མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཊོམ་ཕུ་མཆོག་གིས་ཆོས་ལུཊ་དང་འབྲེལ་ཏེ་སྡུག་སྦྱོང་མྱོང་མཁན་ཚོར་ཐུག་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༡༩/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཆོས་ལུགས་དང་འབྲེལ་ཏེ་སྡུག་སྦྱོང་མྱོང་མཁན་ཁག་ཅིག་ལ་ཐུག་འཕྲད་གནང་སྐབས་བོད་མིའི་སྐུ་ཚབ་ཉི་མ་ལྷ་མོ་ལགས་ཀྱིས་བོད་ནང་གི་བོད་མི་ཚོར་ཨ་རིས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོགས་སྐབས་གཉིས་པ་ཚོགས་བཞིན་པའི་སྐབས་དང་བསྟུན། རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་སམ་བྷི་རོན་བྷེག་ལགས་ཀྱི་སྣེ་འཁྲིད་འོག དེ་རིང་ཆོས་ལུགས་དང་འབྲེལ་ཏེ་སྲིད་གཞུང་དང་ཚོགས་སྡེ་སོགས་ཀྱི་དྲག་གནོན་ལས་ཐར་བའི་ཚོགས་ཞུགས་པ་ཡོངས་ལ་གློ་བུར་དུ་སྲིད་འཛིན་ཊོམ་ཕུ་མཆོག་ལ་ཐུག་འཕྲད་ཀྱི་གོ་སྐབས་ཐོབ་ཡོད་པ་དང་། སྐུ་ཚབ་ཁྲོད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱབ་སྐྱོར་འོག་བོད་པའི་སྐུ་ཚབ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་མཉམ་ཞུགས་བྱས་ཡོད་པ་དང་། མོས་བོད་ནང་གི་བོད་མི་ཚོར་ཨ་རིའི་རྒྱབ་སྐྱོར་དགོས་པ་དང་། ༧གོང་ས་མཆོག་ཕྱིར་བོད་ལ་ཕེབས་པར་རྒྱབ་སྐྱོར་གནང་རོགས་ཞེས་སྲིད་འཛིན་མཆོག་ལ་འབོད་སྐུལ་ཞུས་ཡོད་པ་རེད།

འདི་གའི་གསར་འགོད་པས་ཨ་རིའི་རྒྱལ་གཅེས་ཆོས་དད་རང་དབང་གི་འགན་འཛིན་ཟུར་པ་དང་ཚོགས་ཞུགས་པ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་སུ། ཐེངས་འདིའི་ཆོས་དད་རང་དབང་གི་ལྷན་ཚོགས་སྐོར་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། ད་རེས་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་ཆེན་ཞེ་དྲགས་ཆེན་པོ་ཞིག་ཚོགས་ཡོད་པ་རེད། ཚོགས་ཆེན་ཐོག་འཛམ་གླིང་ཡུལ་གྲུ་གང་ས་ནས་ཆོས་ལུགས་དང་འབྲེལ་བའི་མི་སྟོང་ལྷག་འཛོམས་ཏེ། ཆོས་ལུགས་མཐུན་སྒྲིལ་དང་ཆོས་དད་རང་དབང་གལ་ཆེན་ཡིན་པ་སྤྱིའི་སྐོར་གླེང་སློང་གནང་སྟེ། ང་ཚོས་མཉམ་འབྲེལ་ཇི་ལྟར་དགོས་སྐོར་བཤད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པས་ལྷན་ཚོགས་ཐོག་བོད་དོན་དང་འབྲེལ་བའི་གནས་ཚུལ་ག་རེ་གླེང་སློང་བྱུང་ཡོད་མེད་དྲིས་པར་ཁོང་གིས། ད་ལན་གྱི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་དང་བསྟན་ཆོས་རྒྱ་མཚོ་ལགས་བཅས་ཀྱི་རྒྱབ་སྐྱོར་འོག བོད་པའི་སྐུ་ཚབ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་མཉམ་ཞུགས་གནང་སྟེ། བོད་དོན་གཙོ་བྱས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་ཡོད་པ་དང་། དེ་རིང་སྡུག་སྦྱོང་མྱོང་མཁན་རྣམས་ལ་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཐུག་འཕྲད་གནང་ཡོད་པ་རེད། དཔེ་ཡག་པོ་བྱུང་འདུག ང་རང་གིས་ཚོགས་ཆུང་ནང་བོད་དོན་སྤྱིའི་སྐོར་དང་། ཡུ་གུར་དང་འབྲེལ་བའི་གནད་ཐོག་འགའི་ཐོག་སྐད་ཆ་བཤད་རྒྱུ་བྱུང་། ཞེས་བརྗོད་བྱུང་།དེ་རིང་སྲིད་འཛིན་ཊོམ་ཕུ་མཆོག་གིས་སྡུག་སྦྱོང་མྱོང་མཁན་རྣམས་ལ་ཐུག་འཕྲད་གནང་སྐབས། དེ་རིང་ང་ཚོ་མཉམ་དུ་ཡོད་པ་ནི་ཆོས་ལུགས་མི་འདྲ་ཞིང་རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་བུ་དང་བུ་མོ་ཚོ་ཡིན་པ་དང་། ཁྱེད་ཚོ་ཚང་མ་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི། རང་ཉིད་ཀྱི་ཆོས་ལུགས་ཆེད་ཚད་ལས་འདས་པའི་སྡུག་སྦྱོང་མྱངས་མྱོང་བ་རེད། ཁྱེད་རང་ཚོས་བཙོན་འཇུག་དང་འཇིགས་སྐུལ། རྒོལ་རྡུང་། ཁྲིམས་ཆད། མནར་གཅོད་སོགས་བརྒྱུད་མྱོང་བ་རེད།  ཁྱེད་རང་ཚོ་ཁག་ཅིག་ལ་ང་ཚོས་རོགས་རམ་བྱས་ཏེ་དཀའ་ངལ་ལས་ཐར་ཡོད་པ་རེད། ཁྱེད་རང་ཚོས་རང་ཉིད་ཀྱི་མི་ཚེ་ལ་གདོང་ལེན་བྱས་པ་ནི་ཧ་ལས་པའི་ཡག་པོ་རེད་ལ། ཁྱེད་རང་ཚོའི་ནང་མི་ཚོ་སྤོབས་པ་སྐྱེ་ཡི་ཡོད་པ་མ་ཟད། ང་ཚོའི་རྒྱལ་ཁབ་ཀྱང་སྤོབས་པ་སྐྱེ་ཡི་ཡོད་ལ།  ཁྱེད་རང་ཚོའི་རྒྱལ་ཁབ་ཡང་སྤོབས་པ་སྐྱེ་ཡི་ཡོད་པ་རེད། ད་ལྟ་ཁྱེད་རང་ཚོ་ཚང་མ་འཛམ་གླིང་ཡུལ་གྲུ་གང་སར་ཆོས་དད་རང་དབང་གལ་ཆེན་ཡིན་པའི་དཔང་མི་ཆགས་པ་རེད། ཅེས་གསུངས་འདུག

ཡང་ཨ་རིའི་ཆོས་དད་རང་དབང་གི་སྐོར་ལ་ཊོམ་ཕུ་མཆོག་གིས། ད་ལོ་ང་ཚོས་ཆོས་དད་རང་དབང་གི་ལྷན་ཚོགས་ཐེངས་གཉིས་པ་དེ་ཚོགས་བཞིན་ཡོད་ལ། འདིར་རྒྱབ་ལྗོངས་མི་འདྲ་བའི་མི་མང་པོ་ལྷན་དུ་འཛོམས་ཏེ། ང་ཚོས་ཁོ་ཚོར་རོགས་རམ་ཇི་ལྟར་བྱེད་དགོས་སྐོར་ལ་ཐབས་ལམ་མང་པོ་རག་གི་འདུག ཨ་རིར་ཆ་མཚོན་ན། ང་ཚོའི་ཐོབ་ཐང་ནི་དཀོན་མཆོག་ནས་ཡོང་གི་ཡོད་པ་ལས་གཞུང་ནས་ཡོང་གི་མེད་པས། ང་ཚོའི་གཞི་རྩའི་ཐོབ་ཐང་ལས་ཆོས་ལུགས་ཀྱི་ཐོབ་ཐང་ནི་ཨང་དང་པོ་ཆགས་ཀྱི་ཡོད། ང་ཚོ་ཚང་མ་རང་ཉིད་ཀྱི་བསམ་བློའི་རྗེས་སུ་འབྲང་བ་དང་ཆོས་ལུགས་ཀྱི་བཀའ་དབང་འོག་གནས་མིན་གྱི་ཐོབ་ཐང་ཡོད། ང་ཚོས་ཤེས་གསལ་ལྟར། གལ་སྲིད་མི་མང་ལ་ཆོས་ལུགས་རང་དབང་མེད་པ་ཡིན་ན། རང་དབང་ལ་སྙིང་པོ་མེད་པ་མ་ཟད། རང་དབང་གཞན་ཚང་མ་ཉེན་ཁའི་ནང་ལྷུང་ཡོད།  དེར་བརྟེན། ཨ་མི་རི་ཁ་ཆོས་ལུགས་རང་དབང་སྲུང་སྐྱོབ་ཐད་རྩ་བ་ནས་ཐང་ཆད་མྱོང་མེད་ལ། ངས་བསམ་ན་ཨ་རིའི་སྲིད་འཛིན་སུས་ཀྱང་ང་ནང་བཞིན་ནན་ཏན་བྱས་མི་འདུག ངས་ཆོས་དད་རང་དབང་ནི་ཧ་ཅང་གལ་ཆེན་དུ་བརྩི་བཞིན་ཡོད། དེ་བས་དེ་རིང་འདིར་འཛོམས་པའི་མི་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཆོས་ལུགས་འདྲ་མིན་གྱི་སྡུག་སྦྱོང་མྱོང་མཁན་རྣམ་པས་སྲིད་འཛིན་མཆོག་ལ་གནས་སྟངས་ངོ་སྤྲོད་དང་སྦྲགས་ཨ་རིས་རོགས་མགོན་གནང་བའི་འབོད་སྐུལ་ཞུ་སྐབས། འབར་མའི་ཡེ་ཤུའི་ཆོས་ལུགས་ཀྱི་སྐུ་ཚབ་སྐྱེས་པ་ཞིག་གིས། འབར་མའི་དྲག་དམག་སྲིད་གཞུང་གི་དྲག་གནོན་འོག ཡེ་ཤུའི་ཆོས་ལུགས་པ་མང་པོར་ཆོས་དད་རང་དབང་མེད་པས། ཨ་རིའི་གཞུང་ནས་འབར་མའི་གྲངས་ཉུང་མི་རིགས་ཀྱི་ཚོགས་སྡེ་ཁག་ལ་རྒྱབ་སྐྱོར་གནང་སྟེ། ཁོ་ཚོར་དམངས་གཙོ་དང་དྲང་བདེན་གྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་པའི་རེ་བ་ཞུ་ཡི་ཡོད་སྐོར་དང་། དེ་བཞིན། ཕྱི་ཚེས་ ༡༦ ཉིན་ཨ་རིའི་གཞུང་གིས་འབར་མའི་དྲག་དམག་སྲིད་གཞུང་གི་མགོ་འཁྲིད་འགའ་ལ་རོ་ཧིན་གྷ་ཡ་གྲངས་ཉུང་མི་རིགས་ལ་གཉའ་གནོན་དང་ཐུབ་ཚོད་བཏང་བའི་ཉེས་མིང་འོག་ཁྲིམས་ཆད་བཏང་བར་ཐུགས་རྗེ་ཆེ་ཞུས་སོང་།སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས། བོད་ནང་གི་བོད་མི་ཚོར་ཨ་རིའི་རྒྱབ་སྐྱོར་དགོས་པ་དང་།  ༧གོང་ས་མཆོག་ཕྱིར་བོད་ལ་ཕེབས་པར་རྒྱབ་སྐྱོར་གནང་རོགས། ད་ལན་ང་ཚོ་ལྷན་དུ་འཛོམས་བཅུག་སྟེ་སོ་སོའི་ལོ་རྒྱུས་བཤད་རེས་བྱེད་པའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ། ཞེས་ཞུས་པར། སྲིད་འཛིན་ཊོམ་ཕུ་མཆོག་གིས། ཐུགས་རྗེ་ཆེ། ཁོང་ལ་འཚམས་འདྲི་ཞུ་རོགས། ཅེས་གསུངས་སོང་།

ཡང་རྒྱ་ནག་ནས་ཡིན་པའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་བུད་མེད་ཅིག་གིས། ད་ལྟ་མོའི་བཟའ་ཟླ་རྒྱ་ནག་གི་བཙོན་ཁང་ཞིག་ཏུ་ཡོད་པ་དང་། ཁོ་དབང་པོ་གསོན་བཀོག་གི་གནས་སྟངས་འོག་ལྷག་ཡོད་པས། ཨ་རིས་མགྱོགས་མྱུར་ངང་རོགས་རམ་གནང་དགོས་པ་དང་། ཚིག་ཙམ་དང་ཁྲིམས་ཆད་བསྒྲགས་པ་ཙམ་གྱིས་ཡོང་གི་མེད་སྟབས། ལག་ལེན་གྱི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་ཚོར་ཁྲིམས་ཆད་གཅོད་དགོས་སྐོར་ཞུས་སོང་།

པཱ་ཀི་སི་ཐན་གྱི་ཡེ་ཤུའི་ཆོས་ལུགས་ཀྱི་སྐུ་ཚབ་སྐྱེས་པ་ཞིག་གིས། པཱ་ཀི་སི་ཐན་གྱི་སྲིད་བློན་མི་འགྱངས་བར་ཨ་རིར་ཡོང་གི་ཡོད་པས། སྐབས་དེར་སྲིད་འཛིན་ཊོམ་ཕུ་མཆོག་ནས་པཱ་ཀི་སི་ཐན་ནང་ཡེ་ཤུའི་ཆོས་ལུགས་པར་གཉའ་གནོན་མཚམས་འཇོག་གི་སྐུལ་མ་ངེས་པར་དུ་གནང་དགོས་པའི་འབོད་སྐུལ་ཞུས་སོང་བ་དང་། དེའི་རྗེས་བྷ་ལ་ཌེ་ཤིའི་ཆོས་ལུགས་ཀྱི་སྐུ་ཚབ་པས། བྷང་ལ་ཌེ་ཤིའི་ནང་ཧིན་རྡུ་དང་ཁ་ཆེ། ནང་པ་སོགས་མི་གྲངས་ས་ཡ་ ༣༧ ལྷག་རྩ་མེད་བཏང་སོང་བས། ད་ལྟ་བྷ་ལ་ཌེ་ཤིའི་ནང་གྲངས་ཉུང་མི་རིགས་ས་ཡ་ ༡༨ ཙམ་ཡོད་པ་དག་ལ་སྲུང་སྐྱོབ་གནང་བའི་རེ་སྐུལ་ཞུས་སོང་།

ཡུ་གུར་མི་རིགས་ཀྱི་སྐུ་ཚབ་བུད་མེད་ཅིག་གིས། རྒྱ་ནག་གི་བསམ་བློའི་བཅོས་སྒྱུར་ཁང་དུ་ཡུ་གུར་མི་མང་ས་ཡ་ ༣ ཙམ་བཀག་ཉར་བྱས་ཡོད་པའི་ཁྲོད་མོའི་པ་ལགས་ཀྱང་ཡོད་པ་དང་། མོའི་པ་ལགས་སུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་སོང་བ་དང་། བྱང་ཀོ་རི་ཡའི་སྐུ་ཚབ་ཀྱིས། བྱང་ཀོ་རི་ཡའི་མི་མང་ལ་ཆོས་དད་རང་དབང་མེད་པ་མ་ཟད། ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འཇུག་པ་ཡིན་པའི་རྐྱེན་གྱིས་ཁོའི་ཁྱིམ་མི་ཚང་མ་བཙོན་འཇུག་བྱས་ཡོད་པས། བྱང་ཀོ་རི་ཡའི་ཆོས་དད་རང་དབང་གི་དཀའ་ངལ་སེལ་ཐབས་དགོས་པའི་རེ་སྐུལ་ཞུས་སྐབས། ཊོམ་ཕུ་མཆོག་གིས། ངས་ཤེས་ཀྱི་ཡོད། དེ་ངེས་པར་དུ་བསྒྲུབ་ཀྱི་ཡིན། ཞེས་གསུངས་སོང་།ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་ཨི་རག་གི་སྐུ་ཚབ་ལྕམ་ནཱ་ཌི་ཡ་མོ་རཱ་ཌི་(Nadia Murad)ལགས་ཀྱིས།  མོའི་ནང་མི་ཚང་མ་བཙོན་འཇུག་བྱས་ཏེ། ད་ལྟ་ཁོ་ཚོ་སྲུང་སྐྱོབ་བྱེད་མཁན་གཅིག་ཀྱང་མེད་སྐོར་དང་། ཕྱི་ལོ་ ༢༠༠༣ ལོ་ནས་ཨི་རག་ནང་མི་མང་པོ་ཞིག་བོར་བརླག་ཕྱིན་མགོ་བརྩམས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་འཇིགས་སྐུལ་ཚོགས་པས་མོའི་སྤུན་མཆེད་བུ་དྲུག་དང་ཨ་མ་བཅས་བསད་ཡོད་སྐོར་སོགས་ཞུས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

སྐར་མ ༥༧ སྔོན་ལ།
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༢ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༢ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    མ་བཟང་གི་བུ་མོ་ཐུགས་རྗེ་ཆེ་བཀྲིན་ཆེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་
    བ་གསུམ་དང་ཨ་རི་དོན་གཅོད་དང་བོད་དོན་ལས་འགུལ་ཁང་སོགས་ད་ལྟ་བར་
    ག་པར་གཉིད་ཤོར་བ་ཡིན་ནམ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese