྱུ་གཙིགས་ཆེར་བརྩིས་ཏེ་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་མ་ཟད། འགའ་ཤས་ཀྱིས་རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ལ་རང་གི་འབོད་སྒྲ་སྦྱིན་རྒྱུའི་བློ་སྟོབས་མེད་པ་དང་། རང་དབང་སྲུང་སྐྱོབ་བྱེད་རྒྱུ་དེ་ཧོང་ཀོང་བའི་ཟུངས་ཁྲག་ནང་ཡོད་སྐོར་སོགས་བརྗོད་ཡོད་འདུག

སྤྱིར་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་འདི་ལོའི་ཕྱི་ཟླ་ ༢ པའི་ནང་ལྕམ་ཁེ་རི་ལེམ་གྱིས་སྣེ་འཁྲིད་པའི་སྲིད་གཞུང་ནས་ཁྲིམས་བཟོ་ལྷན་ཁང་ལ་བཏོན་པ་ཞིག་ཡིན་པ་དང་། ཁྲིམས་འཆར་དེའི་ནང་ཧོང་ཀོང་དུ་ཡོད་པའི་དོགས་ཡོད་ཉེས་ཅན་ཞིག་རྒྱ་ནག་སྐམ་ས་ཆེན་མོའི་ཁྲིམས་ཁང་ཞིག་གིས་རྩིས་སྤྲོད་དགོས་པའི་རེ་སྐུལ་ཞུ་ཆོག་ཀྱང་། རྩིས་སྤྲོད་བྱེད་མིན་གྱི་མཐའ་མའི་ཐག་གཅོད་དེ་ཧོང་ཀོང་ཁྲིམས་ཁང་གི་ལག་ན་ཡོད་པ་མ་ཟད། ཆབ་སྲིད་དང་ཆོས་ལུགས་ཀྱི་དོགས་ཡོད་ཉེས་ཅན་པ་དག་རྩིས་སྤྲོད་མི་ཆོག་པ་དང་། རྩིས་སྤྲོད་བྱས་རྗེས་རྒྱ་ནག་གི་ཁྲིམས་ཁང་དེས་ཁྲིམས་བཤེར་གྱི་བརྒྱུད་རིམ་ཆ་ཚང་བརྒྱུད་དགོས་ཀྱི་ཡོད་སྟབས།

ཆབ་སྲིད་དབྱེ་ཞིབ་པ་མང་པོས་ཁྲིམས་འཆར་དེ་གཏན་འབེབ་བྱུང་ན་ཧོང་ཀོང་ཁྲིམས་ཞིབ་ལྷན་ཁང་གི་རང་དབང་ལ་དོ་ཕོག་འགྲོ་ངེས་ཡིན་པ་མ་ཟད། ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གནས་བབ་ལ་ཡང་དོ་ཕོག་སྔར་ལས་ཆེན་པོ་ཡོང་གི་ཡོད་པ་དང་། པེ་ཅིན་གཞུང་གིས་ཁྲིམས་ཡིག་དེ་ལོག་སྤྱོད་བྱས་ཏེ་ཧོང་ཀོང་ནང་དུ་རྟེན་གཞི་བྱས་པའི་གཞུང་གི་ཁ་གཏད་ཚོགས་པ་དང་མི་སྒེར་ལ་དམིགས་ཡོད་སྲིད་སྐོར་བརྗོད་ཀྱི་འདུག

སྤྱིར་ཧོང་ཀོང་གིས་ཨ་རི་དང་དབྱིན་ཡུལ་ཚུད་པའི་རྒྱལ་ཁབ་ ༢༠ དང་ལྷན་དུ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་བཞག་ཚར་ཡོད་ཀྱང་། ཧོང་ཀོང་དང་རྒྱ་ནག་བར་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་རིང་ནས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཐད་ལ་གྲོས་མོལ་བྱེད་མུས་ཡིན་ཡང་ད་བར་གྲོས་ཆོད་འཇོག་ཐུབ་མེད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་ནང་དོགས་ཡོད་ཉེས་ཅན་ལ་ཁྲིམས་ཀྱི་སྲུང་སྐྱོབ་ཞན་པའི་རྐྱེན་གྱིས་གྲོས་ཆོད་འཇོག་ཐུབ་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. kalsang dawa says:
    ལོ་ 7 སྔོན།

    ༄།ང་ཚོས་རྩོད་བཞིན་པའི་ས་གནས་མི་རིགས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལྟར་མ་འོང་བོད་ལ་རང་སྐྱོང་ཞིག་ཐོབ་ཚེ་རྒྱ་གཞུང་གི་བཤད་པའི་བོད་ནང་གི་དོག་ཡོད་ཉེས་ཅན་ལ་ཁྲིམས་ཁང་གི་ཐག་བཅད་ཇི་ལྟར་བྱེད་རྒྱུ་རེད།ད་ལྟའི་ཧང་ཀང་གི་གནས་ཚུལ་ལ་དཔག་པས་གྲ་སྒྲིག་ཨང་གསར་དགོས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese