མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གད་སྙིགས་ལྕགས་ཀྲིན་ནས་ཐོན་པའི་ཕྲུ་གུ་ཞིག་ཕུལ་བྱུང་གཟེངས་རྟགས་ཀྱི་འོས་མིར་སླེབས་པ།

བོད་ཀྱི་དུས་བབ།
༢༠༡༩/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༡༩ ལོའི་བོད་ཀྱི་ན་གཞོན་ཕུལ་བྱུང་གཟེངས་རྟགས་འབུལ་ས་རྟིང་རྩོད་ནང་སླེབས་པའི་བུ་ཆུང་སྐལ་བཀྲ་ངོ་སྤྲོད།

མི་ཚེའི་རྒྱབ་ལྗོངས།

བུ་ཆུང་སྐལ་བཀྲ་ནི་ལོ་ན་གཅིག་ལས་མ་སོན་གོང་དྲིན་ཆེན་ཨ་མ་ཁོང་དང་འཇིག་རྟེན་འདི་ནས་ཁ་བྲལ་རྗེས་མ་གཡར་གྱི་དབྱེ་འབྱེད་འོག་དཀའ་སྡུག་མང་པོ་མྱངས་མཐར་ཕྱི་ལོ་ ༢༠༠༢ ལོར་ལོ་ན་ ༥ སོན་སྐབས་ཕ་རྒན་གྱིས་རྩམ་ཁུག་ཆུང་ཆུང་ཞིག་རྒྱབ་ལ་བསྐལ་ཏེ་ལམ་འགྲོ་བ་ཁག་ཅིག་དང་མཉམ་དུ་རྒྱ་གར་ལ་བཏང་། ཆུང་དུས་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་ཕྲུ་གུ་གཞན་གྱིས་ཁོང་ལ་བདག་པོ་མེད་པའི་ལྕགས་ཀྲིན་(གད་སྙིགས་བླུག་སྣོད་)ནང་གི་པུ་གུ་ཞེས་འབོད་མྱོངས་ཡོད་འདུག

ཁོང་ཉིད་འཛིན་རིམ་བཅུ་གཅིག་སྐབས་ཁོང་གིས་ Yes we can “ང་ཚོས་ཐུབ་ཀྱི་རེད”ཅེས་པའི་དབྱིན་དེབ་ཅིག་བཏོན། སྔོན་མ་བདག་པོ་མེད་པའི་ཕྲུ་གུ་ཞེས་མཐོང་ཆུང་བཏང་ས་དེ། རྗེས་སུ་སཱུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་དགེ་ལས་ཚོས་གདེང་འཇོག་ཆེན་པོ་བྱེད་ས་དང་སློབ་ཕྲུག་བརྒྱ་ཕྲག་མང་པོས་ཤེས་ཡོིན་དང་སྤྱོད་ལམ་གཉིས་ཀ་མིག་དཔེ་བལྟ་སའི་ཕུལ་བྱུང་གི་སློབ་མ་ཞིག་གི་མཚན་སྙན་འབར། མཚམས་རེར་ཁོང་ལ་རྡ་ས་ནས་སུ་ཇཱ་བར་འགྲོ་བར་བརྡ་གླ་མེད་ཀྱང་། དེབ་ཆུང་གཙོང་བའི་རིན་བབས་ཉུང་ཉུང་དེ་སུ་ཇཱ་སློབ་གྲྭའི་ཚོགས་ཁང་ཡར་རྒྱས་གཏོང་བའི་ཆེད་དུ་རྒན་བདག་ཚོར་ཞལ་འདེབས་ཕུལ།

རྒྱབ་ཕ་མ་དང་མདུན་གཉེན་ཉེའི་མིང་དང་རྒྱབ་བརྟེན་གང་ཡང་མེད་པའི་དྭ་ཕྲུག་དེ་མཐོ་སློབ་འགྲིམས་སྐབས། སློབ་ཡོན་དང་འགྲོ་སོང་། ཐ་ན་ཉིན་རེའི་བཟའ་ཏུང་ཚུན་ལའངས་དཀའ་ངལ་ཤུགས་ཆེ་འཕྲད་ཀྱང་། རྒྱུན་དུ་ཁོང་གིས་ཕུག་བསམ་དང་གཞན་ལ་རོགས་རམ་བྱ་རྒྱུ་ཨང་དང་པོ་དང་། རང་ཉིད་ཀྱི་དཀའ་ངལ་ཨང་གཉིས་པར་བརྩིས་པའི་གྲུབ་འབྲས་ལ་བརྟེན་ནས། མཐར་བྷང་ལོར་ཡོད་པའི་ཡེ་ཤུའི་གཙུག་ལག་སློབ་གཉེར་ཁང་གྲགས་ཅན་Christ University ནང་རྒྱལ་སྤྱིའི་ཕུལ་བྱུང་སློབ་མ་སྟོང་ཕྲག་དྲུག་ཙམ་གྱི་ཚུད་རྒྱུག་ཁྲོད་འདེམས་སྒྲུག་སློབ་ཕྲུག་གྲངས་ལྔ་ཅུའི་ནང་ཚུད་པས་མ་ཚད། ཕྱི་ལོ་ ༢༠༡༩ ལོར་སློབ་མཐར་ལེགས་པར་ཕྱིན།

མཐོ་སློབ་འགྲིམས་དུས་གུང་སེང་སྐབས་སུ་ཟ་ཁང་ཞིག་གི་ནང་ཞོར་ལས་བྱས། འཛིན་གྲྭར་འགྲོ་དུས་སློབ་གྲྭའི་ཉེ་འགྲམ་དུ་རྒྱ་གར་ཇ་གཙོང་མཁན་ཞིག་ལ་མཚམས་རེར་རོགས་པ་བྱས་ནས་ཁོང་གིས་སྤྲད་པའི་ཆུ་ཁོལ་དེ་འགྱིག་ཁུག་ནང་མགྱོག་ཐུག་སྦངས་ནས་བཟས། མཐོ་སློབ་ནང་སྡིང་ཆ་འདྲ་མིན་ཐོག་ཁོང་གི་གཏམ་བཤད་དེ་དག་གིས་རྒྱལ་ཕྱི་ནང་གི་སློབ་མ་སྟོང་ཕྲག་མང་པོར་སེམས་འགུལ་ཐེབས་བཅུག་པས་མ་ཚད། གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་མང་པོ་ཞིག་གིས་ཀྱང་ཁོང་གི་སྤྱོད་ལམ་དང་གཏམ་བཤད་ལ་ཡིད་དབང་འཕྲོག་མྱོངས།
མཐོ་སློབ་འགྲིམས་སྐབས། བྷང་ལོ་ས་གནས་གཞོན་ནུའི་ཚོགས་གཙོ་ལོ་གཉིས་དང་། སྐད་གྲགས་ཆེ་བའི་བྷང་ལོ་ཡེ་ཤུ་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་བལྟ་ཞིབ་པ་ལོ་གསུམ། ཡེ་ཤུ་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་སློབ་མའི་ལྷན་ཚོགས་ཀྱི་ཚོགས་མི་ལོ་གཉིས། བྷང་ལོ་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ལོ་གཉིས། སློབ་ཕྲུག་གསར་པར་སློབ་ཞུགས་རོགས་རམ་གྱི་ལས་ཀ་ལོ་གསུམ་བྱས། ད་དུང་སུ་ཇཱ་སློབ་གྲྭ་ནས་འགོ་བཙུགས་ཏེ་བྷང་ལོ་བར་སློབ་སྦྱོང་གི་ཞོར་དུ་ཁོར་ཡུག་གཙང་བཟོ་སོགས་དང་བླངས་སྤྱིགས་ཚོགས་ཞབས་ཞུའི་ལས་ཀ་མི་ཉུང་བ་ཞིག་བྱེད་མྱོངས་ཡོད།

སློབ་སྦྱོང་གི་ཞོར་དུ་རང་ཉིད་ཀྱི་སློབ་ཡོན་དང་ལྟོ་གོས་འཚོལ་དགོས་ཀྱི་ཡོད་པས་མ་ཚད། སློབ་ཕྲུག་གཞན་ལ་སློབ་འཇུག་རོགས་རམ་ལ་སོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་ཀ་སྣེ་མང་བྱས་ཡོད་པ་དང་། ཚོགས་སྡེ་མི་ཉུང་བ་ཞིག་གི་ཚོགས་གཙོའི་འགན་འཁུར་བཞིན་ཡོད། སྡོད་གནས་ནས་མཐོ་སློབ་དབར་བར་ཐག་སྤྱི་ལེ་ཁ་ཤས་ཡོད་ཀྱང་ཁོང་གི་རྐང་འཁོར་གཞོན་ནས་རྒྱུན་དུ་སྦག་སྦག་གཞོན་མཁན་སློབ་ཕྲུག་ཚོ་ལས་འཛིན་གྲྭར་སྔོན་དུ་འབྱོར་ཐུབ་པ་བྱེད་ཀྱི་ཡོད་པ་དེས་སློབ་གྲོགས་ཚོ་ཧང་སང་དུ་བཅུག་ཡོད་པས་མ་ཚད། བོད་རིགས་སློབ་ཕྲུག་མང་པོ་ཞིག་གིས་ཀྱང་རྗེས་སུ་སྦག་སྦག་བཏང་བའི་རྒྱས་སྤྲོས་སྤངས་ནས་འཕྲོད་བསྟེན་ལ་ཕན་པའི་རྐང་འཁོར་ཞོན་ནས་སློབ་གྲྭར་འགྲོ་བའི་བག་ཆགས་ཤིག་བཞག་ཐུབ་པ་བྱུང་ཡོད་འདུག

གུང་སེང་སྐབས་སློབ་ཕྲུག་གཞན་རྣམས་ཡར་མར་འཁྱམ་འཁྱམ་འགྲོ་བཞིན་ཡོད་ཀྱང་ཁོང་ནི་དུས་ཚོད་མང་ཆེ་བ་བོད་ཁྱིམ་སྡོད་ཁང་གི་ཟ་ཁང་དེ་བར་དེབ་ཀློག་ནས་སྡོད་བཞིན་ཡོད་སྟབས། ཁོང་གི་མཐུན་ལམ་དང་ཀུན་སྤྱོད་ལ་བརྟེན་ནས་སློབ་ཕྲུག་གཞན་ཚོས་ཁོང་ལ་ཆུ་དང་ཁ་ལག་མི་ཉུང་བ་ཞིག་རྔན་པ་འཁྱེར་ནས་ཡོང་གི་ཡོད་འདུག་པས་མ ཚད། བོད་ཁྱིམ་སྡོད་ཁང་དང་བྷང་ལོ་གྲོང་ཁྱེར་ནང་མཐོ་སློབ་འགྲིམས་བཞིན་པའི་བོད་ཕྲུག་སློབ་མ་ཚོའི་ཁྲོད་ནས་བུ་ཆུང་སྐལ་བཀྲ་ཞེས་སློབ་ཕྲུག་ཚོས་སློབ་སྦྱོང་དང་། སྤྱོད་ལམ། འཇོན་ཐང་། སེམས་ཤུགས་གང་གི་ཆ་ནས་གདེང་འཇོག་ཆེན་པོ་བྱེད་ས་དང་མིག་དཔེ་བལྟ་ས་ཞིག་ཆགས་ཡོད་འདུག

ངས་ཁོང་ཐོག་མར་ངོ་ཤེས་པའི་བརྒྱུད་རིམ།
ཐོག་མར་ཕྱི་ལོ་ ༢༠༡༣ ལོར་བོད་ཁྱིམ་སློབ་ཕྲུག་ཚོགས་པའི་རོགས་རམ་འོག་ཁོང་དང་ཁོང་འདྲ་བའི་ཉམས་ཐག་སློབ་ཕྲུག་ཁག་ཅིག་བལ་ཡུལ་ལ་གུང་སེང་འཁྲིད་ནས་ཕྱིར་ལོག་ཡོང་དུས། བལ་ཡུལ་ནས་ང་ཚོར་ཅ་ལག་ཞིག་བསྐུར་འདུག་པ་དང་དེ་ནས་བཟུང་ངས་ཁོང་ངོ་ཤེས་སོང་། ཁོང་གི་ལོ་རྒྱུས་རོབ་ཙམ་ཤེས་དུས་ཕྲུ་གུ་སྙིང་རྗེ་བ་ཞིག་མཐོང་ནས་ཐེངས་རྗེས་མའི་གུང་སེང་དེ་ང་ཚོ་རྩ་ལ་ཤོག་ཅེས་ལབ་པ་ཡིན། རྗེས་སུ་གུང་སེང་ལ་སླེབས་དུས་སེམས་ཁམས་རིག་པ་དང་འབྲེལ་བའི་རྩོམ་ཡིག་མི་ཉུང་བ་ཞིག་དབྱིན་ཡིག་ནང་བྲིས་འདུག་པས་མ་ཚད། དེ་ཚོ་བདག་གཅེས་གང་ལེགས་གནང་གི་འདུག་པས་ངས་དེ་ཚོ་ག་རེའི་ཆེད་དུ་ཡིན་མིན་བྲིས་དུས། མ་འོངས་པར་དེབ་ཅིག་གཏོན་ཐུབ་ན་བསམས་སོང་ཟེར། སྐབས་དེར་ངའི་སེམས་ནང་ལ་གུང་སེང་འགྲོ་ས་མེད་པའི་ཕྲུ་གུ་ཅིག་གིས་དེབ་ཅིག་བཏོན་རྒྱུ་ལས་སླ་མོ་མ་རེད་ཅེས་ངས་སེམས་ནང་ལ་ཆིབ་ལབ་ཅིག་བརྒྱབ་པ་ཡིན།

དུས་ཡུན་བདུན་ཕྲག་གཉིས་ཙམ་གྱི་གུང་སེང་དེའི་རིང་། ཁོང་གི་སློབ་སྦྱོང་ལ་འབད་བརྩོན་དང་བསམ་ཤེས། སེམས་ཤུག་དང་ཕུག་བསམ། བསམ་བློའི་གོ་རྟོགས། ཡ་རབས་གཤིས་འཇམ་དེས་ངའི་ཡིད་སེམས་དབང་མེད་དུ་འཕྲོག་སོང་བས། ངའི་མི་ཚེ་ནང་གཞོན་སྐྱེས་སྟོང་ཕྲག་ལས་བརྒལ་བ་མཉམ་དུ་གཤིབ་མྱོངས་ཡོད་ཀྱང་། ཁོང་ལྟ་བུ་ཞིག་ད་ལྟ་བར་འཕྲད་མ་མྱོངས་སྟབས། ང་རང་ཉིད་ཀྱང་རང་འགོ་ཐོན་པ་དེ་འདྲ་ཞིག་མིན་ཀྱང་ཁྱེད་ཀྱི་དེབ་དེ་འདྲ་ཞིག་བཏོན་ཐུབ་རྒྱུ་ངའི་ནུས་ཤུགས་ཡོད་ཚད་རོགས་རམ་བྱ་རྒྱུ་ཡིན་ཞེས་སེམས་ཐག་བཅད་པ་ཡིན།

མཐའ་མར་ནོ་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་མགུར་འབུམ་རྒྱལ་ལགས་དང་། བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་ག་གེ་མོ་ཞིག་གི་དཔལ་འབྱོར་རྒྱབ་སྐྱོར་ལ་བརྟེན་ནས་ཕྱི་ལོ་ ༢༠༡༤ ལོར་ཁོང་ཉིད་འཛིན་རིམ་ ༡༡ སྐབས་ང་ཚོས་ཐུབ་ཀྱི་རེད་ Yes We Can ཞེས་པའི་དབྱིན་དེབ་སྤུས་ལེགས་ཤིག་དཔར་བསྐྲུན་བྱས་ཐུབ་ཡོད་པས་མ་ཚད་སློབ་ཕྲུག་སྟོང་ཕྲག་ཙམ་ཡོད་པའི་སུ་ཇཱ་སློབ་གྲྭ་དེ་གཡོ་འགུལ་ཆུང་ཆུང་ཞིག་བཏང་ཡོད། ལྷག་པར་དེབ་དེའི་ནང་ (A journey of a school boy) སློབ་མ་ཞིག་གི་འགྲུལ་ཞུད་ཅེས་པའི་ཁོང་གི་མི་ཚེ་ལོ་རྒྱུས་དང་འབྲེལ་བའི་རྩོམ་ཡིག་དེས་ཕྱི་ནང་གི་ཀློག་པ་པོ་མི་ཉུང་བ་ཞིག་ལ་སེམས་ཚོར་དང་མིག་ཆུའི་ཐིག་པ་ས་རུ་ཟག་བཅུག་ཡོད།

ཕྱི་ལོ་ ༢༠༡༦ ལོར་མཐོ་སློབ་འགྲོ་ཁར་ང་ཁོང་དང་འཕྲད་སོང་བས། སློབ་ཡོན་འདང་སོང་ངམ་འགྲོ་སོང་གང་འདྲ་བྱུང་སོང་ཞེས་དྲིས་པ་ཡིན། ཁོང་གི་ཇོ་ཇོ་ཅིག་འགྲིག་འགྲོ་གི་རེད་ཟེར། འབག་ཁུག་ནང་མོ་ཊ་བརྡ་གླ་ཡང་འདང་ལ་མ་འདང་ཞིག་ལས་མི་འདུག་པས། མཐོ་སློབ་འགྲིམས་པར་འགྲིག་འགྲོ་རྒྱུ་ཞིག་ཁག་པོ་རེད་བསམས་ནས་སྙིང་རྗེ་ཚད་མེད་སྐྱེས་ནས་ཇ་འཐུང་ས་སྒོར་རྡོག་ཁ་ཤས་ཤིག་སྤྲད་པ་དང་མཉམ་དུ་ཁོང་གི་སེམས་ཤུགས་དང་སྙིང་སྟོབས་ལ་ཧང་སང་སོང་། རང་ཉིད་ཀྱི་མི་ཚེའི་ནང་ལ་དཀའ་སྡུག་སྣ་ཚོགས་མྱངས་མྱོངས་ཡོད་ཀྱང་ཐོག་མའི་རྒྱབ་ལྗོངས་བུ་ཆུང་སྐལ་བཀྲའི་གནས་སྟངས་ལྟ་བུ་ཞིག་ཡིན་ཚེ་ང་དང་ང་ལྟ་བུའི་གཞོན་སྐྱེས་༼ཐང་བདེ་མོ་ཨ་ལ་ཐ་ལ་ལེན་མཁན་ཚོས་༽དེ་འདྲའི་གདོང་ལེན་དང་ཉམས་པ་མེད་པའི་སེམས་ཤུགས་ཤིག་སྐྱེ་ཐུབ་རྒྱུ་ཁག་པོ་རེད་དྲན་ཡོད།

མདོར་དོན་ཚིག་གི་རྩ་བ་རྒྱལ་སྤྱིའི་སློབ་མའི་ལྷན་ཚོགས་ཀྱི་གཟེངས་རྟགས་འདིའི་དམིགས་ཡུལ་ནི་མ་འོངས་པར་བོད་གངས་ཅན་གྱི་ན་གཞོན་ཚོས་ཤེས་ཡོན་དང་། ལྷག་བསམ། འཇོན་ཐང་། ཀུན་སྤྱོད། དམིགས་བསལ་དཀའ་སྡུག་གང་ལ་ཐུབ་ཀྱང་ཞུམ་པ་མེད་པའི་སྙིང་སྟོབས་སོགས་མིག་དཔེ་བལྟ་སའི་ན་གཞོན་ཞིག་ཡིན་དགོས་ཚེ། བུ་ཆུང་སྐལ་བཀྲ་ནི་ཕུལ་བྱུང་གི་དཔེ་མཚོན་ཞིག་དང་མ་འོངས་པའི་གཞོན་སྐྱེས་རེ་བ་ཅན་ཞིག་ཡིན།

མཇུག་མཐར། བུ་ཆུང་སྐལ་བཀྲ་ལགས། ཁྱེད་ཀྱིས་དེ་སྔོན་དེབ་ཀྱི་ཁ་བྱང་ཐོག་ང་ཚོས་ཐུབ་ཀྱི་རེད་ཅེས་བྲིས་འདུག འོན་ཀྱང་“ང་ཚོས་ཐུབ་མིན་མི་ཤེས་”ཏེ་ “ཁྱེད་ཀྱིས་ངེས་པར་ཐུབ་ཀྱི་རེད་” Yes you Can ཅེས་ཞུ་བ་དང་ལྷན་དུ་འབྲི་མཚམས་འདི་ནས་འཇོག་གི་ཡིན།
ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ཉིན་གྱི་དགོང་མོར་ཚ་བའི་སྐར་ཆེན་གྱིས་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༢༠ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

མཆན། 18

  1. བསྟན་དབང་མོ། says:
    ལོ་ 4 སྔོན།

    འཐེན་འཁྱེར་དང་ནང་ཁུལ་འཐབ་རྩོད་ཁྲོད་ཁྱེད་ལ་འོས་འཐོབ་མི་སྲིད།

    Reply
  2. Lhatse says:
    ལོ་ 4 སྔོན།

    ང་ནི་ཁྱེད་ལ་ཡི་རང་ཞུ་བཞིན་ཡོད།
    མིང་རྫིག་པོ་ཞིག་ཁྱེད་ལ་འཁུར་རྒྱུ་མི་འདུག ཕ་མ་སྤུན་མཆེད་རྫིག་པོ་ཞིག་ཁྱེད་ལ་ངོམས་རྒྱུ་མི་འདུག ཁ་སྙན་པོ་ནི་ཁྱེད་ཀྱིས་བཤད་ཤེས་ཀྱི་མི་འདུག གཡོ་སྒྱུ་ནི་ཁྱེད་ཀྱིས་ཤེས་ས་མ་རེད། ཆབ་སྲིད་འཁྲབ་སྟངས་ནི་ཁྱེད་ལ་མི་འདུག ཁྱེད་ནི་ནག་རི་སྐམ་པོ་ཞིག་ལས་མི་འདུག་པས། གཞན་གྱི་མགོ་ལ་རྒྱག་བྱེད་ནི་ཁྱེད་ལོ་ས་མ་རེད། ང་ཁྱེད་ལ་རྒྱབ་སྐྱོར་མེད། ཁྱེད་ལ་གང་ཡང་མི་འདུག ང་ལ་མཁོ་བ་ནི་ཁྱེད་མ་རེད། ཡིན་གྱི་རེད། ཡིན་ནའང་། རྔ་ལ་དབྱུག་གུས་མ་བསྣུན་བར། དེའི་བར་དུ་གཏིང་མི་དཔོག ཟེར་བའི་དཔེ་ལྟར། མ་འོངས་པར་ཁྱེད་ཀྱིས་ལས་ཀ་གང་ཡིན་ཡང་དེ་དེ་བཞིན་གྱི་བྱས་ཐུབ་པའི་ཡི་ཆེད་ཡོད།
    ཁྱེད་ཀྱང་དེང་འདིར་བྱ་བ་རྩོམ་པ་ལ།།།
    གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས།།
    འདོད་དོན་དཔལ་འཕེལབསམ་དོན་ལྷིན་གྱིས་འགྲུབ།།
    བཀྲིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།

    Reply
  3. འབྲོག་སྨྱོན། says:
    ལོ་ 4 སྔོན།

    མིང་རྫིག་པོ་ཞིག་ཁྱེད་ལ་འཁུར་རྒྱུ་མི་འདུག ཕ་མ་སྤུན་མཆེད་རྫིག་པོ་ཞིག་ཁྱེད་ལ་ངོམས་རྒྱུ་མི་འདུག ཁ་སྙན་པོ་ནི་ཁྱེད་ཀྱིས་བཤད་ཤེས་ཀྱི་མི་འདུག གཡོ་སྒྱུ་ནི་ཁྱེད་ཀྱིས་ཤེས་ས་མ་རེད། ཆབ་སྲིད་འཁྲབ་སྟངས་ནི་ཁྱེད་ལ་མི་འདུག ཁྱེད་ནི་ནག་རི་སྐམ་པོ་ཞིག་ལས་མི་འདུག་པས། གཞན་གྱི་མགོ་ལ་རྒྱག་བྱེད་ནི་ཁྱེད་ལོ་ས་མ་རེད། ང་ཁྱེད་ལ་རྒྱབ་སྐྱོར་མེད། ཁྱེད་ལ་གང་ཡང་མི་འདུག ང་ལ་མཁོ་བ་ནི་ཁྱེད་མ་རེད།

    Reply
  4. ཕུན་ཚོགས། says:
    ལོ་ 4 སྔོན།

    བུ་ཕྲུག་ཁྱེད་ལྟ་བུ་དྭག་ཕྲུག་ཅིག་ལ་འོས་ཤོག་ཐོབ་རྒྱུ་ཁག་པོ་རེད། སྤྱི་ཚོགས་འདིར་ཁྱེད་ལྟ་བུར་འཚོ་གནས་མེད།

    Reply
  5. བསྟན་དབང་མོ། says:
    ལོ་ 4 སྔོན།

    འོག་གི་དྲ་ཐག་འདིའི་ཐོག་ནས་བུ་ཆུང་སྐལ་བཀྲ་ལ་རྒྱབ་སྐྱོར་ like རེ་དང་share རེ་གནང་རོགས།

    https://www.facebook.com/1749221555356181/posts/2392166791061651/

    Reply
  6. ཤམ་བྷ་ལ། says:
    ལོ་ 4 སྔོན།

    ཡ་ཡ་བོད་པའི་ན་གཞོན་ཁྱོད་ལ་ངས་སྙིང་ཐག་པ་སྨོན་ལམ་ཞུ་ཡག་ལ།
    ཁྱེད་ཀྱང་དེང་འདིར་བྱ་བ་རྩོམ་པ་ལ།།།
    གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས།།
    འདོད་དོན་དཔལ་འཕེལབསམ་དོན་ལྷིན་གྱིས་འགྲུབ།།
    བཀྲིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།
    ཅེས་ཞུ་ཡག་ཡིན་ནོ།།

    Reply
  7. སྐལ་བཟང says:
    ལོ་ 4 སྔོན།

    དེ་ལ་བུ་རྒོད་པོ་ཟེར།

    Reply
  8. gyatso says:
    ལོ་ 4 སྔོན།

    ཁོང་གི་དེབ་དེ་གང་བ་ནས་ཉོས་ཐུབ་ཡོད་དམ་

    Reply
  9. ཕུན་ཚོགས། says:
    ལོ་ 4 སྔོན།

    བུ་ཆུང་སྐལ་བཀྲ་ངའི་སུ་ཇཱ་སློབ་གྲྭ་གཅིག་པ་རེད། སློབ་སྦྱོང་ཡག་པོ་དང་སྤྱོད་པ་ཧ་ཅང་ཡག་པོ་ཡོད་རེད། ངའི་རྒྱུན་དུ་མིག་དཔེ་བལྟ་ས་ཞིག་ཡིན།

    Reply
  10. བརྩོན་འགྲུས་བཟང་པོ། says:
    ལོ་ 4 སྔོན།

    བུ་ཆུང་སྐལ་བཀྲའི་ལོ་རྒྱུས་ལ་བལྟས་ན་བོད་མི་གཞོན་སྐྱེས་ཚོར་སེམས་ཤུག་འཕར་བའི་གཞི་མ་ཞིག་ཆགས་འདུག
    གང་ལྟར་ཁོང་ལ་བྱ་དགའ་འདི་རག་ཚེ་མ་འོངས་པར་མདུན་ལམ་ལ་ཁྱད་པ་ཆེན་པོ་ཞིག་ཆགས་སྲིད།

    འོས་ཤོག་འདི་ངེས་པར་ཁོང་ལ་འཐོབ་པའི་རེ་བ་ཆེ།

    Reply
  11. Lobsang Wangdu says:
    ལོ་ 4 སྔོན།

    འོ་དེ་འདྲ་ཡིན་ན་་་ བུ་འདི་ བདག་པོ་བརྒྱབ། མ་འོང་སྲིད་སྐྱོང་ལ་འདམ་ག་སྤྲོད། ད་ལྟོས་དང་། བོད་རྒྱ་བགྲོས་མོལ་གོ་རྒྱུ་ཐོས་རྒྱུ་ནི་མེད། ཁོ་རང་ཚོ་ནང་ལོག་རྐུབ་ཀྱག་་པབ་རེ་རྩེད་ནས་སྡད་ཡོད། ཅང་ཡོང་ས་རེད་པས་ ? ངེད་ཅག་བོད་པ་ཚང་ ༧གོང་ས་མཆོག་ལ་གསོལ་བ་ཡག་པོ་བཏབ། ༧གོང་ས་མཆོག་མཁྱེན་ནོ། བཀྲ་ཤིས་བདེ་ལེགས།

    Reply
  12. ངག་དབང་ཡོན་ཏན། says:
    ལོ་ 4 སྔོན།

    ད་ལན་གྱི་གཟེངས་རྟགས་འདི་བུ་ཆུང་སྐལ་བཟང་བཀྲིས་ལ་འཚམས་པོ་འདུག གང་ཡིན་ཟེར་ན། ཁོ་རང་ཉིད་ཁོ་ནའི་འབད་བརྩོན་ལ་བརྟེན་ནས་ན་གཞོན་ཤེས་ཡོན་ཅན་ཕུལ་བྱུང་མིག་དཔེ་འོས་པ་ཞིག་ཆགས་པ་རེད། མ་འོངས་པར་ཡང་རེ་བ་ཆེ། གཞན་ནང་མི་ཉེ་འབྲེལ་སོགས་ཀྱི་མིང་དང་རྒྱབ་སྐྱོར་ལ་བརྟེན་ནས་གྲུབ་འབྲས་ཅུང་ཙམ་ཡོད་ཀྱང་དེ་ནི་བརྟན་པོ་ཞིག་དང་དོན་དམ་གྱི་མིག་དཔེ་འོས་པ་ཞིག་མ་ཡིན། དཔེར་ན། ཕྲུ་གུ་ས་ཕ་མའི་དངུལ་བེད་སྤྱོད་གཏོང་ནས་འཇོན་མདོག་བྱས་པ་དང་མཚུངས།

    Reply
  13. བློ་བཟང་བསམ་གཏན། says:
    ལོ་ 4 སྔོན།

    གད་སྙིགས་ལྕགས་ཀྲིང་ལས་ཐོན་པའི་སློབ་མ་འདིའི་ང་ཚོར་གོ་བརྡ་གང་ཞིག་སྤྲད་ཡོད་དམ་ཞེ་ན། མི་ཞིག་གི་འཚོ་བའི་ནང་སྤྱི་ཚོགས་འདིར་ཕན་བདེ་སྒྲུབ་ཐུབ་མིན་དེ་དཔལ་འབྱོར་གྱི་རྒྱབ་རྟེན་ཁོ་ནར་རག་ལུས་པ་མ་ཡིན་པར་གཙོ་བོ་རང་ཉིད་ཀྱི་ཀུན་སྤྱོད་དང་འབད་བརྩོན་ལ་རྟེན་ནས་གྲུབ་འབྲས་དངོན་གྱུར་ཡོང་བ་ཤེས་ཐུབ།

    Reply
  14. ཉི་མ་མཚམས་གཅོད་ says:
    ལོ་ 4 སྔོན།

    ཐོག་མར་བུ་མོ་ཞིག་ལ་རྒྱབ་སྐྱོར་བྱེད་དགོས་དྲན་ཡང་བུ་ཆུང་སྐལ་བཀྲའི་ལོ་རྒྱུས་ཀློག་དུས་མིག་ཆུ་ཤོར་གྲབས་བྱས་བྱུང་། ཁོང་ནི་གཞན་ལ་སེམས་ཤུགས་དང་སྙིང་སྟོབས་སྦྱིན་མཁན་ཞིག་མཐོང་སོང་།
    ངའི་སེམས་ནང་གི་ཕུལ་བྱུང་ན་གཞོན་དེ་ཁྱེད་རེད་འདུག
    སྐལ་བཀྲ་མུ་མཐུད་ནས་ཤུགས་རྒྱོབས་་་་་

    Reply
  15. དོན་གྲུབ། says:
    ལོ་ 4 སྔོན།

    ཁོང་གིས་དེབ་གཉིས་གཏོན་ཡོད་རེད། ངོ་སྤྲོད་ནང་འབྲི་རྒྱུ་དྲན་པ་བརྗེད་སོང་བ་འདྲ་་

    ཁོང་ལ་རྒྱབ་སྐྱོར་ཡོད་
    བུ་ཆུང་སྐལ་བཀྲའི་སྡུག་རུལ་དང་སྙིང་སྟོབས་འགྲན་ཟླ་མེད་་་
    སྐལ་བཀྲ་མ་རེད་ལྕགས་བཀྲ་རེད་ཧ་ཧ་ཧ་

    Reply
  16. བསྟན་འཛིན་ངག་དབང་། says:
    ལོ་ 4 སྔོན།

    བུ་ཆུང་སྐལ་བཀྲ་ཟེར་བ་དེ་གང་འདྲ་ཡིན་མིན་ཤེས་སོང་ཁོང་ལ་རྒྱབ་སྐྱོར་ %100 ཡོད་ སེམས་ཤུགས་ཅན་རེ་བ་ཅན་ཞིག་རེད་འདུག ང་ཚོ་ལ་གཞོན་སྐྱེས་འདི་འདྲ་དགོས་འདུག

    Reply
  17. འདུས་བྱུང་ཕུན་ཚོགས་ཚེ་རིང་། says:
    ལོ་ 4 སྔོན།

    བུ་སྐལ་བཀྲའི་སེམས་ཤུགས་དང་། འབད་བརྩོན ཕུགས་འདུན་དང་། ཕུགས་བསམ་བཅས་ལ་ཡི་རངས་ཤིང་། ཁོང་གི་རྒྱབ་ལྗོངས་ལོ་རྒྱུས་ཀྱིས་སེམས་ཅུང་ཙམ་སྐྱོ་རུ་བཅུག་བཞོར། བོད་གངས་ཅན་ཡུལ་ལ་ཁོང་འདྲ་བའི་བུ་ཕྲུག་དེ་དག་ཡང་མིག་ལམ་དུ་འཁོར་དུ་ཡང་བཅུག
    སྐལ་བཀྲ་ལ་མ་འོངས་པའི་ལམ་ཆེན་དེའི་ནང་བར་ཆད་མེད་པ་དང་། ཁོང་གིས་འབད་བརྩོན་ལ་བརྟེན་པའི་ཕུགས་འདུན་རྣམས་རྣམ་པར་རྒྱལ་གྱུར་ཅིག

    Reply
  18. kalsang dawa says:
    ལོ་ 4 སྔོན།

    ༄།གཞོན་སྐྱེས་སྐལ་བཟང་བཀྲིས་ཀྱི་དཔའ་སྟབས་ལ་ཡིད་རང་ཞུ་།མི་མཐུད་ནས་འབད་བརྩོན་གྱི་བོད་མི་རིགས་གྱི་འཐབ་བརྩོད་པའམ་མི་རིགས་ཀྱི་འགོ་ཁྲིད་ཞིག་ཡོང་རྒྱུའི་རེད་བ་འདུག
    རྩོམ་ཡིག་གི་འགོ་བརྗོད་ཐད་གྲགས་འདུག་མིང་ཆ་ཚང་མ་བྲིས་པ་དེའམ་འགྲིག་མི་འདུག་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist